དབུ་ཤོག>ཆེད་སྒྲིག
  • “ལམ་གཉིས”ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    “དཀའ་སྡུག་ལ་མི་སྐྲག་པ་དང་། ཤི་རྒྱུར་མི་སྐྲག་པ། དཔའ་ངར་ཆེར་སྐྱེད། རྨང་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་གི་རུ་འབྲིང་ཞིག་གི་དཔོན་དམག་ཚོས་འབད་འབུངས་ལྷོད་མེད་ཀྱིས་མདུན་སྐྱོད་བྱས་ཏེ། ལོ་24བསྟུད་མར“མཁའ་ལམ་གྱི་གུག་ཆ་72”སུ་མི་སྣ་གཅིག་ཀྱང་ཤི་རྨས་བྱུང་མེད་པའི་གྲུབ་འབྲས་བཏོད་ནས་དཀའ་ཚེགས་ཆེ་བའི་ཁྲོན་བོད་གཞུང་ལམ་འདི་ཉིད་བདེ་བའི་ལམ་ཆེན་ཞིག་ཏུ་བསྐྲུན་ཡོད།

    ཁྲོན་བོད་གཞུང་ལམ་དང་མཚོ་བོད་གཞུང་ལམ་བསྐྲུན་མཁན་གྱི“བོད་སྐྱོད་པ་རྒན་གྲས”ཚོས་དད་སེམས་བརྟན་པོ་དང་ཞུམ་པ་མེད་པའི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས། འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། ཁོང་ཚོས་ཏང་ལ་ལྷག་བསམ་རྣམ་དག་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྲོག་བློས་གཏོང་ཕོད་པ་བཅས་ཀྱི་ཀུན་སྤྱོད་བཟང་པོར་བརྟེན་ནས་ཡུལ་དུས་ལས་བརྒལ་བ་དང་མི་རབས་རྗེས་མར་ལྕག་སྐུལ་བྱས་ཡོད། “ལམ་གཉིས”ཀྱི་སྙིང་སྟོབས་ཀྱིས་དུས་རབས་ལ་བསྟོད་གླུ་ཕུལ་བ་དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་ལོ་རྒྱུས་ཡུན་རིང་ལྡན། སྐབས་དེ་དུས་ཀྱི“ལམ་གཉིས”འཛུགས་སྐྲུན་པ་ཚོའི་ཕུགས་འདུན་བཟང་པོ་ད་ཆ་འོད་སྟོང་འཕྲོ་བའི་དོན་དངོས་སུ་གྱུར་ཡོད། དུས་རབས་གསར་པའི་བརྗིད་ཆེའི་མདུན་ལམ་ལ་ཕྱོགས་སྐབས། ང་ཚོ་མི་རབས་ནས་མི་རབས་བར་གྱིས་ཁོང་ཚོའི་སྙིང་སྟོབས་དང་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་བཏང་ཚེ། གཞི་ནས་སྔར་ལས་ལྷག་པའི་སྒོ་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཐུབ། ང་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་ཀྱི་འབོད་སྐུལ་དང་མཛུབ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འཐབ་མཐའ་གཅིག་ཏུ་བྱས་ཚེ། གཞི་ནས་རླབས་ཆེན་གྱི་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་འགྲོ་མི་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།