ལོ་ངོ་70ཡི་གོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།
ལོ་ངོ་70ཡི་ལོ་རྒྱུས་ཆུ་རྒྱུན་རིང་མོར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།
ང་ཚོས་བརྙན་པར་ཁག་གཅིག་བསྡུར་ན་ལོ་ངོ་70ཡི་རིང་བོད་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུར་ཕྱིར་ལྟ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།

པར①ནི་དུས་རབས་20པའི་ལོ་རབས་50ཡི་སྐབས་ཡར་ཀླུང་གཙང་པོའི་སྟོད་རྒྱུད་ནས་ཀོ་གྲུར་ཡུལ་ཟོག་དང་འབྲུ་རིགས་བླུགས་ནས་བོད་ཀྱི་ཤར་རྒྱུད་དུ་དབོར་བའི་རྣམ་པ་ཡིན་པ།
པར②ནི་2016ལོའི་ཟླ་12ཚེས་11ཉིན་པར་བླངས་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཁོངས་ཀྱི་གྲ་ནང་ཟམ་ཆེན་ཡིན་པ།

པར③ནི་1959ལོར་པར་བླངས་པའི་ལྷ་སའི་བར་སྐོར་ཡིན་པ།
པར④ནི་2021ལོའི་ཟླ་8ཚེས་13ཉིན་པར་བླངས་པའི་བར་སྐོར་ཡིན་པ།

པར⑤ནི་བོད་ཀྱི་ཞིང་བྲན་ལམ་ལུགས་འོག་ཁྲོམ་གཞུང་དུ་འཁྱམས་ནས་ལྟོ་སློང་བཞིན་པའི་བུད་མེད་དང་བྱིས་པ་ཡིན་པ།
པར⑥ནི་2021ལོའི་ཟླ་3ཚེས་13ཉིན་ལྷ་སར་བྱིས་པའི་མོ་ཐྲོལ་གྱི་གསོ་སྦྱོང་སྒྲིག་གཞི་ཞིག་གཉེར་བའི“90ནང་སྐྱེས”ཀྱི་བུ་མོ་སྐལ་བཟང་སྒྲོལ་མས་གསོ་སྦྱོང་ནང་ཞུགས་མཁན་གྲོགས་པོ་ཆུང་ཆུང་ཚོར་མཛུབ་ཁྲིད་བྱེད་བཞིན་པ།