ཉེ་ཆར། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས། བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་བཅས་ཀྱིས་ཁྱབ་བསྒྲགས་བྱས་པའི་བོད་ཀྱི་གྲོང་མིའི་སྤྱོད་ཤན་ཆེ་བའི་འཛད་རྫས་ཀྱི་གྲངས་གཞི་ལས་མངོན་པར། 2020ལོར་བོད་ཀྱི་གྲོང་མི་དུད་ཚང་བརྒྱ་རེར་ཁྱིམ་སྤྱོད་རླངས་འཁོར་41.7རེ་ཡོད་པ་དེ་ལོ་དེའི་རྒྱལ་ཡོངས་ཀྱི་རླངས་འཁོར་37.1གི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་2015ལོ་ལས་རླངས་འཁོར་20.2མང་དུ་ཕྱིན་ཡོད་པ་རེད།
ད་ཆ་བོད་ཀྱི་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱིམ་སྤྱོད་རླངས་འཁོར་སྔ་ས་ནས་སྤྱད་ཟིན་པ་མ་ཟད། གྲངས་འབོར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ཡོང་འབབ་ལོ་རེ་བཞིན་མང་དུ་འགྲོ་བ་དང་ཆབས་ཅིག་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པའི་ནང་སྤྱོད་ཤན་ཆེ་བའི་འཛད་རྫས་ཁག་གཅིག་གི་གྲངས་འབོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།