དབུ་ཤོག>ཆེད་སྒྲིག
  • ​མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-27

    852592_yis_1628611200000_s.jpg

    འདི་ནི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    852595_yis_1628611200000_s.jpg

    འདི་ནི་མངའ་རིས་ས་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་གཙོ་བོས་མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན། དེ་བཞིན་ལས་དོན་བཀོད་སྒྲིག་གི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་དུས་ཐོག་ཏུ་བཙུགས་ཏེ་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག དམངས་ལ་བྱ་བ་དངོས་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།

    རྩ་འཛུགས་འགོ་ཁྲིད་ཀྱི་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་པ།

    མངའ་རིས་ས་ཨུད་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བར་ཤུགས་སྣོན་རྒྱག་པ་དང་དུས་ཐོག་ཏུ་སྒྲིག་གཞི་བཙུགས་ནས་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་སྟེ་ས་ཁུལ་གྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གིས་ཚང་མའི་སྣེ་ཁྲིད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། ཆེད་དོན་ཟུར་ཁྲིད། གཞི་རིམ་དུ་བརྟག་ཞིབ་གཏིང་ཟབ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་སྒྲུབ་པ་བཅས་བྱས་ནས་ས་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་གྱི་ལག་བསྟར་ཇུས་གཞི》སོགས་ཇུས་གཞི་ཁག་4ཞིབ་བཟོ་བྱས་པ་དང་། རྫོང་དང་ས་ཁུལ(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་ཇུས་གཞི་ཁག་310བཟོས་པ། 《མངའ་རིས་ས་ཨུད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཡིག་ཆ་འཁོར་རྒྱུག་ལམ་ལུགས》སོགས་ལམ་ལུགས་ཁག་11བཟོས་པ། རྫོང་དང་ས་ཁུལ(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་སློབ་སྦྱོང་སློབ་གསོ་དང་། ཆེད་དོན་གསོ་སྦྱོང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་ཁག་240བཟོས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་རྒྱུན་གཏན་གྱི་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བར་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད།

    ཆབ་སྲིད་ཀྱི་སྣེ་ཁྲིད་གཏིང་ཟབ་བྱས་ནས་མི་སེམས་གཅིག་ཏུ་བསྒྲིལ་བ།

    དཔེ་དེབ་བཀླགས་ནས་ལོ་རྒྱུས་སྦྱོང་བ་དང་སྔོན་ཐོན་དཔེ་མཚོན་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་ཐེངས་2600སྤེལ་ནས་གཞོན་ནུ་ལོ་ཆུང་ཚོའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཤུགས་སྣོན་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སློབ་གྲྭར་ཁྱབ་གདལ་བཏང་སྟེ་མི་སེམས་སུ་ཟུག་པར་བྱས་པ། སློབ་གྲྭའི་ཏང་ཨུད་ཧྲུའུ་ཅིས་ཏང་གི་སློབ་ཚན་ཐེངས་280ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སློབ་གྲྭའི་སློབ་ཚན་དང་། སློབ་ཁྲིད་འཆར་གཞི། རྒྱུན་གཏན་གྱི་འཚོ་བ་བཅས་དང་མཉམ་འདྲེས་ཡོང་བར་བྱས་པ། ཏང་དང་། གསར་བརྗེ། དཔའ་བོ་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པར་ཤུགས་སྣོན་བརྒྱབ་སྟེ་གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ཡོད།

    སྤྱི་ཚོགས་ཀྱི་དྲིལ་བསྒྲགས་དང་། གསར་འགྱུར་གྱི་དྲིལ་བསྒྲགས། རིག་རྩལ་གྱི་དྲིལ་བསྒྲགས་བཅས་ཀྱི་ཐབས་ལམ་ཕྱོགས་བསྡུས་ངང་སྤྱད་དེ་ཏང་གིས་མངའ་རིས་བཅིངས་འགྲོལ་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡག་པོ་བརྗོད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ནས་འབད་འབུངས་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་རབ་ཏུ་འཕེལ་བའི་ངར་ཤུགས་ཆེན་པོ་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སུ་འགྱུར་བར་བྱེད་པ་དང་མངའ་རིས་མི་རིགས་ཁག་གི་མི་དམངས་ཀྱི་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་བསམ་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཡོད།

    གསར་བརྗེའི་སློབ་གསོ་གཏིང་ཟབ་སྤེལ་ནས་གནས་ལུགས་ཆེན་པོ་རྟོགས་པར་བྱས་པ།

    མངའ་རིས་ས་ཁུལ་གྱི་ཚན་པ་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྒེར་རྩེའི་བོད་སྐྱོད་སྔོན་སྐྱོད་ལན་ཤོག་གི་དྲན་གསོ་ཁང་དང་དཔའ་བོའི་བང་སོ་ཁང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ས་གནས་ས་ཐོག་ཏུ་སློབ་ཁྲིད་ཐེངས་2600ཙམ་བྱས་པ་དང་། གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཀྱི་དཔེ་དེབ་3300དང་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་དཔྱད་གཞིའི་ཡིག་ཆའི་བོད་རྒྱ་སྐད་གཉིས་ཀྱི་ལག་དེབ་1500ལེགས་སྒྲིག་བྱས་ནས་བཀྲམ་པ། ཏང་ཡོན་ལས་བྱེད་པའི་གསར་བརྗེའི་སློབ་གསོ་དང་མི་རིཌ་མཐུན་སྒྲིལ་སློབ་གསོ་དང་ལེན་གྱི་སློབ་ཁང་བཙུགས་ཡོད།

    བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པའི”གསར་བརྗེའི་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་1921སྤེལ་བ་དང་། “ཏང་དང་། མེས་རྒྱལ། དུས་རབས་གསར་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཅས་ལ་བསྟོད་གླུ་འབུལ”བའི་བྱེད་སྒོ་ཐེངས་685སྤེལ་ཡོད། བོད་ཞི་བས་བཅིངས་འགྲོལ་དང་མངའ་རིས་བཅིངས་འགྲོལ་གཏོང་མཁན་འཐབ་འཛིང་བ་རྒན་གྲས་དང་། ཏང་ཡོན་རྒན་གྲས། དམངས་གཙོའི་བཅོས་སྒྱུར་གྱི་བདེན་དཔང་བ། སྒྱུར་བཅོས་སྒོ་དབྱེར་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན། ཡུན་རིང་བོད་སྐྲུན་དང་སྐབས་རིམ་བྱུང་གི་བོད་སྐྱོར་ལེགས་སྐྱེས་འབུལ་མཁན་བཅས་གདན་དྲངས་ནས་ཚན་པ་སོ་སོ་དང་ཁྱབ་ཁོངས་སོ་སོར་ཏང་གི་གཏམ་རྒྱུད་ཐེངས་135བརྗོད་དེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།

    དམངས་ལ་བྱ་བ་དངོས་ཧུར་ཐག་བསྒྲུབས་ནས་ཕན་འབྲས་དངོས་ཐོན་པར་བྱས་པ།

    མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་རང་འགུལ་ངང་ཞུགས་དགོས་པའི་སྐུལ་སློང་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ཐེངས་1293བྱས་པ་དང་། རྣམ་གྲངས་ཀྱི་གསལ་ཐོ་ཁག་489བཟོས་པ། སྲིད་ཇུས་བྱ་ཐབས་ཁག་457དོན་འཁྱོལ་བྱས་པ། ཕུགས་ཕན་ལམ་སྲོལ་ཁག་125བཟོས་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ལ་རེ་སྒུག་བྱེད་པའི་དཀའ་གནད་ལ་དམིགས་ནས། མངོན་གསལ་དོད་པའི་གནད་དོན་ཁག་1630གསེད་བཀྲོལ་བྱས་པ་དང་། གནད་དོན་ཐག་གཅོད་ཀྱི་བྱ་ཐབས་ཁག་1646བཏོན་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ལ་རེ་སྒུག་བྱེད་པའི་དཀའ་གནད་529ཐག་གཅོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་སྔར་བས་ཚོར་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

    རིམ་ཁག་ཏང་ཨུད(ཏང་ཙུའུ)དང་གཞི་རིམ་ཏང་རྩ་འཛུགས། དེ་བཞིན་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ལག་བསྟར་ཇུས་གཞི་དང་འཆར་གཞི་ཁག་92བཟོས་པ་དང་བྱ་བ་དངོས་སྒྲུབ་པའི་རྩིས་ཐོ་ཁག་120བཟོས་ནས། བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་སྟོབས་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་དང་ཚན་པ་སོ་སོའི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་བྱ་བ་དངོས་དང་བྱ་བཟང་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།