ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་དང་ཀུན་ཕན་རང་བཞིན་གྱི་དམངས་འཚོའི་བདེ་རྩ་སྐྲུན་པར་ཤུགས་སྣོན་དང་ཕན་འབྲས་དངོས་ཐོན་པར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན། རང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཏང་ཡོན་ལས་བྱེད་པ་ཁྲི་6.4ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་བརྟག་ཞིབ་ལ་བསྐྱོད་ནས། དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཀྱི་གསལ་ཐོ་དང་རྩིས་ཁྲ་བཟོས་པ་དང་། མང་ཚོཌ་ཀྱིས་བཏོན་པའི་གནད་དོན་ཁྲི་1.2ལྷག་ཙམ་ཐག་གཅོད་བྱས་པ། མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་ཁྲི་6.8ལྷག་ཙམ་བསྒྲུབས་པས་མི་རིགས་ཁག་གི་མང་ཚོཌ་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇཌ་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།