

པར་འདི་གཉིས་ནི་ཟླ་8ཚེས་25ཉིན་ལྟ་སྐོར་བས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྙན་པར་འགྲེམས་སྟོན་ལ་ལྟ་བཞིན་པ།
ཟླ་8ཚེས་25ཉིན་བོད་ལྗོངས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ“བོད་ལྗོངས་ཀྱི་ལོ་ངོ་70--བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྙན་པར་འགྲེམས་སྟོན”འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ“ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ”དང“དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས”ཞེས་པ་ཆ་ཤས་གཉིས་སུ་ཕྱེ་བ་དང་དུས་ཚོད་བར་ཐག་ལོ་ངོ་70ཟིན་པའི་པར་རིས་བརྩམས་ཆོས་200ལྷག་ཙམ་བདམས་ནས་ལོ་ངོ་70ཡི་རིང་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕོ་འགྱུར་ཆེན་པོ་དང་། འོད་སྟོང་འཕྲོ་བའི་འཛུགས་སྐྲུན་གྲུབ་འབྲས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་གི་འཚོ་བ་བཅས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།