དབུ་ཤོག>ཆེད་སྒྲིག
  • སྣེ་གདོང་ཆུས་ཀྱིས“གཙོ་གནད་བཞིར”དམིགས་ཏེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

     འདི་ལོ་ནས་བཟུང་། སྣེ་གདོང་ཆུས་ཀྱིས“གཙོ་གནད་བཞིར”དམིགས་ཏེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    སྣེ་གདོང་ཆུས་ཀྱིས་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྦྱོང་བ་དང་། མི་སྒེར་གྱིས་རང་སྦྱོང་བྱེད་པ། གཅིག་སྡུད་ཞིབ་འཇུག་ངང་སྦྱོང་བ། ཡིག་ཚད་བཏང་ནས་སློབ་སྦྱོང་ལ་དཔྱད་དཔོག་བྱེད་པ། ལག་ལེན་བསྟར་ནས་སློབ་སྦྱོང་ལ་ཞིབ་བཤེར་བྱེད་པ་བཅས་ཀྱི“སློབ་སྦྱོང་ལྔར”མཐོང་ཆེན་བྱས་ཏེ། སློབ་སྦྱོང་བགྲོ་གླེང་ལ་དམ་འཛིན་བྱས་ནས་སློབ་སྦྱོང་གི་ཕན་འབྲས་མཐོ་རུ་བཏང་ཞིང་། ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་ནས“ཏང་གཤིས་སློབ་གསོ་དང་། གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བ། ས་གནས་ས་ཐོག་ཏུ་མྱོང་རོལ་བྱེད་པ། ཁྲིམས་རར་ཟུར་ཉན་བྱེད་པ”བཅས་ཀྱིས་ཉེན་ཟོན་སློབ་གསོའི་དམིགས་སའི་རང་བཞིན་ཆེ་རུ་བཏང་སྟེ། རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་དང་། ས་གནས་ས་ཐོག་གི་སློབ་ཚན། མྱོང་རོལ་གྱི་སློབ་ཚན་བཅས“སློབ་ཚན་གསུམ”འཚོགས་ཡོད། “འཚོལ་བ་བཞི”མཐའ་འཁྱོངས་བྱས་ཏེ་གནད་དོན་ལ་ལྟ་ཞིབ་གཏིང་ཟབ་བྱས་ཤིང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མངོན་ཆེར་བཟུང་ནས་འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་དངོས་ལ་ལྟ་ཞིབ་དང་ཚད་གཞིའི་བླང་བྱར་གཞིགས་ནས་ཧེ་བག་འཚོལ་བ། བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ། རང་འཁྲིའི་འགན་འཁྲིར་གཞི་ཚུགས་ནས་ཞན་ཆ་འཚོལ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་གནད་དོན་བཤེར་འདོན་བྱས་ཏེ་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད། “ལམ་སྲོལ་གཅིག”བཙུགས་ཏེ་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱས་ཤིང་། “གནད་དོན་ཕྱོགས་སྟོན་དང་། གསལ་ཐོ་དོ་དམ། མཇུག་འབྲས་ལྡོག་སྐུལ”གྱི་གནད་དོན་དག་ཐེར་ལམ་སྲོལ་བཙུགས་ཏེ་བཤེར་འདོན་བྱས་པའི་གནད་དོན་ལ་ཞིབ་འཇུག་ནན་ཏན་བྱས་ནས་གསལ་ཐོ་དང་རྩིས་ཁྲ་བཟོས་ནས་རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།