དབུ་ཤོག>ཆེད་སྒྲིག
  • ཧོ་ཅིང་། ཤར་ལོག་དཔའ་བོའི་ཕ་ཡུལ་དུ་བཅར་འདྲིར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    986748_yis_1629993600000_s.jpg

    འདི་ནི་ཧོ་ཅིང་གི་གསར་བརྗེའི་དཔའ་བོའི་དྲན་གསོའི་རྡོ་རིང་ཡིན་པ།

    ཉེན་ཁ་ཤིན་ཏུ་ཆེ་བའི་སྐབས་སུ། པ་ལི་ཞང་གིས་འཚབ་འཚུབ་མེད་པར་བདེ་ལྕག་འཁྱུག་པོས་སྨི་ཁ་ཤས་མཆོངས་ཏེ་མེ་མདའ་བསྟུད་མར་འཕངས་པས་འབྲོང་ས་ལ་འགྱེལ།

    མུ་མཐའ་མེད་པའི་ཐང་རྒོད་དུ། ཁོང་ཁེར་རྐྱང་དུ་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་མེད་པར་ཕར་འགྲོ་ཚུར་འོང་བྱེད།

    ཁོང་གི་ལུས་ཟུངས་ཟད་ཅིང་། གངས་རིའི་སྟེང་དུ་ཁྲག་ཐིགས་པ་དགའ་རབ་ཅིག་བསྐྱུགས།

    དབུགས་ཆད་ལ་ཁད་དུ་ཁོང་གིས“ང་ད་ལྟ་ཤི་འདོད་མི་འདུག ད་དུང་འཐབ་གྲོགས་ཚོར་རྔོན་རྒྱག་རོགས་བྱེད་དགོས་ཡོད། ད་དུང་སྒར་ཐོག་ཏུ་འབྱོར་མེད་པས། ལས་འགན་ད་དུང་ལེགས་གྲུབ་བྱུང་མེད། ད་དུང་ཕ་ཡུལ་དུ་ཐེངས་གཅིག་ལོག་མེད”

    --《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    ཧོ་ཅིང་རྫོང་ནི་ཤིན་ཅང་གི་དབུས་རྒྱུད་དུ་གནས་ཤིང་། གངས་རི་ར་བས་བསྐོར་བ་དང་། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། ས་ཆ་བདེ་ཞིང་ཁོད་སྙོམས་པ་ཞིག་ཡོད། དེ་ནི་རང་རྒྱལ་གྱི་རི་མཐོའི་རྩྭ་ཐང་ཆེ་ཤོས་ཤིག་དང་ཐེན་ཧྲན་དབུས་རྒྱུད་དུ་ས་རྒྱུ་གཤིན་ཤོས་ཀྱི་རང་བྱུང་འབྲོག་ར་ཞིག་རེད་ལ། ལོ་ངོ་250ཡི་གོང་དུ་ཐོར་གོད་ཚོ་པའི་འགོ་པ་ཨོ་པ་ཞིས་སྡེ་མི་ཁྲིད་དེ་ཧྥུར་ཅ་གཙང་པོའི་རྩྭ་ཐང་ནས་ལེ་དབར་ཁྲི་བརྒྱུད་ཤར་དུ་ལོག་རྗེས། སྐྱས་སྤོས་དང་སོར་ཆུད་སྐྱེ་འཕེལ་བྱེད་པའི་ཕ་ཡུལ་རེད། དེ་བས་ས་ཆ་དེ་ནི་ལོ་ངོ་70ཡི་གོང་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་ཐོར་གོད་ཚོ་པའི་སོག་རིགས་འཐབ་འཛིང་བ་23གྱི་ཕ་ཡུལ་ཡང་རེད།

    ཟླ་6ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་11ལ། ཧོ་ཅིང་རྫོང་གྲོང་གི་བྱང་ངོས་སྤྱི་ལེ་5ཡས་མས་ཀྱི་སར་ཡོད་པའི་ཧོ་ཅིང་གསར་བརྗེའི་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་རྗེས་རབས་པ་དང་གཉེན་ཉེ་ཁག་གཅིག་གཅིག་རྗེས་གཉིས་མཐུད་དུ་འཛོམས།

    ལོ་45ལ་སླེབས་པའི་དབྱི་རིན་ཆེན་གྱིས་བང་སོའི་སྐྱེད་ཚལ་གྱི་མདུན་གྲལ་དུ་ཡོད་པའི་དཔའ་བོ་དབང་དགའི་རྡོ་རིང་གི་མདུན་དུ་སྤོས་སྤར་བ་དང་བསང་བཏང་ཞིང་། མཆོད་མེ་དང་སིལ་ཏོག་སྐམ་པོ་བང་སོའི་རྡོ་རིང་གི་མདུན་དུ་བསྒྲིགས་རྗེས་ནང་མི་དང་མཉམ་དུ་སྒམ་ནན་གྱིས་ཕྱག་འཚལ།

    དབང་དགའ་ནི་དབྱི་རིན་ཆེན་གྱི་ཨ་ཁུ་ཡིན་ཞིང་བུ་ཚ་མེད།

    དཔའ་བོ་དབང་དགའ་དང་གྲལ་སྟར་གཅིག་ཏུ་ད་དུང་དཔའ་བོ་པ་ལི་ཞང་དང་། ཅང་པུའུ་ལི། རྡོར་རྒྱལ། རྡོ་རྗེ། ཁན་མན། ཅི་ཧྥུའུ་ཞང་། ནོར་བུ། ཨ་ཐིང་ཧྥང་བཅས་དཔའ་བོ་9ཡི་བང་སོའི་རྡོ་རིང་ཡོད། ཧོ་ཅིང་གི་སྔོ་ཞིང་དྭངས་པའི་མཁའ་འོག་བང་སོའི་སྐྱེད་ཚལ་ནི་དེ་བས་གཟབ་ནན་ཆེ་ཞིང་བརྗིད་ཉམས་ལྡན་པ་ཞིག་མངོན།

    དེ་ནི་ལོ་ངོ་70འགྱངས་པའི་མཆོད་འབུལ་ཞིག་རེད།

    ཧོ་ཅིང་གི་གསར་བརྗེའི་དཔའ་བོའི་བང་སོའི་སྐྱེད་ཚལ་གྱི་ལས་དོན་པ་ཧན་ཤིན་ཀན་གྱིས། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་མངའ་རིས་སུ་གྲོངས་པ་དང་ཧོ་ཅིང་ནས་ཡིན་པའི་ཐོར་གོད་ཚོ་པའི་སོག་རིགས་དཔའ་བོ་9ནི་འདི་ལོའི་དྭངས་གསལ་དུས་ཚིགས་གོང་གཞི་ནས་མངའ་རིས་དཔའ་བོའི་བང་སོའི་སྐྱེད་ཚལ་ནས་འདི་གར་སྤོས་པ་རེད། “འདི་ལོའི་དྭངས་གསལ་དུས་ཚིགས་སྐབས་སུ། རྫོང་ཡོངས་ཀྱིས་འདི་གར་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད”ཅེས་བཤད།

    ཁེ་ཞི་ཏའེ་བུ་ཁྲིད་ནས་སླེབས་ཤིང་། ཁོང་ནི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་ཅང་པུའུ་ལིའི་ཚ་མོ་རེད། ལོ་ངོ་70ཡི་སྔོན་དུ། ཅང་པུའུ་ལི་ཧོ་ཅིང་གི་དཔོན་ཚང་ནས་དམག་མིར་བསྡུ་སྐབས་བུ་པ་ཏེ་མན་གཞི་ནས་ལོ་གཉིས་ཙམ་རེད། པ་ཏེ་མན་ནི་ཁེ་ཞི་ཏའེ་ཡི་པ་ཕ་རེད། ཅང་པུའུ་ལི་དམག་ལ་ཞུགས་རྗེས་ཁྱིམ་དུ་ལོག་ཐུབ་མེད། ཕྱིས་སུ་ཁོང་འོས་ལངས་བྱས་རྗེས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས་པ་ནང་མིས་ཤེས་ཀྱི་མེད། ཀྲུའུ་ཞི་མའོ་ཙེ་ཏུང་གིས“འཇིག་རྟེན་ན་འགྲན་ཟླ་མེད་པའི་དཔའ་བོ”ཞེས་བསྔགས་པའི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་དཔུང་སྡེའི་ཅང་པུའུ་ལི་སོགས་ཐོར་གོད་ཚོ་པའི་སོག་རིགས་དཔའ་བོ་9མཉམ་དུ་མངའ་རིས་ས་མཐོར་ནམ་ཡང་སྤྱན་མིག་བཙུམས།

    ལོ་ན་ཕྲ་བའི་ཚེ་སྲོག“འཛམ་གླིང་ཡང་རྩེའི་ཡང་རྩེར”སྐྱེས་སུ་ཕུལ་བའི་སྐོར་དང་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་བྱས་རྗེས་པཱ་དབྱིན་པུའུ་ལུའུ་ཁེ་རྩྭ་ཐང་དུ་མཚམས་མི་ཆད་པར་གྲགས།

    ཧོ་ཅིང་རྫོང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཀྲའོ་ལེན་ཁྲུན་གྱིས། མིག་སྔར་ཧོ་ཅིང་རྫོང་གིས་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་སྐོར་གྱི་གཡང་ཊི་དཀར་པོའི་འབུར་བརྐོས་གྱང་ཞིག་རྐོ་བཞིན་ཡོད། “འབུར་བརྐོས་གྱང་ལ་བརྟེན་ནས་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་སྔོན་གཤེགས་དཔའ་བོའི་བྱས་རྗེས་མངོན་པར་བྱེད་རྩིས་ཡོད”ཅེས་བཤད།

    1771ལོའི་ཟླ་1ཚེས་17ཉིན། ཐོར་གོད་ཚོ་པའི་སྡེ་མི་ཁྲི་17ལོ་29ལས་སླེབས་མེད་པའི་འགོ་པ་ཨོ་པ་ཞིའི་སྣེ་ཁྲིད་འོག་དུས་རབས་ཕྱེད་ཙམ་འཚོ་བ་བསྐྱལ་བའི་ཧྥུར་ཅ་གཙང་པོའི་སྨད་རྒྱུད་རྩྭ་ཐང་ནས་གྱེས་ཏེ་ཁྲག་དང་མེ་ལྕེས་ཁེངས་པའི་རྒྱང་སྐྱོད་ལམ་བུར་ཞུགས་པ་དང་ཉི་མ་ཤར་སའི་ཕྱོགས་དང་མེས་རྒྱལ་ཕྱོགས་སུ་སྐྱས་སྤོས། ལམ་བར་དུ་ཁོ་ཚོས་གྲང་འཁྱག་དང་བཀྲེས་སྐོམ་བཟོད་དེ་དཀའ་སྡུག་གྲངས་མེད་མྱངས་ཤིང་། དཔའ་མཛངས་ལྡན་པའི་འཐབ་འཛིང་བྱས་པ་བརྒྱུད་ལེ་དབར་ཁྲི་བསྐྱོད་མཐར་ལོ་དེའི་ཟླ་7པར་མེས་རྒྱལ་གྱི་པང་དུ་ལོག་ཐུབ་ནའང་སྐབས་དེ་དུས་མི་ཁྲི་6ལྷག་ཙམ་ལས་ལྷག་མེད།

    དུས་རབས་གོང་མའི་ལོ་རབས་50པར། ཤིན་ཅང་ནས་བོད་བཅིངས་འགྲོལ་གཏོང་བར་སྐྱོད་མཁན་སྔོན་སྐྱོད་དཔུང་སྡེར་ཞུགས་པའི་ཐོར་གོད་ཀྱི་སོག་རིགས་འཐབ་འཛིང་བ་ཁག་དང་པོ་23དེ་དག་ཤར་ལོག་དཔའ་བོའི་རྗེས་རབས་པ་རེད།

    ཧོ་ཅིང་རྫོང་ཤར་ལོག་དཔའ་བོའི་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་ཚེ་རིང་རྒྱལ་པོའི་འགྲེལ་བཤད་ཉན་རྗེས། བཅར་འདྲི་ཚོགས་ཆུང་དང་བཅས་པས་ཧོ་ཅིང་རྫོང་གི་མན་ཧན་དཔོན་ཚང་ལ་ལྟ་སྐོར་བྱས། 2013ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་ག་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་བདུན་པའི་གྲས་སུ་བཅུག་པའི་ཡོངས་བསྒྲགས་བྱས་ཡོད།

    ལོ་རྒྱུས་ཐོག་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གཅིག་པ་ཡིན་པར་བརྟེན་ཧོ་ཅིང་གི་སོག་རིགས་དང་བོད་ལྗོངས་དབར་ལས་འབྲེལ་ཟབ་མོ་ཡོད། 1890ལོར། མན་ཧན་རྒྱལ་པོ་ཁྲི་ཐོག་བཅུ་གཅིག་པ་བུ་ཡན་མོང་ཁུའི་གཅུང་པོ་སྟོབས་ལྡན་ཚེ་རིང་ཁྲི་སྨོན་བོད་ཀྱི་སེང་ཆེན་སྤྲུལ་སྐུ་སྐུ་ཕྲེང་བཞི་པའི་ཡང་སྲིད་ལ་ངོས་འཛིན་བྱས།

    ཤིན་ཅང་གི་འབྲི་གཡག་ནི་སེང་ཆེན་སྤྲུལ་སྐུ་སྐུ་ཕྲེང་ལྔ་པས་བོད་ནས་རྒྱུད་པ་དྲངས་པ་ཞིག་རེད། ད་ཆ། བོད་ཀྱི་འབྲི་གཡག་པཱ་དབྱིན་པུའུ་ལུའུ་ཁེ་རྩྭ་ཐང་དུ་རྒྱུད་འཕེལ་བྱུང་ནས“པཱ་དབྱིན་པུའུ་ལུའུ་ཁེའི་མཆོག་ནོར་གསུམ”གྱི་གྲས་ཤིག་ཏུ་གྱུར་ཡོད།

    རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་ཧོ་ཅིང་གི་འདས་སོང་ལོ་ཟླར་ཁྱབ་པ་དང་། མི་རིགས་དབར་གྱི་སྤེལ་རེས་དང་། འབྲེལ་འདྲིས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་དེ་གའི་མི་རབས་མང་པོར་ས་ཁྱབ་རྡོ་ཁྱབ་ཏུ་སོང་བ་འདི་ནི་ཤར་ལོག་རིག་གནས་དང་སྙིང་སྟོབས་ཀྱི་ཉིང་བཅུད་རེད”ཅེས་ཚེ་རིང་རྒྱལ་པོས་བཤད།

    ཧོ་ཅིང་རྫོང་གྲོང་གི་ལྟེ་བའི་ཐང་ཆེན་དུ། དཔལ་རྟུལ་ཞིག་གིས་ལག་ཏུ་རྟ་ལྕག་ཁྱེར་བ་དང་རྟ་ཐོག་ནས་མིག་ཟུང་ཧྲིག་གེར་མདུན་ཕྱོགས་སུ་ལྟ་བའི་འཇིམ་བརྙན་ཞིག་འགྱིང་ངེར་གནས་པ་དང་། འཇིམ་བརྙན་གྱི་སྟེགས་བུའི་མདུན་ངོས་སུ“མི་རིགས་ཀྱི་དཔའ་བོ་ཨོ་པ་ཞི”ཞེས་བྲིས་འདུག པུའུ་ལུའུ་ཁེའི་རྩྭ་ཐང་གི་འབྲོག་པའི་སེམས་སུ། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་ཐོར་གོད་འཐབ་འཛིང་བ་ཚང་མ་ཨོ་པ་ཞི་ལྟ་བུའི་དཔའ་བོ་ཤ་སྟག་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།