དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲི་གྲོང་ཁྱེར་གྱི་རིམ་གཉིས་མི་དམངས་ཁྲིམས་ཁང་གིས“ངས་མང་ཚོགས་ལ་བྱ་བ་དངོས་ སྒྲུབ་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་རིམ་གཉིས་མི་དམངས་ཁྲིམས་ཁང་གིས་སློབ་སྦྱོང་སློབ་གསོ་དང་ལག་བསྟར་གྱོད་སྒྲུབ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ། དེ་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་སྤེལ་བས། ལག་བསྟར་ལས་དོན་གྱི་ལྷུ་ཚིགས་ཁག་གི་དམངས་ཕན་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ཞབས་འདེགས་ཞུ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ལག་བསྟར་གྱོད་སྒྲུབ་ལས་འགན་ཨང་དང་པོར་བརྩི་བ་དང་། དུས་བཀག་བཞིན་གྱོད་ཐག་གཅོད་མི་ཐུབ་པའི་གྱོད་གཞི་གསེད་བཀྲོལ་བྱེད་པ། ལས་དོན་རྩིས་ཁྲ་འཛུགས་པ། ལས་དོན་གྱི་དམིགས་ཚད་ཁ་གསལ་དུ་གཏོང་བ། གྱོད་གཞི་རེ་རེ་བཞིན་ལ་གྱོད་གཞིའི་གནས་ཚུལ་དབྱེ་ཞིབ་དང་ཐག་གཅོད་བྱེད་ཐབས་བཟོ་བ། ལག་བསྟར་བྱེད་ཐབས་རིགས་དབྱེ་ནས་སྤྱོད་པ། ཕྱོགས་བསྡུས་ཇུས་བསྟར་གྱིས་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་བ། ལག་བསྟར་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། གྱོད་གཞི་དུས་བཀག་བཞིན་གྱོད་ཐག་གཅོད་པའི་འགན་ལེན་བྱས་ཡོད། ཁྲིམས་འཛིན་ཆད་གཅོད་བསླབ་འདོམས་རྒྱུན་རྣམ་ཅན་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཡིད་རྟོན་ཤོར་མཁན་ལ་ཆད་གཅོད་ཀྱི་དམ་བསྒྲཌ་རྣམ་པ་ཆཌ་པར་བྱས་ནས། འགན་སྒྲུབ་ནུས་པ་ཡོད་བཞིན་དུ་འོས་འགན་མི་སྒྲུབ་པའི་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་ལ་ཁྲིམས་འཛིན་བཀག་ཉར་དང་། འཛད་སྤྱོད་མཐོ་པོ་ཚོད་འཛིན། ཡིད་རྟོན་ཤོར་བའི“མིང་ཐོ་ནག་པོའི”ནང་འཇུག་པ་བཅས་ཀྱི་ཆད་པ་ཁྲིམས་ལྟར་བཅད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།