དབུ་ཤོག>ཆེད་སྒྲིག
  • གསོན་ཤུགས་རྒྱས་བཞིན་པའི་ཤིན་བོད་ལམ་ཐིག་ཐོག་གི་གྲོང་རྡལ་ཆུང་ངུ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-31

    སྨི་6380ནི་ཚེ་སྲོག་གི་མཐར་སོན་པའི་མཐོ་ཚད་ཅིག་ཡིན་ཞིང་། དེ་ནི་འཐབ་འཛིང་པ་ཚོའི་མགོ་བོའི་མཐོངས་སུ་དཔྱངས་པའི་གཟུགས་མེད་ཀྱི་རལ་གྲི་རྣོན་པོ་ཞིག་དང་མཚུངས།

    སྔོན་སྐྱོད་ལེན་ཤོག་གི་ཏང་ཡོན་མང་ཆེ་བ་ནད་ཀྱིས་མནར་མོད། འོན་ཀྱང་ཁོང་ཚོའི་ཁྲོད་དུ་དཔའ་ཞུམ་མཁན་གཅིག་ཀྱང་མེད།

    ཁོང(ཞུས་ཅིན་ཆོན)དབུགས་འབྱིན་རྔུབ་དཀའ་ཞིང་། ཁྲག་ཀྱང་ཐེངས་མང་བསྐྱུགས་ཁར། རྐང་པ་སྦྲིད་ནས་ཚོར་བ་ཉམས་པ་མ་ཟད། གོས་ཐུང་འཁྱག་པར་སྦྱར་བས་ལངས་ཀྱང་ལོང་ཐབས་བྲལ་བར་གྱུར།

    སྔོན་སྐྱོད་ལེན་ཤོག་གི་མི་135ཡིས་དུས་ཡུན་ཉིན་45དཀའ་སྤྱད་དཔུང་སྐྱོད་ཀྱིས་ཁུ་ནུ་རི་བོ་བརྒལ་བ་དང་། ཟླ་9ཚེས་9ཉིན་ཤིན་ཅང་དང་བོད་ལྗོངས་འབྲེལ་མཚམས་ཀྱི་ས་བབ་མཐོ་ཚད་སྨི་6000ལྷག་ཙམ་ཟིན་པའི་རི་བོ་བརྒལ་ཏེ། བཀའ་ཤག་སྲིད་གཞུང་གི་ཁོངས་གཏོགས་བོད་ལྗོངས་མངའ་རིས་ཀྱི་སྒེར་རྩེ་ཁུལ་དུ་འབྱོར་བ་དང་ལམ་ཐག་སྤྱི་ལེ་650བསྐྱོད་པ་རེད།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    1000141_yis_1630339200000_s.jpg

    འདི་ནི་སའེ་ཐུའུ་ལའི་སོ་ལྟ་ཁང་གི་གནའ་ཤུལ་ཡིན་པ།

    ཤིན་བོད་ལམ་ཐིག་གི་ལེ་དབར་སུམ་ཅུའི་སྒར་ས་དེ་སྐད་གྲགས་ཧ་ཅང་ཆེན་པོ་ཡོད།

    ལེ་དབར་སུམ་ཅུའི་སྒར་སའི་སྐོར་གླེང་སྐབས་མི་མང་ཆེ་བས་དེ་ནི་དཔུང་སྡེ་བཅའ་སྡོད་བྱ་ཡུལ་རེད་སྙམ་གྱི་ཡོད། དོན་དངོས་ཐོག་དེ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོ་ཐན་ས་ཁུལ་ཕི་ཧྲན་རྫོང་སའེ་ཐུའུ་ལ་གྲོང་རྡལ་སྲིད་གཞུང་གནས་ཡུལ་ཡིན་ལ་རྒྱལ་ལམ་219(ཤིན་བོད་ལམ་ཐིག)ཐོག་གི་མཚོན་བྱེད་རང་བཞིན་གྱི་ས་ཆ་ཞིག་ཀྱང་རེད། ས་ཆ་དེ་སྐད་གྲགས་ཆོད་དོན་ནི་ཡུལ་སྐོར་བའི་ཞག་སྡོད་བྱེད་ས་ཡག་ཤོས་ཤིག་ཡིན་པ་ཕུད། ད་དུང་རྒྱུ་རྐྱེན་མང་པོ་ཡོད་དེ་དེ་ནི་སའེ་ཐུའུ་ལ་སོ་ལྟ་ཁང་གི་གནའ་ཤུལ་ཡིན་ལ་སང་ཀྲུའུ་གནའ་ལམ་གྱི་ལྷུ་ཚིཌ་གལ་ཆེན་ཞིག་ཀྱང་ཡིན་པས་རེད།

    སའེ་ཐུའུ་ལ་གྲོང་རྡལ་དྲག་ཆས་པུའུ་ཡི་པུའུ་ཀྲང་ལིའུ་ཞང་ནི་ཧྲའན་ཤིས་ཀྱི་ན་གཞོན་རྩེ་གྲ་ཞིག་ཡིན་པ་དང་། ལེ་དབར་སུམ་ཅུའི་སྒར་སའི་མིང་གི་འབྱུང་ཚུལ་སྐོར་གླེང་སྐབས་ཁོང་གིས་ང་ཚོ་སའེ་ཐུའུ་ལའི་སོ་ལྟ་ཁང་གི་གནའ་ཤུལ་ལ་ལྟ་བར་འཁྲིད་རྒྱུ་བྱས།

    གྲོང་རྡལ་ནས་ཡེ་ཁྲེང་ཕྱོགས་སུ་སྤྱི་ལེ་བཅུ་ལྷག་ཙམ་བསྐྱོད་པ་དང་གཙང་པོ་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་རི་ལྡེབས་སུ་སས་གྱང་བསྐོར་བའི་གནའ་ཤུལ་ཞིག་ཡོད་པ་དེའི་གཞི་ཁྱོན་ཆེ་ལ་ཆ་ཚང་པོ་འདི་འདྲར་གནས་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།

    “སོ་ལྟ་ཁང་དེ་ཙའོ་ཙུང་ཐང་དང་འབྲེལ་བ་ཡོད་པ་དང་1878ལོར་ཙའོ་ཙུང་ཐང་གིས་ཤིན་ཅང་ཚུར་བླངས་རྗེས། མཐའ་སྲུང་ལ་ཤུགས་སྣོན་དང་སྲ་བརྟན་དུ་གཏོང་ཆེད། དམག་དོན་འགོག་སྲུང་འཛིང་རགས་བཀོད་སྒྲིག་བྱས་པ་དང་འབྲེལ་བ་ཡོད”ཅེས་ལིའུ་ཞང་གིས་བཤད།

    “འདི་ནས་གྲོང་རྡལ་སྲིད་གཞུང་གནས་ཡུལ་བར་སྤྱི་ལེ་15སྟེ་ལེ་དབར་30ཡོད། 1950ལོའི་རྗེས་སུ་དེ་གར་བཅའ་སྡོད་བྱ་ཡུལ་གསར་པ་བཙུགས་ནས་ལེ་དབར་སུམ་ཅུའི་སྒར་ས་ཞེས་བརྗོད་ཀྱི་ཡོད། ཤིན་བོད་ལམ་ཐིག་ཉིན་བཞིན་སྐད་གྲགས་ཆོད་པར་བརྟེན་ལེ་དབར་སུམ་ཅུའི་སྒར་ས་ཡང་སྐད་གྲགས་ཆོད་འགོ་ཚུགས་པ་རེད”ཅེས་ལིའུ་ཞང་གིས་ང་ཚོར་གསལ་བཤད་བྱས།

    ལོ་མང་རིང་གི་འཕོ་འགྱུར་ལས“ཁེ་ལ་ཁུ་ནུའི་གྲོང་རྡལ་དང་པོ”ཞེས་བརྗོད་པའི་སའེ་ཐུའུ་ལ་འདི་ཉིད་ཉིན་བཞིན་དར་རྒྱས་ཇེ་ཆེར་འགྲོ་བའི་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར། “2010ལོའི་ཟླ་1ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་། 2010ལོའི་ཟླ་10པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཞིབ་མཆན་བརྒྱུད་སའེ་ཐུའུ་ལ་གྲོང་རྡལ་དངོས་སུ་བཙུགས་པ་རེད། ང་ཚོའི་གྲོང་རྡལ་ནི་ཤིན་ཅང་ནས་བོད་དུ་སྐྱོད་པའི་འགྲིམ་འགྲུལ་གྱི་འགག་གནད་ཅིག་རེད་ལ་འགག་གནད་གལ་ཆེན་ཞིག་ཀྱང་རེད”ཅེས་ལིའུ་ཞང་གིས་ངོ་སྤྲོད་བྱས།

    སའེ་ཐུའུ་ལ་གྲོང་རྡལ་འདི་ཉིད་གཞུང་ལམ་གྱི་གཡས་གཡོན་གཉིས་ལ་གྲལ་འགྲིག་པོར་ཆགས་ཡོད། ལག་ཐོགས་ཁ་པར་ནས་བལྟས་ན་དེ་གའི་ས་བབ་མཐོ་ཚད་སྨི་3785ཟིན་ཡོད།

    “གྲོང་རྡལ་ཡོངས་སུ་འབྲོག་པ་400ལྷག་ཙམ་ཡོད་པ་དེ་དག་མང་ཆེ་བ་ཁོར་ཁེ་ཙི་རིགས་རེད”ཅེས་གྲོང་རྡལ་གྱི་བུད་མེད་ལས་བྱེད་དྲིལ་བསྒྲགས་པ་ཡུ་གུར་རིགས་ཀྱི་མེར་ཡེ་མུའུ་ཡིས་བཤད།

    སའེ་ཐུའུ་ལ་གྲོང་རྡལ་དུ་དུད་ཚང་79ཡི་འབྲོག་པའི་བདེ་སྡོད་ཁང་པ་ཡོད་པ་དང་གྲལ་སྟར་འགྲིག་པོར་གནས་པའི་ཐོག་ཁ་དམར་པོའི་ཁང་པ་དེ་དག་གཞུང་ལམ་གཡས་གཡོན་གྱི་ས་ཆ་ཡག་ཤོས་སུ་ཆགས་ཡོད།

    མེར་ཡེ་མུའུ་ཡིས་ང་ཚོ་འབྲོག་ཁྱིམ་ཞིག་ཏུ་ཁྲིད་བྱུང་། དེ་ནི་གྲོང་རྡལ་གྱི་ཁྱིམ་ཚང་མགྲོན་ཁང་གཉེར་མཁན་འབྲོག་དུད་གཉིས་ཀྱི་གྲས་ཤིག་རེད། སྦྱིན་བདག་བསྡད་མེད་པ་དང་ང་ཚོར་གྲོང་རྡལ་ཡོངས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་འབའ་ཞིག་ཡིན་པའི་ཁོང་ཚོའི་བུ་མོ་ཁོར་ཁེ་ཙི་རིགས་ཀྱི་བུ་མོ་མེར་ཏི་ན་འཕྲད་བྱུང་།

    འདི་ལོ་ལོ་22ལ་སླེབས་པའི་མེར་ཏི་ན་ནི་སེམས་བག་ཡངས་ལ་གྲུང་ཤ་དོད་པ་དང་སེམས་རྩ་འཁོལ་བ་ཞིག་འདུག 2018ལོར་ཧོ་ཧྥེ་བུ་བཅོལ་ཁང་གི་དགེ་འོས་ཆེད་ཚན་སློབ་གྲྭ་ནས་ཐོན་པ་ཞིག་རེད། 2019ལོར་སའེ་ཐུའུ་ལ་གྲོང་རྡལ་གྱི་བུ་བཅོལ་ཁང་བསྐྲུན་པ་དང་གནས་གཏན་འཁེལ་དུ་གསོ་སྐྱོང་བྱས་པའི་བུ་བཅོལ་ཁང་གི་དགེ་རྒན་ཞིག་གི་ངོས་ནས་མེར་ཏེ་ན་2019ལོར་ཕ་ཡུལ་དུ་དགེ་རྒན་བྱེད་པར་ཡོང་།

    ཁོང་གིས་ཆེད་མངགས་ང་ཚོ་ཁྲིད་ནས་བུ་བཅོལ་ཁང་ལ་ལྟ་སྐོར་བྱས། བུ་བཅོལ་ཁང་དེ་གྲོང་རྡལ་སྲིད་གཞུང་གི་སྒོ་རའི་ནང་ཡོད་པ་དང་གཞི་ཁྱོན་ཆེ་ལ་སྒྲིག་ཆས་ཆ་ཚང་བ་ཞིག་འདུག སློབ་ཁང་ནང་ཚོན་མདོག་སྣ་ཚོགས་ཀྱི་སློབ་ཁྲིད་ཡོ་ཆས་མང་པོ་བསྒྲིགས་ཡོད་པ་མ་ཟད། བར་ཁྱམས་དང་གྱང་ངོས་ཀྱང་བཀོད་སྒྲིག་ཡག་པོ་བྱས་འདུག མེར་ཏི་ན་ཡིས་ལས་ཀར་འབད་བརྩོན་གང་འདྲ་བྱས་མིན་ནི་གྲུབ་འབྲས་ལ་བལྟས་པ་ཙམ་གྱིས་རྟོགས་ཐུབ།

    སྤྱི་སྐད་ཆུ་རྒྱུག་རྒྱུག་རྒྱག་ཤེས་པའི་མེར་ཏི་ན་ནི་སའེ་ཐུའུ་ལ་བ་མི་རབས་གསར་པའི་མཚོན་བྱེད་རེད།

    སའེ་ཐུའུ་ལ་སོ་ལྟ་ཁང་གི་གནའ་ཤུལ་གྱི་གཤམ་འོག་ནས་ཁ་ལཱ་ཁ་གཙང་པོ་བརྒྱུད་དེ་སོང་ན་སྐད་གྲགས་ཆོད་པའི་གནའ་ལམ་ཞིག་ཡོད་པ་ནི་སང་ཀྲུའུ་གནའ་ལམ་རེད། དེ་ག་ནི་དེ་སྔ་ཤིན་ཅང་ནས་བོད་དུ་སྐྱོད་སའི་གནའ་ལམ་གྱི་གྲས་ཤིག་རེད་ལ་རི་འགོག་དམག་འཁྲུག་རིང་དངོས་ཟོག་དབོར་ལམ་ཞིག་གི་ངོས་ནས་དམིགས་བསལ་གྱི་ནུས་པ་གལ་ཆེན་བཏོན་ཡོད་པས“དཔའ་བོའི་ལམ་བུ”ཞེས་བརྗོད་ཀྱི་ཡོད། གནའ་ལམ་རིམ་བཞིན་མེད་པར་གྱུར་ནས་ཡུན་རིང་སོང་མོད། དེའི་ས་ཚིགས་གལ་ཆེན་གྱི་གྲས་ཤིག་ཡིན་པའི་སའེ་ཐུའུ་ལ་གྲོང་རྡལ་དུ་ད་ཆ་དུས་རབས་གསར་པར་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།

    “གྲོང་རྡལ་ཡོངས་སུ་ཚོང་དུད་50ལྷག་ཙམ་ཡོད་པའི་ནང་བཟའ་འཐུང་དང་ཞག་སྡོད་གཞི་གཅིག་ཅན་གྱི་གཉེར་སྐྱོང་དུད་ཚང་35ཡོད”ཅེས་ལིའུ་ཞང་གིས་ངོ་སྤྲོད་བྱས།

    འདི་ལོ་ལོ་42ལ་སླེབས་པའི་ཝང་ལེ་ནི་ཀན་སུའུ་ཅིའུ་ཆོན་བ་རེད། 2014ལོར་ཝང་ལེ་དང་གྲོགས་པོ་གཉིས་ཀྱིས་མགྲོན་ཁང་དང་པོ་དེ་བཙུགས་པ་རེད། སའེ་ཐུའུ་ལར་འཕེལ་རྒྱས་ཀྱི་མདུན་ལམ་ལྡན་པ་ཤེས་རྗེས་ཝང་ལེས་2018ལོར་སླར་ཡང་མགྲོན་ཁང་གསར་པ་ཞིག་བཙུགས་པ་རེད། “ཁང་པ་54དང་ཉལ་ཁྲི་130ལྷག་ཙམ་ཡོད་པ་ཚང་མ་ཉིན་ལྟར་ཁེངས་ནས་ལོའི་ཡོང་འབབ་སྒོར་ཁྲི་100ཙམ་ཟིན་གྱི་ཡོད། ང་ཚོས་ད་དུང་ས་གནས་དེ་གའི་ཁོར་ཁེ་ཙི་རིགས་ཀྱི་གཞོན་ནུ་དྲུག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཡོད”ཅེས་ཝང་ལེ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    ཉིན་གཉིས་པའི་ཞོགས་པ་སའེ་ཐུའུ་ལའི་ཉེ་འགྲམ་གྱི་རི་སྟེང་དུ་ཁ་བས་བཀླུབས་ཡོད།

    ཁ་བ་བབས་རྗེས་མཁའ་རླུང་གཙང་མ་ཡོད་པ་དང་ས་མཐོའི་རླུང་བུ་འུར་འུར་དུ་ལྡང་རུང་གྲང་ངར་གྱི་སྣང་བ་དེ་ཙམ་མེད་པ་མ་ཟད། གཟུགས་པོར་སྟོབས་ཤུགས་ཀྱིས་ཁེངས་ནས་ཉིན་བཞིན་དར་རྒྱས་འགྲོ་བའི་གྲོང་རྡལ་ཆུང་ངུ་དེ་དང་འདྲ་བར་དེ་གར་རྩ་བ་ཚུགས་ཏེ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།

    1000143_yis_1630339200000_s.jpg

    (རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།