དབུ་ཤོག>ཆེད་སྒྲིག
  • ཏང་གི་ལོ་རྒྱུས་རྟག་ཏུ་བསྐྱར་དྲན་བྱེད། ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    ཀྲུང་གོ་གུང་ཁྲན་ཏང་གི་རྨང་གཞིའི་ཤེས་བྱ། (10)

    【ཏང་ཡོན་གྱི་ལྟ་སྐུལ་འོས་འགན】

    ཏང་ཡོན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་ཡོན་གྱི་དབང་ཆ་ཧུར་ཐག་སྤྱོད་པ་དང་གཤམ་གསལ་གྱི་ལྟ་སྐུལ་འོས་འགན་སྒྲུབ་དགོས་པ་སྟེ།

    གཅིག ཏང་གི་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ལ་མང་ཚོགས་ཀྱི་བསམ་འཆར་དང་རེ་ཞུ་དུས་ཐོག་ཏུ་ཞུ་དགོས།

    གཉིས། ཏང་གི་ཚོགས་འདུའི་ཐོག་གཞི་འཛིན་ས་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་ལ་སྐྱོན་བརྗོད་བྱེད་པ་དང་ལས་ཀའི་ཁྲོད་གནས་པའི་མི་འདང་ས་དང་གནད་དོན་ཐེར་འདོན་དང་ཡོ་བསྲང་བྱེད་དགོས།

    གསུམ། ཏང་རྩ་འཛུགས་ཀྱིས་སྤེལ་བའི་འགོ་ཁྲིད་ལས་བྱེད་པར་དཔྱད་མོལ་བྱེད་པའི་བྱེད་སྒོར་ཞུགས་སྐབས་འགལ་ཟླ་དང་གནད་དོན་ལ་གཏུག་ཕོད་པ་དང་མི་འདང་ས་དང་ནོར་འཁྲུལ་འདོན་ཕོད་པ་བྱས་ཏེ། ནོར་འཁྲུལ་གྱི་གཏམ་སྤྱོད་ལ་གཏུག་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ་དགོས།

    བཞི། ཏང་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་ཞིག་གི་སྒྲིག་འགལ་ཁྲིམས་འགལ་གྱི་དོན་དངོས་ཐེར་འདོན་དང་ཉེས་འདོན་བྱས་ནས་ཤོག་ཁག་གི་བྱེད་སྤྱོད་དང་ཚོགས་པ་ཆུང་ངུའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།

    【ཏང་ཡོན་ལ་ལྡན་པའི་དབང་ཆ】

    1.ཏང་གི་འབྲེལ་ཡོད་ཚོགས་འདུར་ཞུགས་ནས་ཏང་གི་འབྲེལ་ཡོད་ཡིག་ཆ་ཀློག་པ་དང་ཏང་གི་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱེད་པ།

    2.ཏང་གི་ཚོགས་འདུ་དང་ཏང་གི་ཚགས་པར་དང་དུས་དེབ་ཐོག་གི་ཏང་གི་སྲིད་ཇུས་གནད་དོན་སྐོར་གྱི་གྲོས་བསྡུར་ལ་ཞུགས་པ།

    3.ཏང་གི་ལས་དོན་ལ་གྲོས་འགོ་དང་གྲོས་གཞི་འདོན་པ།

    4.ཏང་གི་ཚོགས་འདུའི་ཐོག་གཞི་འཛིན་ས་ཡོད་པའི་སྒོ་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་ལ་སྐྱོན་བརྗོད་བྱེད་པ་དང་། ཏང་ལ་འགན་འཁུར་བའི་ཐོག་ནས་ཏང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་གི་ཁྲིམས་འགལ་སྒྲིག་འགལ་གྱི་དོན་དངོས་ཐེར་འདོན་དང་ཉེས་འདོན་བྱེད་པ། སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་ལ་ཆད་གཅོད་བྱ་རྒྱུའི་རེ་བ་འདོན་པ་དང་ལས་འགན་འཁུར་མ་ཐུབ་པའི་ལས་བྱེད་པ་གནས་དབྱུང་གཏོང་བ་དང་བརྗེ་པོ་རྒྱག་པའི་རེ་བ་འདོན་པ།

    5.བརྡས་ཐག་གཅོད་དབང་དང་འདེམས་བསྐོའི་དབང་ཆ་ལག་བསྟར་བྱེད་པ་དང་གདམ་བྱའི་དབང་ཆ་ཡོད་པ།

    6.ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གྲོས་བསྡུར་གཏན་འབེབས་བྱེད་པའམ་ཡང་ན་དཔྱད་སྡོམ་བྱེད་སྐབས་མི་སྒེར་གསལ་བཤད་ནང་ཞུགས་དབང་ཡོད་པ། ཏང་ཡོན་གཞན་དག་གིས་དེའི་དཔང་པོ་བྱེད་པ་དང་དག་འབུད་བྱེད་ཆོག

    7.ཏང་གི་གྲོས་ཆོད་དང་སྲིད་ཇུས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། མཐའ་གཅིག་ཏུ་ལག་བསྟར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གསོར་ཉར་གྱི་གསལ་བསྒྲགས་བྱེད་ཆོག་པ་མ་ཟད། རང་ཉིད་ཀྱི་བསམ་འཆར་ཏང་གི་གོང་རིམ་རྩ་འཛུགས་དང་ཀྲུང་དབྱང་ལ་འདོན་ཆོག

    8.ཏང་གི་གོང་རིམ་རྩ་འཛུགས་དང་ཀྲུང་དབྱང་ལ་རེ་ཞུ་དང་། བསྐྱར་ཞུ། ཁྲིམས་སྦྱོར་རེ་ཞུ་འདོན་ཆོག་པ་མ་ཟད། འབྲེལ་ཡོད་རྩ་འཛུགས་ལ་འགན་འཁུར་བའི་ལན་རྒྱག་དགོས་པའི་རེ་བ་འདོན་ཆོག ཏང་གི་རིམ་པ་དང་པོའི་རྩ་འཛུགས་གང་རུང་དང་ཀྲུང་དབྱང་ལ་ཏང་ཡོན་གྱི་གོང་གསལ་གྱི་དབང་ཆ་འཕྲོག་དབང་མེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།