དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་GDPལོར་ཆ་སྙོམས་འཕར་ཚད་9.0%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    ཉེ་དུས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་བསོད་ནམས་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་གྲུབ་ཆ་དང་དཔལ་འབྱོར་གྱི་སྤྱི་འབོར་ལ་མཆོང་སྐྱོད་གལ་ཆེན་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29དང་སྒོར་114ནས་2020ལོའི་སྒོར་དུང་ཕྱུར་1902.74དང་སྒོར་52345བར་འཕར་བ་དང་ལྷག་དོན་དུ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་།  ལྗོངས་ཡོངས་ཀྱི་GDPཡི་ལོའི་ཆ་སྙོམས་འཕར་ཚད་9.0%ཟིན་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་3.3གྱིས་མཐོ་བ་ཡོད་པ་དང་དཔལ་འབྱོར་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། 2018ལོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་200ལས་ཐོག་མར་བརྒལ་བ་དང་། 2020ལོར་ས་ཁུལ་གྱི་ནོར་སྲིད་ཡོང་འབབ་ཀྱིས་GDPཡི་བསྡུར་གྲངས་བཟུང་ཚད་11.6%འཕར་ནས། རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་1951ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་97.7%ཚང་མ་ཞིང་འབྲོག་ལས་ཡིན་པ་དང་། 2020ལོར་ཐོན་ལས་གསུམ་གྱི་བཟུང་ཚད་དེ་7.9:42.0:50.1ཡིན་པ་དང་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཙོ་བོ་དང་འགོ་འཛུགས་གནས་ཚུལ་ལ་དམིགས་ནས། བསོད་ནམས་ཉི་མས“ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ‘ལྟེ་གཅིག་སྐོར་གཅིག་རྒྱུད་གཉིས་ཁུལ་གསུམ’གྱི་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གང་མགྱོགས་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་སོགས་ཐད་ཤུགས་བརྒྱབ་ནས། དགེ་སྤེལ་སྐྱོན་སྤོང་དང་། ཡུལ་བབ་དང་བསྟུན་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།