དབུ་ཤོག>ཆེད་སྒྲིག
  • “གུག་ཆ་72”སུ“ལམ་གཉིས”ཀྱི་སྙིང་སྟོབས་ལག་ལེན་བསྟར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-30

    981033_yis_1630166400000_s.jpg

    ཁྲོན་བོད་གཞུང་ལམ་གྱི“མཁའ་ལམ་གྱི་གུག་ཆ་72”ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4658ཟིན་པའི་ཉིན་ལའི་རྩེ་ནས་ས་བབ་མཐོ་ཚད་སྨི་2800ཟིན་པའི་སྐར་མ་རོང་བར་གྱི་སྤྱི་ལེ་30ཡི་ལམ་དུམ་དུ་མཐོ་དམའི་ཧེ་བག་སྨི་1800ལྷག་ཙམ་ཟིན་གྱི་ཡོད། དེ་གར་ཐུར་གཟར་བ་དང་གུག་ཆ་མང་བས་མིང་དེ་ལྟར་བཏགས་ཡོད།

    ཁྲོན་བོད་གཞུང་ལམ་གྱི“མཁའ་ལམ་གྱི་གུག་ཆ་72”ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4658ཟིན་པའི་ཉིན་ལའི་རྩེ་ནས་ས་བབ་མཐོ་ཚད་སྨི་2800ཟིན་པའི་སྐར་མ་རོང་བར་གྱི་སྤྱི་ལེ་30ཡི་ལམ་དུམ་དུ་མཐོ་དམན་ཧེ་བག་སྨི་1800ལྷག་ཙམ་ཟིན་གྱི་ཡོད། དེ་གར་ཐུར་གཟར་བ་དང་གུག་ཆ་མང་བས་མིང་དེ་ལྟར་བཏགས་ཡོད།

    ཁྲོན་བོད་གཞུང་ལམ་གྱི“མཁའ་ལམ་གྱི་གུག་ཆ་72”ཞེས་སུ་འབོད་པའི་ལམ་གཟར་པོ་དེ་ནས་རི་མཐོ་ལ་གཡང་གཟར་བའི་བཙན་འགག་དེར་ལྟ་སྐབས། གསར་འགོད་པར་ལོ་70ཡི་གོང་དུ་བོད་སྐྱོད་བཅིངས་འགྲོལ་དམག་གིས་སྦྱག་མ་དང་། འཇོར། སྟབས་བདེའི་རྫས་མེ་བཅས་ལ་བརྟེན་ནས་ཕོ་རྒོད་པོ་ཡང་སྙིང་རྩ་འདར་བའི”ས་ཆ་འདིར་གཞུང་ལམ་བཟོ་བར་དཀའ་ཚེགས་ཇི་ཙམ་སྤྱད་པ་དང་བློས་གཏོང་ཇི་ཙམ་བྱས་མིན་བལྟས་པ་ཙམ་གྱིས་ཤེས་ཐུབ་པའི་ངེས་ཤེས་བརྟན་པོ་རྙེད་བྱུང་།

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ་ང་ཚོ་བཅར་འདྲི་ཚོགས་ཆུང་གིས་ས་བབ་མཐོ་ཚད་སྨི་4268ཀྱི་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་དུ་བཅའ་སྡོད་བྱས་ནས་ཁྲོན་བོད་གཞུང་ལམ་ཐེམ་ཐོག་གྲོང་ཚོ་ནས་རྒྱལ་མོ་རྔུལ་ཆུ་རོང་བར་གྱི་སྤྱི་ལེ་90ཡི་གཞུང་ལམ་བདག་སྐྱོང་ཤར་གཏོང་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་འགན་གཙོ་བོ་འཁུར་མཁན་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་ཞིག་གི་རུ་འབྲིང་ལ་བཅར་འདྲིར་བསྐྱོད་པ་ཡིན། འདི་གར་ཚེ་སྲོག་གི་མཁའ་ལམ་རྒྱུན་མཐུད་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་སྔོན་གཤེགས་དཔའ་བོ་ཚོས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་བཏོད་པའི“ལམ་གཉིས”ཀྱི་སྙིང་སྟོབས་དེ་དཔོན་དམག་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་འགྱུར་མེད་ཀྱི་དམ་བཅའ་ཞིག་ཏུ་གྱུར་པར་གསར་འགོད་པས་སྙིང་དབུས་ནས་བསྔགས་བརྗོད་ཞུ་བར་ཐལ།

    “རུ་འབྲིང་གིས་1996ལོའི་ཟླ་10པར་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཁྲོན་བོད་གཞུང་ལམ་འཕྲུལ་ཆས་ཅན་གྱི་བདག་སྐྱོང་ཉིང་ལག་རུ་ཁག་བཙུགས་པ་ནས་བཟུང་། ལོ་24བསྟུད་མར‘གསོ་རླུང་དཀོན་པ་དང་ལྷགས་པ་ཆེ་བའི’‘མཁའ་ལམ་གྱི་གུག་ཆ་72’སུ་གངས་འཁྱག་གི་གྲང་ངར་དང་གསོ་རླུང་དཀོན་པའི་གནད་དོན་ཁྱད་དུ་བསད་དེ་འཆི་རྨས་གཅིག་ཀྱང་མ་བྱུང་བའི་གྲུབ་འབྲས་ཀྱིས་རི་མཐོ་ལ་གཡང་གཟར་བའི་ཁྲོན་བོད་ཀྱི་རང་བྱུང་བཙན་འགག་དེ་བགྲོད་བདེ་བའི་ལམ་ཆེན་ཞིག་ཏུ་གྱུར་པར་བྱས་ཡོད”ཅེས་དྲག་ཆས་ཉེན་རྟོག་འཕྲལ་སྒྲུབ་སྤྱི་ཁྱབ་རུ་ཁག་གཉིས་པའི་ཉིང་ལག་རུ་ཁག་དེའི་རུ་འབྲིང་བཀོད་འདོམས་པ་དབྱང་ཐུང་གིས་གསར་འགོད་པར་དེ་ལྟར་བརྗོད། “མཁའ་ལམ་གྱི་གུག་ཆ་72”སུ་ཆེས་གཅེས་པར་འོས་པའི་མི་སྣའི་གཏམ་རྒྱུད་སྐོར་གླེང་སྐབས། དབྱང་ཐུང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“རུ་འབྲིང་གིས‘གུག་ཆ་72བརྟན་སྲུང་དང་། དཀའ་ངལ་72ཁྱད་བསད། ལས་རྗེས་72བཏོད་པ’བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་པ་དང‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’ལག་བསྟར་ཤུགས་ཆེན་བྱས་ཡོད། དཔོན་དམག་ཚང་མ་ནི་བླ་སྲོག་དང་། འཇོན་ཐང་། དཔའ་ངར། ཀུན་སྤྱོད་བཅས་ལྡན་པའི་མི་རབས་གསར་པའི་གསར་བརྗེའི་དམག་མི་ཤ་སྟག་རེད”ཅེས་བརྗོད།

    1996ལོར་རུ་འབྲིང་དེ་བཙུགས་ཚུན། དཔོན་དམག་ཚོས་ཆ་རྐྱེན་དཀའ་ཚེགས་ཆེ་ལ་ཁོར་ཡུག་ཞན་པོ་ཡོད་ཀྱང་། མྱུར་ཚད་མགྱོགས་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ལས་འགན་ལེགས་སྒྲུབ་བྱས་ཡོད། ཁོ་ཚོས་སྔ་རྗེས་སུ་སྐར་མ་རོང་གི་གད་རྡིབ་ཚབས་ཆེན་དང་། 2003ལོ་དང་2005ལོའི་ཐེམ་ཐོག་གི་འདམ་རྡོའི་ཆུ་རུད། 2005ལོ་དང་། 2009ལོ། 2015ལོ་བཅས་ཀྱི་ཉིན་ལའི་གངས་སྐྱོན་ཚབས་ཆེན། 2013ལོའི་ཆབ་མདོའི་ས་ཡོམ་དང་ཐོག་གཉིས་གྲོང་ཚོའི་འདམ་རྡོའི་ཆུ་རུད། 2014ལོའི་ཐོག་གཉིས་གྲོང་ཚོའི་གད་རྡིབ་ཚབས་ཆེན་དང་སྐར་མ་རོང་གི་འདམ་རྡོའི་ཆུ་རུད། 2016ལོའི་ཤེལ་ཐང་ལུང་ཤུར་གྱི་ཆུ་ལོག་གི་གནོད་འཚེ་ཚབས་ཆེན། 2017ལོའི་རྒྱལ་མོ་རྔུལ་ཆུའི་ས་རྡིབ་ཚབས་ཆེན། 2018ལོའི“མཁའ་ལམ་གྱི་གུག་ཆ་72”ཀྱི་འདམ་རྡོའི་ཆུ་རུད་ཚབས་ཆེན། 2019ལོའི་སྐར་མ་རོང་གི་གད་རྡིབ་ཚབས་ཆེན་སོགས་ཉེན་སེལ་རོགས་སྐྱོབ་ཀྱི་ལས་འགན་གལ་ཆེན་རྣམས་བསྒྲུབས་ཡོད།

    བྲག་རྡོ་ལྟ་བུའི་ཟོལ་མེད་དང་། ཀ་རྟེན་ལྟ་བུའི་མྱུར་སེལ། ལམ་རྡོ་ལྟ་བུའི་ལེགས་སྐྱེས། ལྕགས་རྡོ་ལས་ལྷག་པའི་སྙིང་སྟོབས་བཅས་ཀྱི་རུ་འབྲིང་གིས་ཐོག་མཐའ་བར་གསུམ་དུ་ཟོལ་མེད་དང་ལྷག་བསམ་གྱི་དད་སེམས་རྒྱུན་འཁྱོངས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་དཀའ་ཉེན་ལ་མི་འཛེམ་པ་དང་རང་སྲོག་འདོར་བར་མི་སྐྲག་པའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཡོད། དཔོན་དམག་ཚང་མ་རུ་འབྲིང་དུ་འབྱོར་རྗེས་ཀྱི་སློབ་ཚན་དང་པོ་ནི་གཟི་བརྗིད་མཚན་སྙན་ཁང་དུ་ལྟ་སྐོར་ལ་ཁྲིད་ཅིང་། དེར་བསྒྲིགས་པའི་རུ་འབྲིང་གི་ལོ་24ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཀོད་པའི་གཟེངས་རྟགས་དང་གོས་དར་རེ་རེ་ལས་དཔོན་དམག་ཁག་དང་ཁག་ལ་མིག་འདྲིས་རྣར་འཇགས་བྱེད་རིང་དད་སེམས་ཀྱི་སྟོབས་ཤུགས་ཚོར་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྒུལ་ཤུགས་འཕེལ་གྱི་ཡོད། ལོ་ལྟར་གྱི་དྭངས་གསལ་དུས་ཚིགས་དང“བརྒྱད་གཅིག”དམག་བཙུགས་དུས་ཆེན་སྐབས་སུ། རུ་འབྲིང་གིས་དཔོན་དམག་ཚོ་རྒྱལ་མོ་རྔུལ་ཆུའི་ཟམ་པའི་སྔོན་གཤེགས་དཔའ་བོའི་སྒར་སར་ཁྲིད་དེ“ལྡིང་དཔོན་གཙང་པོར་མཆོང་བའི་རི་མོའི”མདུན་དུ། ཚང་མར་དམག་སྡེ་བཅོ་བརྒྱད་པའི་སྔོན་བྱོན་པ་ཚོས་རི་བོ་ཕྲད་ཚེ་ལམ་འབྱེད་པ་དང་གཙང་པོ་འཕྲད་སྐབས་ཟམ་པ་བརྒྱབ་པའི་དཔའ་བོའི་རླབས་ཆེའི་བྱ་སྤྱོད་བརྗོད་ནས་དཔོན་དམག་ཚོར་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་མཁའ་ལམ་གྱི་ཆེད་དུ་རང་སྲོག་འདོར་ཕོད་པའི་སྙིང་སྟོབས་འཕེལ་བར་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད།

    “མཁའ་ལམ་གྱི་གུག་ཆ་72”སུ་ལམ་གུ་དོག་པ་དང་། གུག་ཆ་མང་བ། གྱེན་གཟར་བ་མ་ཟད། ད་དུང་ཆར་དུས་སུ་རྡོ་ཟག་པ་དང་། དགུན་དུས་སུ་འཁྱག་པ་ཐེབས་ནས་དུས་དང་རྣམ་པ་ཀུན་ཏུ་དཔོན་དམག་ཚོའི་སྙིང་སྟོབས་ལ་ཚོད་བགམ་བྱེད་བཞིན་མཆིས།

    2019ལོའི་ཟླ་12པར“མཁའ་ལམ་གྱི་གུག་ཆ་72”རྒྱུད་དུ་གངས་ཆེན་པོ་བསྟུད་མར་བབས་ནས་སྤྱི་ལེ་20ཡི་འགྲོ་ལམ་རྦད་དེ་འགགས་པས་ཁ་ལོ་བ་དང་འགྲུལ་པ་100ལྷག་ཙམ་དེ་གར་ལུས། གནོད་འཚེ་ནི་བཀའ་རྒྱ་ཡིན་པས་དཔོན་དམག་ཚོ་མགྱོགས་མྱུར་འགྲོ་ལམ་འགག་ཁུལ་དུ་འབྱོར། ཁོ་ཚོས་ལམ་དུམ་བུར་གངས་གསོག་ཐེབས་ཚད་ཆ་སྙོམས་སྨི་1.5ཡན་ཟིན་པ་ཤེས་པ་དང་། གངས་ཀྱིས་རི་བོ་ཡོངས་སུ་བཏུམས་པས་མིག་ཀྱང་གདངས་དཀའ་བར་གྱུར་པ་མ་ཟད། འུར་འུར་དུ་ལྡང་བའི་གྲང་རླུང་གིས་མི་རྣམས་དབུགས་གཏོང་དཀའ་བར་གྱུར། མང་ཚོགས་རྣམས་མགྱོགས་མྱུར་དཀའ་ཉེན་ལས་སྐྱོབ་ཆེད། ཁོ་ཚོས་འཕྲལ་དུ་མི་སྣ་སྒྲིག་འཛུགས་དང་འཕྲུལ་འཁོར་བཏང་ནས་ནུས་ཤུགས་ཡོད་རྒུས་ལམ་བཤངས་པ་རེད། འོན་ཀྱང་ལམ་ཕྱེད་ཀ་བཤངས་རྗེས་གངས་སེལ་འཕྲུལ་ཆས་གློ་བུར་དུ་སྐྱོན་ཤོར་ནས་ལམ་གཤོང་མཚམས་མི་བཞག་ཀ་མེད་དུ་གྱུར། དུས་ཚོད་རྩ་ཆེན་པོ་རེད། འཕྲུལ་འཁོར་གཏོང་མཁན་ལི་ཡ་ཏུང་གིས་འཕྲལ་དུ་འཕྲུལ་འཁོར་ནས་བབས་ནས་དེའི་འོག་ཏུ་བསྐྱོད་དེ་བརྟག་དཔྱད་བྱས་རྗེས་སྣུམ་མདོང་འཁྱགས་པས་གས་ནས་སྐྱོན་ཤོར་བ་ཤེས།

    འཕྲུལ་འཁོར་གྱི་སྐྱོན་ཤོར་ས་ཤེས་རྗེས། ལི་ཡ་ཏུང་གིས་གངས་ཁྲོད་དུ་ཉལ་ནས་འཁྱགས་རེངས་ཐེབས་པའི་ལག་གཉིས་ཀྱིས་སྐམ་པ་བཟུང་སྟེ་གསར་དུ་བརྗེས་པའི་སྣུམ་མདོང་གི་གཅུས་གཟེར་རེ་རེ་བཞིན་དམ་པོར་བསྒྲིམས། འཕྲུལ་འཁོར་བཟོས་རྗེས་ལམ་གཤོང་ལས་དོན་མུ་མཐུད་བྱེད་འགོ་ཚུགས། ཆུ་ཚོད་9ཡི་འབད་འཐབ་བརྒྱུད་འགྲོ་ལམ་བདེ་བླག་ངང་བཤངས་པས་དཀའ་ཉེན་ལས་བསྒྲལ་བའི་རླངས་འཁོར་གྱི་ཁ་ལོ་བས་དུང་བརྡ་བཏང་སྟེ་དཔོན་དམག་ཚོར་གུས་འདུད་ཞུ་ལུགས་མཚོན་པར་བྱས་ཡོད་ལ། བོད་རིགས་སྤུན་ཟླ་ཚོས“བཅིངས་འགྲོལ་དམག་མི་ཡག་པོ་འདུག”ཅེས་སེམས་འགུལ་ཐེབས་བཞིན་དུ་བརྗོད།

    རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བར་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྲུང་དགོས་པ་མ་ཟད། ཐོག་མའི་བསམ་འདུན་བསྲུངས་ནས་ཁེ་གྱོང་སྣང་མེད་དུ་མཐའ་འཁྱོངས་འཇོག་དགོས། བོད་ས་ཐག་རིང་པོ་ཇི་ཙམ་ཡིན་རུང་མེས་རྒྱལ་གྱི་མངའ་ཁོངས་རེད། མཁའ་ལམ་སྲུང་བར་དཀའ་ཚེགས་ཆེན་པོ་ཡོད་རུང་སྲུང་མཁན་ཞིག་དགོས། མཁའ་ལམ་སྲུང་རིང་རུ་འབྲིང་གི་དཔོན་དམག་ཚོས་གློ་སྙིང་ནད་དང་ཁྲག་གར་དུ་སོང་བ་སོགས་ཀྱི་ས་མཐོའི་ནད་ལ་མི་སྐྲག་པ་དང་སྤྱིར་བཏང་གི་མིས་བཟོད་པར་དཀའ་བའི་ཁེར་རྐྱང་དང་ཡུལ་པོའི་འཚོ་བ་ཁྱད་དུ་བསད་དེ་རང་ཉིད་གཟེར་ལྟར་ཚེ་སྲོག་གི་ལམ་ཐིག་འདིར་དམ་པོར་བརྒྱབ་ཡོད།

    རུ་འབྲིང་གི་དཔོན་དམག་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་པའི་དངོས་ཡོད་དང་གཞི་རྟེན་ཞིབ་ཕྲ་མང་པོ་ཡོད་ཅིང་། ལོ་མང་རིང་ཁོ་ཚོས་སྤོམ་མདའ་གྲོང་ཚོའི་དུད་ཚང་དབུལ་པོ་དབང་ཕྱུག་དང་བསོད་ནམས་ལ་རོགས་སྐྱོར་བྱས་པ་དང་། སྤོམ་མདའ་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་ཆ་སྒྲིག་བྱས་ཏེ་ཉེན་རྟོག་པ་དང་སློབ་གྲྭ་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ཆགས་ཡོད།

    འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར། རུ་འབྲིང་བཙུགས་ཚུན་རུ་འབྲིང་གིས་མཉམ་སྡེབ་ཀྱི་བྱས་རྗེས་རིམ་པ་དང་པོ་ཐེངས་གསུམ་དང་བྱས་རྗེས་རིམ་པ་གསུམ་པ་ཐེངས་གཉིས་བཞག་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེས“གཞི་རིམ་འཛུགས་སྐྱོང་གི་སྔོན་ཐོན་རུ་འབྲིང”གི་མཚན་སྙན་སྤྲད་པ། འགྲིམ་འགྲུལ་པུས“རྒྱལ་ཡོངས་ཀྱི་དཔེ་བཟང་ལམ་སྐྱོང་ས་ཚིགས”ཀྱི་མཚན་སྙན་སྤྲད་པ། སྤྱི་ཁྱབ་རུ་ཁག་གིས“གཞི་རིམ་འཛུགས་སྐྱོང་གི་དཔེ་སྟོན་རུ་འབྲིང”དང“སྔོན་ཐོན་གཞི་རིམ་གྱི་ཏང་ཀྲི་པུའུ”ཡི་མཚན་སྙན་ཐེངས་ལྔ་སྤྲད་པ་རེད།

    “ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་མཁན་རུ་འབྲིང་གི་དཔོན་དམག་ཚོས་རྒྱུག་མཐུད་དབྱུག་པ་བླངས་ནས། གངས་ལྗོངས་མཁའ་ལམ་དུ་གཞི་ཚུགས་ཏེ། ཁྲོན་བོད་ལམ་ཐིག་གི་ས་བབ་མཐོ་བ་དང་། གནོད་འཚེ་མང་བ། མཁའ་ལམ་གྱི་ཉེན་ཁ་ཆེ་བ་བཅས་ཀྱི་ཉིན་ལ་སྲུང་བ་དང་། ཁོར་ཡུག་ཧ་ཅང་ཞན་པོར་མཐའ་སྲུང་གི་ཟོལ་མེད་སེམས་པ་བཅངས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། ཁྲོན་བོད་གཞུང་ལམ་གྱི་བདེ་འཇགས་ཤར་བགྲོད་དང་ལམ་ཐིག་རྒྱུད་ཀྱི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བྱས་དང་བྱེད་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།