དབུ་ཤོག>ཆེད་སྒྲིག
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང་། 《སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་མདོར་བསྡུས》《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》བཅས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-09-06

    ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་དྲིལ་བསྒྲགས་པུས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་རྩོམ་སྒྲིག་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང་། 《སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་མདོར་བསྡུས》 《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》བཅས་དངོས་སུ་དཔེ་སྐྲུན་ཟིན་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་མདོར་བསྡུས》དང་། 《སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་མདོར་བསྡུས》 《སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་མདོར་བསྡུས》བཅས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་ལ་ཕྱོགས་ནས“ལོ་རྒྱུས་བཞིའི”དྲིལ་བསྒྲགས་སློབ་གསོ་སྤེལ་བའི་སློབ་དེབ་གལ་ཆེན་ཞིག་ཀྱང་ཡིན། 

    ལོ་རྒྱུས་མདོར་བསྡུས་ཀྱི་དེབ་གསུམ་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གང་ལེགས་མངོན་པ། རང་རེའི་ཏང་གི་ལོ་རྒྱུས་གནད་དོན་སྐོར་གྱི་གྲོས་ཆོད་གཉིས་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་གཞི་འཛིན་སར་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ངོ་70ལྷག་ཙམ་རིང་འབད་འཐབ་ཧུར་ཐག་བྱས་པའི་ལོ་རྒྱུས་ཡང་དག་དང་། གཏིང་ཟབ། ཁ་གསལ་བཅས་ཀྱི་སྒོ་ནས་གསལ་བཤད་བྱས་པ་དང་། རང་རྒྱལ་གྱིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་རིང་གི་རླབས་ཆེའི་ལག་ལེན་ལོ་རྒྱུས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལོ་ངོ་500ལྷག་ཙམ་རིང་འཚོལ་བཤེར་བྱས་པའི་འཕེལ་རྒྱས་ལོ་རྒྱུས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོར་དེ་བས་ལེགས་པའི་སྒོ་ནས་ལོ་རྒྱུས་སློབ་སྦྱོང་དང་གོ་བ་ལེན་པ་དང་ཡང་དག་པའི་ལོ་རྒྱུས་ལྟ་བ་འཛུགས་རོགས་བྱས་ཏེ། དེ་བས་རང་རྟོགས་ངང་ལོ་རྒྱུས་དཔྱད་གཞིར་འཛིན་ནས་འབྱུང་འགྱུར་གཏོད་རྒྱུ་མཐའ་འཁྱོངས་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།