དབུ་ཤོག>ཆེད་སྒྲིག
  • གྲོང་ཚོ་མཛེས་ཤིང་མང་ཚོགས་སྐྱིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    ལོ་མང་རིང་། ལྷ་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བཀོད་གཏོང་ལས་དོན་ཧུར་ཐག་སྤེལ་བ་རེད། ཤང(གྲོང་རྡལ)10ཡི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)122སུ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཁྱོན་བསྡོམས་ཏུན་501.7གཙང་སེལ་བྱས་པ་དང་། གྲོང་གསེབ་ཀྱི་འགྱིག་ཤོག་གད་སྙིགས་ཏུན་236.86གཙང་སེལ་བྱས་པ། གྲོང་ཚོའི་ཆུ་རྫིང་95ཡི་གད་སྙིགས་གཙང་སེལ་བྱས་པ། གཙང་པོ་དང་མཚོ་སྤྱི་ལེ་387.5ཡི་གད་སྙིགས་གཙང་སེལ་བྱས་པ། གྲོང་ཚོའི་ནང་གི་འདམ་པ་ཏུན་8.1གཙང་སེལ་བྱས་པ། གྲོང་ཚོའི་ནང་གི་གྱང་རོ་ཁག་27གཙང་སེལ་བྱས་པ། གྲོང་ཚོའི་ནང་གི་འཕྲུལ་འཁོར་གོག་ཏོ་14གཙང་སེལ་བྱས་པ་མ་ཟད། མང་ཚོགས་18196གི་ངལ་ནུས་ཐེངས་71སྐུལ་སློང་གིས། གཙང་སྦྲ་བྱེད་ཐུབ་མེད་པའི་ཁུག་ཀྱོག་1348བཅས་ལ་གཙང་སྦྲ་བྱས་པ་རེད། གྲོང་ཚོ་དང་དུད་ཚང་ཁག་ལ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་1003བྱས་པར་མི་ཐེངས་24619ལ་སློབ་གསོ་ཐེབས་ཤིང་དྲིལ་བསྒྲགས་དཔྱད་ཡིག་ཁག་1355སྤྲད་པ་དང་དྲིལ་བསྒྲགས་སྦྱར་ཡིག་ཁག་814སྦྱར་ཡོད།

    དེ་གོང་ཁང་པའི་ནང་གི་གསང་སྤྱོད་ལ་ཆུ་བཤལ་གཏོང་མི་ཐུབ་པས་ལོ་གཅིག་དུས་བཞིར་དྲི་ངན་བྲོ་གི་ཡོད། སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་མི་དམངས་ཀྱི་བསམ་བློ་དང་འདུ་ཤེས་ལ་འགྱུར་ལྡོག་བྱུང་སྟེ་མི་མང་པོ་ཞིག་གིས་དེང་རབས་ཅན་གྱི་གསང་སྤྱོད་འཛུགས་འདོད་བྱེད་ཀྱི་ཡོད། དེང་རབས་ཅན་གྱི་གསང་སྤྱོད་སྟབས་བདེ་པོ་ཡོད་ལ། འཚོ་བའི་སྤུས་ཚད་ཀྱང་མཐོ་རུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རི་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཁྱོན་བསྡོམས་སྒོར་872000བཏང་ནས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་དོན་སྤེལ་ཡོད། མིག་སྔར་དུད་ཚང་བསྡོམས་6751གི་ཁྲོད་ནས་2019ལོའི་ལོ་མཇུག་ཏུ་དུད་ཚང་936ལ་གསང་སྤྱོད་བསྐྲུན་པ་དང་། 2020ལོར་དུད་ཚང་113གྱི་གསང་སྤྱོད་སྒྱུར་བཀོད་བྱས་ཡོད།

    གྲོང་གསེབ་ཀྱི་གད་སྙིགས་ཐག་གཅོད་ཡག་པོ་ཇི་ལྟར་བྱེད་དགོས་པ་དེའང་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་བྱ་བར་གྱུར་ཡོད། ལོ་མང་རིང་ལྷ་རི་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། ཆུ་སྙིགས་གཙང་སེལ། བདག་སྐྱོང་ལམ་སྲོལ་བཟོ་བ་བཅས་ཀྱི་ལས་དོན་སྤེལ་ནས་གྲོང་ཚོ་102ལ་གད་སྙིགས་གཅིག་སྡུད་བསྡུ་ཉར་ས་ཚིགས་བཙུགས་པ་དང་། གད་སྙིགས་དབོར་འདྲེན་རླངས་འཁོར་18བཀོད་སྒྲིག་བྱས་པ། གཙང་སྦྲའི་ཡོ་བྱད་54སྤྲད་པ། གྲོང་ཚོ་1ལ་བསྡུ་སྐྱེལ་མ་ལག་བཙུགས་པ། གྲོང་གསེབ་ཀྱི་འཚོ་བའི་ཆུ་སྙིགས་གང་བྱུང་དུ་འབུད་པའི་སྣང་ཚུལ་ཚོད་འཛིན་ཐུབ་པའི་གྲོང་ཚོ་122ཟིན་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ནང་དོན་གྲོང་སྲོལ་དམངས་ཆིངས་ནང་བཅུག་པའི་གྲོང་ཚོ་122ཟིན་པ། གྲོང་ཚོར་གཙང་སྦྲ་བྱེད་པའི་ལམ་སྲོལ་བཙུགས་པ། དམིགས་འཛུགས་ཀྱི་གཙང་སྦྲ་བ་ཡོད་པའི་གྲོང་ཚོ་122ཟིན་པ། གྲོང་ཚོའི་གཙང་སྦྲ་བ་ཁྱོན་བསྡོམས་488ཡོད།

    མིག་སྔར། ལྷ་རི་རྫོང་གི་ཤང་10ཡི་སྲིད་འཛིན་གྲོང་ཚོ་122ཀྱིས་གྲོང་གསེབ་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་འགོད་བཟོས་ཡོད། གྲོང་ཚོ་122ཀྱི་ཞིང་འབྲོག་པའི་འཚོ་བ་དང་ཐོན་སྐྱེད་གཞི་རྩའི་ཆ་ནས་མི་ཕྱུགས་ལོགས་དབྱེ་ཐུབ་ཡོད། གྲོང་ཚོ་88ཀྱི་མ་ལམ་ཨར་འདམ་ཅན་དུ་གྱུར་བ་དང་། གྲོང་ཚོ་79ཡི་མ་ལམ་སྔོ་འགྱུར་བྱུང་ཡོད་ལ། གྲོང་ཚོ་21གི་མ་ལམ་དང་སྤྱི་པའི་ཁུལ་དུ་གློག་སྒྲོན་ཡང་བསྒར་ཡོད།

    ཁོར་ཡུག་མཛེས་སུ་སོང་ནས་གྲོང་མིའི་འདུ་ཤེས་ལའང་འགྱུར་ལྡོག་སོང་ཞིང་། སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱ་རྒྱུ་དེ་ཁོང་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་དམིགས་ཚད་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།