དབུ་ཤོག>ཆེད་སྒྲིག
  • ཏང་ཡོན་གྱི་གཞི་རྩའི་ཆ་རྐྱེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་འཐབ་འཛིང་པ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱིས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རང་ཉིད་ཀྱི་ཡོད་ཚད་ཕང་སེམས་མེད་པར་བློས་བཏང་ནས་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་བར་ཚེ་གང་འབད་འཐབ་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ནི་དུས་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན། བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་ཁོངས་སུ་ཚུད་པའི་སྒེར་གྱི་ཁེ་ཕན་དང་ལས་ཀའི་འགན་དབང་ཕུད། གུང་ཁྲན་ཏང་ཡོན་སུ་ཞིག་གིས་ཀྱང་སྒེར་གྱི་ཁེ་ཕན་དང་དམིགས་བསལ་གྱི་དབང་ཆ་གང་ཡང་ཧམ་གཉེར་བྱས་མི་ཆོག

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།