དབུ་ཤོག>ཆེད་སྒྲིག
  • སྡེ་ལས་ཞབས་ཞུའི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-01

    ཉེ་དུས་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ 《“སྡེ་ལས་ཀྱི་ཞབས་ཞུའི་གྲོན་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཚོས་གྲོན་བསྡུ་གསལ་པོར་ཤེས་སུ་འཇུག་དགོས”པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་སྟེ། སྡེ་ལས་ཞབས་ཞུའི་གྲོན་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་ལ་སྐུལ་འདེད་གཏོང་བ་དང་། སྡེ་ལས་ཞབས་ཞུའི་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ལས་ཀྱི་ཁེ་ལས་དང་སྡེ་ལས་ཀྱི་རྣམ་གྲངས་ཆ་འཕྲིན་ཁོང་དུ་བབ་བསྟུན་ཆུད་ཆེད《བརྡ་ཐོའི》ནང་རིམ་ཁག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སྡེ་ལས་ཞབས་ཞུའི་ཁེ་ལས་སྒྲིག་འཛུགས་བྱས་ཏེ། ཁེ་ལས་ཀྱི་མིང་དང་། ཞབས་ཞུའི་ཁུལ་ཆུང་གི་མིང་། སྡེ་ལས་ཞབས་ཞུའི་རྒྱ་ཁྱོན། ཏང་འཛུགས་སྐྱོང་གི་ལས་དོན་སོགས་གཞི་རྩའི་ཆ་འཕྲིན(ས་ཁང་བདག་ཁོངས)ཁེ་ལས་ཆ་འཕྲིན་གྱི་དོ་དམ་ལས་སྟེགས་སུ་བཅུག་སྟེ“འཇུག་དགོས་རིགས་ཚང་མ་འཇུག”དགོས་པ་མ་ཟད། ད་དུང་བཅུག་པའི་ཆ་འཕྲིན་གྱི་ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་དང་བབ་བསྟུན་གསར་བརྗེས་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་། སྡེ་ལས་ཞབས་ཞུའི་གྲོན་བསྡུའི་ཁ་གསལ་རང་བཞིན་ཆེ་རུ་གཏོང་དགོས། སྡེ་ལས་ཞབས་ཞུའི་ཁེ་ལས་ཀྱིས་སྡོད་ཁང་རྣམ་གྲངས་ཀྱི་མངོན་ཆེ་བའི་ཁུལ་དུ་ཡོངས་བསྒྲགས་འགྲེམས་པང་ངམ་ཡང་ན་དྲ་སྦྲེལ་སོགས་བརྒྱུད་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་པ་ལས། རང་དགར་ཡོངས་བསྒྲགས་གྲོན་བསྡུའི་རྣམ་གྲངས་ཕུད་པའི་འགྲོ་གྲོན་བསྡུ་མི་ཆོག་པ་དང་། རིམ་ཁག་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་། གཏན་འབེབས་གཞིར་བཟུང་གྲོན་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་བྱས་མེད་པ་དང་། གན་རྒྱའི་ཁ་ཆད་ལས་འགལ་བའམ་ཡང་ན་ཡོངས་བསྒྲགས་ཀྱི་གྲོན་བསྡུའི་རྣམ་གྲངས་ཀྱི་ཚད་གཞི་ལས་འགལ་ནས་གྲོན་དངུལ་བསྡུ་བ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ། མང་ཚོགས་ཀྱི་ཞུ་གཏུག་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས། གྱོད་གཞིའི་ཁུངས་སྣེ་རང་འགུལ་ངང་བསྡུ་རུབ་དང་ཐག་གཅོད་བྱས་ཏེ། སྡེ་ལས་ཁྱབ་ཁོངས་ཀྱི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་སེལ་དགོས་པ་མ་ཟད། གླེང་ཕྱོགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་དང་དམར་འདོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།