དབུ་ཤོག>ཆེད་སྒྲིག
  • མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་། གྲོང་གསེབ་རྣམ་པ་གསར་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-03

    ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་མཚོ་སྨད་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོར་འབབ་འཕར་ཡོང་བའི་ཁ་ཕྱོགས་བཙལ་བ་དང་ལམ་སྟོན་བྱས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་ལས་གཏོད་ཀྱི་ལས་སྟེགས་བཙུགས་པ་དང་ཆ་རྐྱེན་བསྐྲུན་ནས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བར་སྐུལ་འདེད་བཏང་བ་རེད།

    ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཞིང་ཁའི་ཆུ་བེད་འཛུཌ་སྐྲུན་ལ་ཤུཌ་སྣོན་བརྒྱབ་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་19ཟིན་པའི་ཆུ་ཡུར་6བཟོས་པ་དང་། ཞིང་འཕྲུལ་སྒྲིག་ཆས་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོཌ་སུ་བཏང་བས་གྲོང་ཚོ་ཡོངས་ལ་བསྡོམས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་4དང་། རྨོ་འདེབས་འཕྲུལ་འཁོར་ཆེ་གྲས་4 སོན་འདེབས་འཕྲུལ་འཁོར་161བཅས་ཡོད་པ། ཞིང་ལས་བྱེད་མཁན་གྱི་གྲུབ་ཆ་ལེཌ་སུ་བཏང་ནས་ཤེས་ཡོན་ཅན་དང་། ལག་རྩལ་ཅན། ཆེད་ལས་ཅན་བཅས་ཀྱི་ཞིང་ལས་གཉེར་སྐྱོང་དཔུང་ཁག་གི་མི་50ལྷག་ཙམ་གསོ་སྐྱོང་བྱས་པ་རེད།

    ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཤིང་། ཞིང་ཟོག་ཐོན་རྫས་ཀྱི་སྤུས་རྟགས་སྐྱེད་སྲིང་བྱས་ནས་འབྲི་གཡག་གསོ་ཚགས་རྟེན་གཞི་དང་། དུད་སྦྲེལ་འབབ་འཕར་གྱི་སོ་ཕག་བཟོ་གྲྭ དབང་པོ་སྐྱོན་ཅན་གྱི་ནང་ཆས་བཟོ་གྲྭ འབྲུ་རིགས་ལས་སྣོན་བཟོ་གྲྭ་སོགས་དངོས་ཚན་དཔལ་འབྱོར་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས་ལས་ཞུགས་ལས་གནས་40ལྷག་མཁོ་འདོན་བྱས་པ་རེད།

    ཡུལ་སྐོར་རྩེ་གྲ་བཏོད་ཅིང་། མཚོ་སྨད་ལྷ་མོ་སོགས་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་སྒྲིག་བཀོད་ཆ་ཚང་ཞིང་ནུས་པ་སྣ་མང་གི་སྤྲོ་གསེང་ལྟ་སྐོར་གླིང་དང་གྲོང་གསེབ་ཡུལ་སྐོར་མགྲོན་ཁང་བཙུགས་པ་དང་། མིག་སྔར་གནའ་བོའི་གྲོང་ཚོ་སྲུང་སྐྱོང་དང་གཏོད་རྒྱུ་ཟུང་འབྲེལ་བྱས་ནས་ལྷ་མོ་རྒྱུན་འཛིན་རྟེན་གཞི་1བསྐྲུན་པ་དང་ཡུལ་སྐོར་མགྲོན་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    ཐོན་ལས་འཕེལ་རྒྱས་འཁོར་འབྲེལ་ཏན་ཏིག་བཟོས་ཤིང་། ཞིང་ཟོག་ཐོན་རྫས་ཐོན་སྐྱེད་རྗེས་ཀྱི་རིམ་དབྱེ་དང་། ཐུམ་སྒྲིལ། གཉེར་ཚོང་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་། ལྷ་ས་གྲོང་ཁྱེར་དང་སྟོད་ལུང་བདེ་ཆེན་ཆུས་སུ་གནས་གཏན་འཁེལ་གྱི་ཕྱིར་ཚོང་དྲ་ཚིགས་3བཙུགས་པ། ཞིང་ཟོག་ཐོན་རྫས་ཀྱི་ཐོན་ཚོང་གཉིས་སྦྲེལ་མཐུད་བརྟན་པོ་བྱས་པ། ཞིང་ཟོག་སྒོ་རྩིས་ཚོང་ཁང་དང་། ཞིང་ཟོག་ཁེ་ལས། ཞིང་ཟོག་ཁྲོམ་ར་བཅས་ལ་ཐེངས་100ལྷག་ཙམ་སྦྲེལ་མཐུད་བཅས་བྱས་ཏེ། ཞིང་ཟོག་ཐོན་རྫས་ཕྱིར་ཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། མིག་སྔའི་བར་འགྲེམས་ཚོང་སྣ་ཚོགས་ཐེངས་14གཉེར་ཡོད། 2020ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་120ལྷག་ཟིན་ཡོད་པ་རེད།

    གོམ་སྟབས་རྗེས་མར། མཚོ་སྨད་གྲོང་ཚོས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་ལེགས་པ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་གྲོང་ཚོའི་གནས་བབ་དང་བསྟུན་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོའི་མཉམ་སྡེབ་མ་རྩ་དང་ཐོན་ཁུངས་སྤྱོད་མཁས་པོ་དང་། སྣ་མང་ཅན་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་བརྟན་པོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།