དབུ་ཤོག>ཆེད་སྒྲིག
  • ལོ་ངོ་བདུན་ཅུའི་འཕོ་འགྱུར་ཆེན་པོ་ལས། འཇོན་དོན་འགྲིག་དོན་ཡག་དོན་གསལ་འགྲེལ་བྱེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-09-05

    1006191_yis_1630771200000_s.jpg

    འདི་ནི་ཟླ་8ཚེས་19ཉིན་པར་བླངས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་རྣམ་པ་ཡིན་པ།

    1006195_yis_1630771200000_s.jpg

     འདི་ནི་ཟླ་6ཚེས་19ཉིན་པར་བླངས་པའི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཁོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཁྱུང་གླིང་གྲོང་ཚོ་ཡིན་པ།

    1006199_yis_1630771200000_s.jpg

     འདི་ནི་བོད་ཀྱི་མང་ཚོགས་ཚོའི་ངོ་གདོང་ལས་འཕྱུར་བའི་དགའ་བའི་འཛུམ་མདངས་ཡིན་པ།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག “སའི་གོ་ལའི་ཡང་རྩེར”ལོ་རྒྱུས་ཟམ་མི་ཆད་པར་བྲིས་པ་སྟེ། བོད་ལྗོངས་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་ཕྱི་རོལ་ཕྱོགས་གཏོགས་ཀྱི་རེ་ངན་རྦད་དེ་ཐལ་བའི་རྡུལ་དུ་བརླགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱས་པ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་འགྲོ་ལམ་གསར་རྐྱང་ཞིག་བཏོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ནས། བོད་ལྗོངས་དར་རྒྱས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་པ་བཅས་བྱས་པ་རེད།

    ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་། མར་ཁེ་སི་རིང་ལུགས་འགྲིག་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་བཅས་ཀྱི་ཐད། གངས་ལྗོངས་ས་མཐོའི་ལོ་ངོ་70ཡི་བརྗིད་ཆེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱིར་མིག་བལྟས་ཏེ་མི་རྣམས་ཀྱིས“འཇོན་དོན་དང་། འགྲིག་དོན། ཡག་དོན”བཅས་གསུམ་ལ་གོ་བ་གཏིང་ཟབ་ལེན་ཆེད“འཛམ་གླིང་ཡང་རྩེའི”“རྒྱུགས་ལན”ཞིག་ཕུལ་ཡོད།

    མི་དམངས་ལྟེ་བར་འཛིན་པ།

    ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད།

    གཞིས་རྩེའི་རྒྱལ་རྩེ་བོད་ཀྱི“དཔའ་བོའི་གྲོང”

    མཐོ་ཞིང་བརྗིད་པའི་རྒྱལ་རྩེ་རྫོང་རིའི་མཁར་རྫོང་གིས་བོད་ཀྱི་མི་དམངས་ཀྱིས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་དབྱིན་ཇི་བཙན་འཛུལ་པར་འགོག་རྒོལ་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་བྱ་སྤྱོད་རླབས་ཆེན་ལ་དཔང་པོ་བྱས་ཡོད། བཙན་འཛུལ་བས་བྲིས་པའི་དམག་དོན་ས་བཀྲ་རེ་རེར་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཧམ་བཟུང་བྱེད་རེ་བྱེད་པའི་ལྐོག་གཡོ་བཀོད་ཡོད།

    གནའ་བོའི་མཁར་རྫོང་འདབས་ཀྱི་ཕ་ལྷ་གཞིས་ཀ་ནི་མིག་སྔར་བོད་དུ་ཉར་ཚགས་ཆ་ཚང་ཤོས་ཀྱི་སྐུ་དྲག་གི་གཞིས་ཀ་འབའ་ཞིག་དེ་རེད། དེ་ལས་སྤྱི་ཚོགས་རྙིང་པའི་མངའ་བདག་གི་བག་མེད་ལོངས་སྤྱོད་ཀྱི་འཚོ་བ་དང་ཞིང་བྲན་གྱི་ཡ་ང་བའི་ལས་དབང་གཉིས་བསྡུར་བ་མངོན་གསལ་དོད་པོ་བྱུང་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་གང་ལེགས་མངོན་ཡོད།

    འདས་དོན་ལ་ཕྱིར་དྲན་བྱེད་སྐབས། རྒྱལ་རྩེ་རྫོང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་བགྲེས་སོང་སྟོབས་རྒྱལ་གྱིས“གུང་ཁྲན་ཏང་གིས་བོད་ལྗོངས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལས་ཐར་དུ་བཅུག་པ་དང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་བཏང་ནས། ས་མཐོའི་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་སྔ་རྗེས་སུ་བཙན་རྒྱལ་རིང་ལུགས་ཀྱིས་བོད་ས་གནས་ཀྱི་ཁ་ཕྲལ་ཕྱོགས་གཏོགས་དང་ངན་པ་ལག་སྦྲེལ་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་བོད་ལྗོངས་ཀྲུང་གོ་ནས་ཁ་ཕྲལ་གཏོང་བའི་རེ་ངན་བཅངས་པ་རེད།

    1949ལོའི་ཟླ་9ཚེས་2ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས《ཕྱི་རྒྱལ་བཙན་འཛུལ་བས་ཀྲུང་གོའི་མངའ་ཁོངས—བོད་ལྗོངས་ཁྱུར་མིད་གཏན་ནས་གཏོང་དུ་འཇུག་མི་རུང》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་བརྗོད་སྤེལ་བ་རེད། ལོ་དེའི་ཟླ་12པར་ཀྲུའུ་ཞི་མའོ་ཙེ་ཏུང་གིས“བོད་ལ་དཔུང་སྐྱོད་སྔ་ཙམ་བྱེད་པ་ལས། ཕྱི་དྲགས་རྒྱུ་མེད་པའི”འཐབ་ཇུས་བཀོད་སྒྲིག་གནང་ནས་བོད་ལ་བཅིངས་འགྲོལ་གཏོང་འགོ་ཚུགས་པ་རེད།

    ཆབ་མདོའི་གཡུལ་འགྱེད་དང་གྲོས་མོལ་ཡང་ཡང་བྱས་པ་བརྒྱུད། 1951ལོའི་ཟླ་5ཚེས་23ཉིན《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བརྗོད)པེ་ཅིང་དུ་བཞག་པ་རེད།

    འོན་ཀྱང་བོད་ཀྱི་ལོག་སྤྱོད་མཐོ་རིམ་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་དང་ལག་ཡོད་དབང་ཆ་དང་རྒྱུ་ནོར་ནམ་ཡང་གནས་པའི་རེ་ངན་བཅངས་ཏེ། 1959ལོའི་ཟླ་3ཚེས་10ཉིན་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། ཀྲུང་དབྱང་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་བོད་ཀྱི་མི་དམངས་དང་མཉམ་དུ་ངོ་ལོག་ཟིང་འཁྲུག་མཐའ་གཅིག་ཏུ་ཞོད་འཇགས་བཏང་བ་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག གངས་ལྗོངས་ས་མཐོར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོ་བའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་སྤེལ་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་བསྟུན་ནས་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས“འཛམ་གླིང་ཡང་རྩེར”འབད་འཐབ་བྱས་ཏེ“ལམ་གཉིས”ཀྱི་སྙིང་སྟོབས་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “བོད་སྐྱོར་སྙིང་སྟོབས”བཅས་སྐྱེད་སྲིང་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་མ་ལག་ལ་འོད་སྟོང་འཕྲོ་བའི་ནང་དོན་བསྣན་ཡོད་ལ། གངས་ལྗོངས་ས་མཐོའི་འབད་འབུངས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོའང་སྦྱིན་ཡོད།

    འབད་འཐབ་བྱེད་རིང་བློས་གཏོང་བྱེད་དགོས་པ་ནི་ལྡོག་མེད་ཅིག་རེད། ཁ་གཏད་བོད་སྐྱོར་ལག་བསྟར་བྱས་ཚུན་བོད་སྐྱོར་ལས་བྱེད་པ་16གིས་རང་སྲོག་བློས་བཏང་ཡོད། 2020ལོར་བོད་དུ་ལས་གནས་ཐོག་རང་སྲོག་ཤོར་བའི་གཞུང་ལས་པ་60ལྷག་ཙམ་ཡོད་པ་རྣམས་ནི་ཞི་བདེའི་དུས་སྐབས་སུ་རང་སྲོག་མང་ཤོས་ཤོར་བའི་ཚོགས་སྤྱིའི་གྲས་ཤིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིང་བའི་གོང་བོད་ལ་རྟོག་ཞིབ་གནང་སྐབས། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་འབད་བརྩོན་བྱས་པས། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་གསུངས་པ་རེད།

    བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ནས་ར་འཕྲོད་བྱུང་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་པིང་དང་། ཀྲའེ་ཡུང་ཀོན། ཀྲང་ཅིང་ཕིང་།)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།