རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ནང་དོན་གཙོ་བོ་གང་ཡིན་ནམ།
ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ནང་དོན་ནི། བདག་དབང་དང་ས་ཁོངས་ཆ་ཚང་ལ་ཕན་ཚུན་བརྩི་འཇོག་བྱེད་པ་དང་། ཕན་ཚུན་བཙན་གནོན་མི་བྱེད་པ། ཕན་ཚུན་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། འདྲ་མཉམ་གཉིས་ཕན་ཡོང་བ། ཞི་བདེ་མཉམ་གནས་ཐུབ་པ་བཅས་ཡིན།
མའོ་ཙེ་ཏུང་གིས《འབྲེལ་བ་ཆེན་པོ་བཅུའི་སྐོར་གླེང་བའི》ནང་འབྲེལ་བ་ཆེན་པོ་བཅུ་གང་དག་རྒྱས་བཤད་གནང་ཡོད་དམ།
འབྲེལ་བ་ཆེན་པོ་བཅུའི་ནང་ལྗིད་པའི་བཟོ་ལས་དང་ཡང་བའི་བཟོ་ལས་དང་ཞིང་ལས་ཀྱི་འབྲེལ་བ་དང་། མཚོ་རྒྱུད་བཟོ་ལས་དང་ནང་སའི་བཟོ་ལས་ཀྱི་འབྲེལ་བ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གྱི་འབྲེལ་བ། རྒྱལ་ཁབ་དང་ཐོན་སྐྱེད་ཚན་པ་དང་ཐོན་སྐྱེད་མཁན་སྒེར་གྱི་འབྲེལ་བ། ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་བ། རྒྱ་རིགས་དང་གྲངས་ཉུང་མི་རིགས་ཀྱི་འབྲེལ་བ། ཏང་དང་ཏང་མིན་པའི་འབྲེལ་བ། གསར་བརྗེ་དང་གསར་བརྗེར་ངོ་རྒོལ་གྱི་འབྲེལ་བ། ཡིན་མིན་གྱི་འབྲེལ་བ། ཀྲུང་གོ་དང་ཕྱི་རྒྱལ་གྱི་འབྲེལ་བ་བཅས་ཚུད་ཡོད། (མུ་མཐུད་འགོད་རྒྱུ)