དབུ་ཤོག>ཆེད་སྒྲིག
  • སྤྲེལ་ཁམ་བཏབ་ནས་འབྱོར་འབྲིང་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ​ཁྲེན་ཧྲང་ཚའེ་དང་སྐལ་བཟང་དཔལ་འབྱོར།   |     སྤེལ་དུས།  2021-08-30

    “དེ་སྔ་ང་ཚོ་ཏེང་པ་ཚོང་ལས་ཀྱི་འདུ་ཤེས་ཞན་པོ་ཡོད། ད་ཆ་གྲོང་ཚོར་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་སྤྲེལ་ཁམ་བཏབ་ནས་འབྱོར་འབྲིང་ལམ་བུར་བསྐྱོད་ཡོད”ཅེས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྲོང་གསར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཅིན་ཞ་ཡིས་བཤད། ད་ཆ་དངུལ་བུན་གཡར་ནས་ཚོང་རྒྱག་མཁན་དང་ཇ་ཞིང་གཉེར་སྐྱོང་དང་སྤྲེལ་ཁམ་འདེབས་མཁན་གྱི་གྲོང་མི་མང་དུ་ཕྱིན་པས་ཏེང་པ་སྔ་ས་ནས་སྤྱི་ཡོངས་དབུལ་སྒྲོལ་ཐུབ་ཡོད།

    ཏེང་པ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་དང་རོང་སྨད་གྲོང་རྡལ་གྱི་གྲོང་གསར་གྲོང་ཚོ་དང་ཤག་གཉིས་གྲོང་ཚོ་སོགས་གྲོང་ཚོ་9རུ་འཚོ་སྡོད་བྱེད་པ་དང་རང་རྒྱལ་གྱི་ས་ཁོངས་སུ་ཏེང་པ་1600ལྷག་ཙམ་ལས་མེད། ཏེང་པར་རང་སོ་སོའི་སྐད་ཆ་ཡོད་པ་དང་འཚོ་བ་སྟབས་བདེ་ལ་བབ་ཆགས་ཤིང་འགྲོ་སྡོད་རྒྱན་གོས་ཚང་མར་རང་ཉིད་ཀྱི་གོམས་སྲོལ་ཡོད།

    ཅིན་ཞ་ཡིས་དུས་རབས་20པའི་ལོ་རབས་60པར་ཏེང་པ་ད་དུང་གདོད་མའི་ཚོ་པའི་འཚོ་བ་སྐྱེལ་སྟངས་ལ་བསྡད་ཡོད། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་དང་སྲིད་གཞུང་གི་རོགས་རམ་འོག ཏེང་པས་རི་ཁུག་ནས་དོན་ཏེ་ལུང་གཞུང་འབུར་ཐང་དུ་གནས་སྤོས་ནས་སྡོད་ཁང་དང་ས་ཞིང་བྱུང་བ་དང་ཆུ་འབྲས་དང་མ་རྨོས་ལོ་ཏོག་སོགས་འདེབས་སྟངས་སྦྱངས་ཏེ་དེང་རབས་ཀྱི་སློབ་གསོ་དང་ལེན་བྱས་པས་ཁྱོ་གཅིག་ཤུག་མང་གི་ཉོ་ཚོང་གཉེན་སྒྲིག་གི་གོམས་སྲོལ་རྙིང་པ་རིམ་བཞིན་དོར་ནས་དེང་རབས་ཀྱི་འཚོ་བ་སྐྱེལ་འགོ་ཚུགས་པ་རེད་ཅེས་ངོ་སྤྲོད་བྱས།

    དེང་གི་འཚོ་བའི་སྐོར་གླེང་སྐབས་ཅིན་ཞ་ཡིས“ད་ཆ་ང་ཚོའི་སྡོད་ཁང་རྒྱ་ཆེ་ལ་སྐྱིད་སྣང་དོད་པ་དང་སྒོ་རའི་ནང་ལོགས་སུ་བཟོས་པའི་གཟུགས་པོ་འཁྲུད་ཁང་ཡོད། དེའི་ཁར་རང་ཉིད་ཀྱི་ཐོན་ལས་ཡོད་པས་འཚོ་བ་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ཉེ་བའི་ལོ་ཤས་རིང་། དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ལ་བརྟེན་ནས་རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་སྤྲེལ་ཁམ་འདེབས་འགོ་ཚུགས།

    གྲོང་མིར་འབབ་འཕར་ཡོང་ཆེད། སྤྱི་གཏོང་གྲོང་ཚོས“ཀུང་སི+ཞིང་དུད”ཀྱི་དཔེ་རྣམ་བརྒྱུད། སྤྲེལ་ཁམ་ནང་འདྲེན་འདེབས་འཛུགས་བྱས། གྲོང་མིར་ལོ་རེར་མུའུ་རེ་ནས་བོགས་མ་སྒོར་1200ཡོད་པ་དང་དུས་མཚུངས་འདེབས་འཛུགས་ར་བར་གླ་པ་རྒྱུག་ཆོག་པས་ཉིན་གླ་སྒོར་170རག་གི་ཡོད། 2020ལོར་ཀུང་སིས་སྤྱི་གཏོང་གྲོང་ཚོ་ཨུ་ལྷན་ལ་བགོ་འགྲེམས་སྒོར་ཁྲི་31སྤྲད་པ་རེད། “དེ་སྔ་ང་ཚོའི་གྲོང་ཚོར‘ཆང་རྐྱལ་གྲོང་ཚོ’ཞེས་བརྗོད་པ་དང་། ད་ཆ་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད”ཅེས་གྲོང་ཚོའི་འགྱུར་ལྡོག་གླེང་སྐབས་སྤྱི་གཏོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལེའོ་ཙི་ལུའུ་ཡིས་བཤད།

    ཏེང་པ་ཞུང་ཝེ་ལུང་ནི་སྤྲེལ་ཁམ་བཏབ་ནས་ཕན་པ་འཐོབ་པའི་གྲས་རེད། 2015ལོར་ཁོང་གིས་རང་ཁྱིམ་གྱི་ས་ཞིང་དུ་སྤྲེལ་ཁམ་མུའུ་2ཚོད་ལྟ་བྱས་ནས་བཏབ་པར་ཡོང་འབབ་སྒོར་ཁྲི་2.6བྱུང་ཡོད། ལོ་གཉིས་སོང་རྗེས་ཞུང་ཝེ་ལུང་གིས་ས་བོན་གསར་པ་བརྗེས་ནས་འདེབས་ཁྱོན་མུའུ་10བར་རྒྱ་སྐྱེད་བཏང་བ་རེད།

    2018ལོ་ནས་བཟུང་རྫ་ཡུལ་རྫོང་གིས་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། མིག་སྔའི་བར་རྫོང་ཡོངས་ཀྱི་ཇ་ལོ་འདེབས་ཁྱོན་མུའུ་ཁྲི་1.2ཙམ་ཟིན་གྱི་ཡོད།

    ད་ཆ་རྫ་ཡུལ་རྫོང་གི་གྲོང་ཚོ་ཚང་མར་སྔོ་ཐིང་ཐིང་གི་འབྲས་ཞིང་དང་སྡོད་ཁང་གསར་པ་གཅིག་ལ་གཅིག་འགྲན་པ་ལྟར་གནས་ཡོད། འགྱིག་ཤོག་གཡོགས་པའི་སྨིན་ལ་ཉེ་བའི་སྤྲེལ་ཁམ་དང་སྡོད་ཁང་གསར་རྐྱང་ལ་སོགས་གསར་འགོད་པའི་མིག་ལམ་དུ་མངོན་པ་ནི་སྐྱེ་ཁམས་ལེགས་པ་དང་། སྡོད་མལ་དང་ལས་ཀར་འཚམ་པ། འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་འབྱོར་འབྲིང་གྲོང་ཚོའི་ལྟ་ན་སྡུག་པའི་རི་མོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།