དབུ་ཤོག>ཆེད་སྒྲིག
  • འབད་འཐབ་པའི་གོམ་སྟབས་ནམ་ཡང་མཚམས་མི་འཇོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    མང་ཚོགས་གང་དུ་ཡོད་ན་ཞབས་ཞུ་དེ་གར་ཡོད་ལ། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོའང་དེ་གར་རྩ་བ་ཚུགས་ཀྱི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གུང་ཁྲན་ཏང་མི་མི་རབས་མང་པོས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཀུན་ལ་ཡོད་རིགས་དོར་བ་དང་ཀུན་ལ་ལོངས་སུ་སྤྱོད་རྒྱུ་ཡོད་རིགས་རྒྱབ་ཏུ་སྐྱུར་བ། བྱང་ཐང་ས་མཐོར་རྩ་བ་ཚུགས་ནས་བློ་བརྟན་འགྱུར་མེད་ཀྱིས་དཀའ་སྤྱད་འབད་འཐབ་བཅས་བྱས་ནས་རྗེས་ལུས་ཀྱི་ནག་ཆུ་དེ་འོད་མདངས་འཚེར་བའི་མུ་ཏིག་ཅིག་དང་མི་མེད་ལུང་སྟོང་གི་བྱང་རྩྭ་ཐང་དེ་གཅེས་སུ་འོས་པའི་ཁྱིམ་གཞིས་ཤིག་ཏུ་བསྐྲུན་ཡོད། བཅར་འདྲི་བྱེད་རིང་། ཀོ་ལུག་གྲོང་རྡལ་གྱི་ཀྲེན་ཀྲང་ཚུའེ་གོ་ཆིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ལྔར་ཕྱིར་དྲན་བྱེད་སྐབས། “བརྒྱུད་རིམ་ནི་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཡིན་མོད། ད་ཆ་གནོང་འགྱོད་ཅི་ཡང་མི་འདུག ‘བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད’ཅེས་པ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད”ཅེས་བཤད། རེད་དེ། བོད་ལ་བཅིངས་འགྲོལ་གཏོང་བ་དང་མི་རིཌ་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་གུང་ཁྲན་ཏང་མི་གྲངས་མེད་ཅིག་གིས་སྒེར་དོན་མི་བསམ་པ་དང་། ཁེ་ཕན་མི་བསམ་པ། གཟི་བརྗིད་མི་བསམ་པ་བཅས་ཀྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་དཀའ་སྤྱད་བློས་གཏོང་བྱས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གུང་ཁྲན་ཏང་ཡོན་ཚང་མར་འདི་ལྟ་བུའི་གོ་རྟོགས་དང་འགན་འཁྲི་འཁུར་སེམས་ཡོད་དགོས།

    “བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད”སྔོན་བྱོན་པ་ཚོས་བཏོད་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་དུ་མི་རབས་ནས་མི་རབས་ཀྱིས་མེ་སྟག་རྒྱུན་འཛིན་བྱེད་བཞིན་ཡོད་པས། བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས་མདུན་ཕྱོགས་སུ་དེ་བས་ཀྱང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།