དབུ་ཤོག>ཆེད་སྒྲིག
  • དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    ལོ་ངོ་70ཡི་གོང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ཞིང་། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད།

    ལོ་ངོ་70ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད། དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་བར་འཕེལ་རྒྱས་ཕྱིན་ནས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་བོད་ཀྱི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་ཕྱིན་ཡོད།

    ང་ཚོས་བརྙན་པར་ཁག་གཅིག་བསྡུར་ན་ལོ་ངོ་70ཡི་རིང་བོད་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་གཏན་ནས་མིན་པའི་ལམ་བུར་ཕྱིར་ལྟ་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཉམས་སུ་མྱོང་ཐུབ།

    པར①ནི་1960ལོར་རི་འཛེག་རུ་ཁག་གི་རུ་མིས་ས་བབ་མཐོ་ཚད་སྨི་7000ཡན་གྱི་གངས་རི་འཛེག་བཞིན་པ།

    པར②ནི་2020ལོའི་ཟླ་5ཚེས་21ཉིན་པར་བླངས་པའི་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་མིས་སྤྱོད་པའི་དེང་རབས་ཀྱི་རི་འཛེག་སྒྲིག་ཆས་ཡིན་པ།

    པར①ནི་དུས་རབས་20པའི་ལོ་རབས་50པའི་ཁྱུང་གླིང་གྲོང་ཚོའི་རྔོན་པ་ཟླ་ཆེན་ཡིན་པ།

    པར②ནི་2021ལོའི་ཟླ་6ཚེས་19ཉིན་པར་བླངས་པའི་ཉིང་ཁྲིའི་སྨན་གླིང་རྫོང་ཁྱུང་གླིང་གྲོང་ཚོའི་གྲོང་མི་ཟླ་སྐྱིད་རྔོན་རྒྱག་གི་འཚོ་བ་སྐྱེལ་མཇུག་འགྲིལ་ནས་གསོ་ཚགས་དུད་ཚང་དང་ནགས་སྲུང་པར་གྱུར་པ།

    པར①ནི་དུས་རབས་20པའི་ལོ་རབས་80པར་མི་རྣམས་ཀྱིས་ལྷ་སའི་ཚོང་ཁང་ཞིག་ཏུ་ཅ་ལག་ཉོ་བཞིན་པ།

    པར②ནི་2021ལོའི་ཟླ་8ཚེས་15ཉིན་མི་རྣམས་ཀྱིས་ལྷ་སའི་དབན་ཏ་ཚོང་རར་ཅ་ལག་ཉོ་བཞིན་པ།

    པར①ནི་དུས་རབས་20པའི་ལོ་རབས་60པར་རང་རྒྱལ་གྱི་རི་འཛེག་རུ་མིས་ས་བབ་མཐོ་ཚད་སྨི་5700ཟིན་པའི་འཁྱགས་རོམ་ཐོག་ཞག་སྡོད་བྱེད་སྐབས་འཁྱགས་པ་བཞུར་ནས་ལྟོ་ཆས་བཟོ་བཞིན་པ།

    པར②ནི་2020ལོའི་ཟླ་5ཚེས་10ཉིན་མ་བྱན་གྱིས་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་ཚལ་རྔོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།