ཉེ་ཆར། ཁྲེང་ཀོན་ཆུས་མི་དམངས་དྲག་ཆས་པུའུ་ཡིས་ཁྲེང་ཀོན་ཆུས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་དོན་གཅོད་ཁང་གི་འགན་འཁུར་བ་དང་མཉམ་དུ་བྱས་རྗེས་རིམ་པ་གཉིས་པ་བཞག་མཁན་གུ་རུ་རྒྱལ་མཚན་གྱིས་བྱས་རྗེས་བཞག་པའི་གཏམ་བཟང་དང་། བྱས་རྗེས་རིམ་པ་གཉིས་པ་འཇོག་མཁན་ཁྱིམ་ཚང”གི་སྒོ་བྱང་དང་འཚམས་འདྲིའི་དངུལ་ཁོང་གི་ཕ་མའི་སར་བསྐྱལ་བ་རེད།
གུ་རུ་རྒྱལ་མཚན་2001ལོའི་ཟླ་9པར་དམག་དཔུང་ལ་ཞུཌ་ཤིང་། ད་ཆ་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དབང་རྩའི་ཚན་ཁག་གི་གཙོ་བཅོས་སྨན་པ་དཀའ་བཅུ་པ་ཞིག་རེད།
2006ལོར་ལས་ཀར་ཞུགས་པ་ནས་བཟུང་ཁོང་གིས་སྨན་པ་ཞིག་གི་འགན་འཁྲི་དང་ལས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཅངས་ནས་རང་འཁྲིའི་ལས་ཀ་ཧུར་ཐག་བྱས་པས་དུས་ཡུན་རིང་པོའི་དཀའ་སྤྱད་ཚད་མེད་ཀྱི་ལས་ཀའི་ཁྲོད་སྤྱོད་ཚུལ་ཏན་ཏིག་དང་རྩེར་སོན་གྱི་ལག་རྩལ་སྦྱངས་ཐུབ་ཡོད།
སྔ་རྗེས་སུ་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་པ་དང་། 2019ལོར“ཀྲུང་གོའི་ཕུལ་བྱུང་སྨན་པ་དཀའ་བཅུ་པ”དང“ཚན་ཞིབ་སློབ་ཁྲིད་གི་དཔེ་དམག”ལ་བདམས་པ་དང“དམག་གཅེས་རྩལ་མཁས་དཔེ་དམག”ལ་ཡང་ཐེངས་མང་བདམས།
2020ལོའི་ཟླ་8པར། བོད་དམག་ཁུལ་ཁང་གི་འཕྲིན་གཏོང་ལུའེ་ཤོག་ཅིག་གི་དཔོན་དམག་གཉིས་ལས་ཀ་བྱེད་སྐབས་བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ་དང་དེའི་ནང་གི་དཔོན་དམག་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་མྱུར་སྐྱོབ་བྱ་རྒྱུར་བསྐྱལ། རོགས་སྐྱོབ་རེ་ཞུ་འབྱོར་རྗེས་སྨན་ཁང་གིས་གུ་རུ་རྒྱལ་མཚན་ཆེད་མངགས་རོགས་སྐྱོབ་གཤགས་བཅོས་བྱེད་པར་བཏང་ནས་ཤི་གསོན་དང་འཐབ་རྩོད་བྱེད་འགོ་ཚུགས། གུ་རུ་རྒྱལ་མཚན་གྱིས་ཉེན་ཁར་མ་འཛེམ་པར་ལས་འགན་དང་ལེན་བྱས་ཏེ་དྲན་པ་ཐོར་བ་དང་འཆི་ཁར་ཐུག་པའི་རྨས་མར་རྨས་སྐྱོན་ཕོག་ཚུལ་གཏན་འཁེལ་ཡང་དག་བྱས་ནས་འཕྲལ་ཐག་ཆོད་པོས་བརྟག་དཔྱད་པ་མ་ཟད། འབྲེལ་ཡོད་སྨན་བཅོས་ཀྱང་བྱས་པ་རེད།
ཆུ་ཚོད་གཉིས་ལྷག་ཙམ་མྱུར་སྐྱོབ་བྱས་པ་བརྒྱུད། གཤགས་བཅོས་ལམ་ལྷོངས་བྱུང་བ་དང་གུ་རུ་རྒྱལ་མཚན་ཡང་གཞི་ནས་ལྷོད་ལ་བབས།
གཤགས་བཅོས་བྱེད་རིང་གི་གནས་ཚུལ་དག་ཕྱིར་དྲན་བྱེད་སྐབས། ཁོང་གིས་ཁེངས་སྐྱུང་གི་སྒོ་ནས་ངས་རང་ནུས་གང་ཡོད་བཏོན་ནས་དཔོན་དམག་གི་ན་ཟུག་ཆུང་དུ་གཏོང་གང་ཐུབ་བྱས་པ་ཡིན། དེ་ནི་སྨན་པ་ཞིག་དང་དམག་མི་ཞིག་གིས་བྱེད་འོས་པའི་ལས་ཀ་ཞིག་རེད་ཅེས་བཤད།
ལས་རོགས་དང་ནད་པ་རྣམས་ཀྱིས་གུ་རུ་རྒྱལ་མཚན་ལ་གཤགས་གཅོད་མཁས་པ་དང་། བློ་སྟོབས་ལྡན་པ། ཤེས་རྒྱ་ཆེ་བ་མ་ཟད། ད་དུང་འགན་འཁྲིའི་བསམ་པ་ཡང་ཆེན་པོ་ལྡན་པའི་གདེང་འཇོག་བྱེད་ཀྱི་ཡོད།
ལས་ཀའི་ཁྲོད་ཁོང་གིས་ནད་པ་རང་གི་གཉེན་ཉེར་བརྩི་བ་དང་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་དེ་ཚེ་གང་གི་ལས་འགན་ལ་བརྩིས་ཏེ་ལྷག་བསམ་རྣམ་དག་གིས་སྨན་པས་ནད་པར་འཆང་བའི་བརྩེ་སེམས་མཚོན་པར་བྱས་ནས་ནད་པའི་ཚེ་སྲོག་སྲུང་སྐྱོང་བྱེད་ཀྱི་ཡོད།
ལས་ཀར་ཞུགས་རྗེས་ཁོང་གིས་ནག་ཆུའི་གངས་འགོག་གེགས་སེལ་དང་། གྲོ་མོ་དང་མཚོ་སྔོན་ཡུལ་ཤུལ་གྱི་ཡོམ་འགོག་གེགས་སེལ་སོགས་སྨན་བཅོས་རོགས་སྐྱོབ་བྱེད་སྒོ་གལ་ཆེན་ནང་ཞུགས་རྒྱུའི་མིང་ཐོ་བཀོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་པའི་བྱམས་བརྩེ་དང་ལེགས་སྐྱེས་འབུལ་བའི་སྤྱོད་ཚུལ་མངོན་པར་བྱས་ཡོད།
2020ལོའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ཁོང་གིས་སྔོན་ལ་ཏང་རྩ་འཛུགས་ལ“དམག་འཐབ་ནང་ཞུགས་རྒྱུའི་ཞུ་ཡིག”ཕུལ་ནས་ཧུའུ་པེར་རོགས་སྐྱོར་བྱེད་པའི་ལས་འགན་ནང་ཞུགས་རྒྱུའི་རེ་ཞུ་བྱས་པ་དེ་ཐོག་ནས་ཏང་ཡོན་དང་དམག་མི་ཞིག་གི་འགན་འཁྲི་འཁུར་སེམས་མཚོན་ཡོད།
གུ་རུ་རྒྱལ་མཚན་གྱི་བུ་འཇམ་དབྱངས་དོན་གྲུབ་ལ་པཱ་ལགས་ཀྱི་བྱས་རྗེས་འཕྲིན་བཟང་ལས་སྐུལ་ལྕག་ཆེན་པོ་ཐེབས་ཤིང་། ཁོ་པས“སླད་ཕྱིན་ངས་སློབ་སྦྱོང་ཧུར་ཐག་བྱས་ནས་ཆེན་པོ་ཆགས་རྗེས་པཱ་ལགས་དང་འདྲ་བའི་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱས་ཏེ་ཏང་དང་མི་དམངས་ལ་ལེཌ་སྐྱེས་འབུལ་གྱི་ཡིན”ཞེས་བཤད།