དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་སྤྲོ་འཁོལ་བའི་མི་རྣམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-19

    2011ལོ་ནས་2020ལོའི་བར། ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་172.8བཀོད་སྒྲིག་བྱས་ཏེ། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་35.19སྐྲུན་འགོ་ཚུགས་པ་རེད།

    མི་དམངས་ཀྱི་བདེ་ཐང་ཚད་གཞི་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། སྦྲུམ་མ་ཤི་ཚད་འབུམ་ཆ་ཞེ་བརྒྱད་བར་དང་ཕྲུ་གུ་དམར་འབྱར་དང་ཕྲུ་གུ་ཤི་ཚད་སྟོང་ཆ་བདུན་ཚག་དྲུག་བར་ཆག་ནས་ལོ་རྒྱུས་ཀྱི་དམའ་ཤོས་བཏོད་ཡོད།

    2020ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་བསྡུ་སྒྲིལ་བྱས་ནས། ལོ་རེར་མི་རེའི་ཁ་གསབ་ཚད་གཞི་སྒོར་585བར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལོ་འཁོར་གྱི་སྨན་བཅོས་འགྲོ་གྲོན་རྩིས་ཞུ་མང་ཤོས་སྒོར་ཁྲི་14ཟིན་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ལོ་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་7རེད།

    གྲངས་གཞི་ཁག་རེ་རེས་རང་ལྗོངས་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱི་དཔང་པོ་བྱེད་ཅིང་། དེ་དག་ལས་མི་དམངས་མང་ཚོགས་ཚོས་རང་ལྗོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་བའི“དྲོ་སྐྱིད”དང་བདེ་སྐྱིད་ཚོར་ཐུབ་ཡོད། 

    ལོ་ངོ་70ཡི་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཤུགས་ཆེར་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེན་དུ་འཇོག་པ་བཅས་བྱས་ནས། སྤྱི་ཚོགས་འགན་སྲུང་དང་། སྡོད་ཁང་ལེགས་གཏོང་། ལས་ཞུགས་ལས་གཏོད་སོགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། མི་རྣམས་ལ་འབད་འབུངས་མདུན་སྐྱོད་བྱེད་པའི་ལྕག་སྐུལ་ཐེབས་ཤིང་། མི་སེམས་དྲོ་སྐྱིད་ལྡན་པར་བྱེད་པའི་དམངས་འཚོའི་རྒྱུགས་ལན་ཞིག་ཕུལ་ཡོད།

    2021ལོའི་ཟླ་7ཚེས་12ཉིན་གྱི་སྔ་དྲོར། ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གསུམ་ལྡན་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་གནས་སྤོས་མང་ཚོགས་ལ་བདེ་སྡོད་ལས་བརྩོན་གྱི“སེམས་རྣལ་རིལ་བུ”སྟེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁང་པའི་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་རག་པ་རེད། གནས་སྤོས་མང་ཚོགས་180ཡིས་ས་གནས་ས་ཐོག་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁང་པའི་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་བླངས་པ་རེད། གསུམ་ལྡན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མས“ལག་ཁྱེར་དམར་པོ”བཟུང་ནས“དེ་རིང་ང་ཚོར་གཏན་འཇགས་རྒྱུ་ནོར་གྱི་བདག་དབང་ལག་ཁྱེར་འདི་རག་པས། ང་རང་ཧ་ཅང་དགའ་པོ་བྱུང་། གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ”ཞེས་སེམས་འགུལ་ཐེབས་པའི་ངང་བཤད། 

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ཀྱི་མི་90%ཡན་ལ་རང་བདག་གི་སྡོད་ཁང་མེད་པ་དང་། གོས་ཀྱིས་ལུས་མི་དྲོས་པ་དང་ལྟོས་གྲོད་པ་མི་རྒྱགས་པའི་འཚོ་བ་སྐྱེལ་བ། མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་3ཡང་མི་ཟིན་པ་བཅས་ནི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དུས་འགོའི་སྐབས་ཀྱི་མི་དམངས་མང་ཚོགས་ཀྱི་སྡོད་ཁང་གནས་ཚུལ་དངོས་རེད།

    མིག་སྔར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད་པ་དང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་སོགས་ལས་གྲྭའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། 2020ལོར་བོད་ཀྱི་ཞིང་འབྲོག་པ་རེའི་ཆ་སྙོམས་རང་བདག་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་41.46དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་རེའི་ཆ་སྙོམས་རང་བདག་སྡོད་ཁང་རྒྱ་ཁྱོན་སྨི་ངོས་གྲུ་33.4ཟིན་ནས་བདེ་སྐྱིད་སྟོན་གྲངས་ཧ་ཅང་མཐོ་རུ་ཕྱིན་ཡོད་པ་རེད།

    དམངས་ཡོངས་བདེ་ཐང་མེད་ན་ཕྱོགས་ཡོངས་འབྱོར་འབྲིང་ཡོང་ཐབས་མེད། ལོ་ངོ་70ཡི་རིང་། རང་ལྗོངས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་གསར་པར་ཕྱོགས་ཡོངས་ནས་སྐྱོད་འགོ་ཚུགས་ཏེ། འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་གནས་བབ་རང་བཞིན་གྱི་འགྱུར་ལྡོག་ལ་སྐུལ་འདེད་བཏང་བར། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་ཐད་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ལ་སྒྲིག་ཆས་ཞན་ཞིང་གཞི་ཁྱོན་ཆུང་བའི་གཞུང་བཙུགས་བོད་ལུགས་གསོ་རིག་སྒྲིག་གཞི་3དང་མི་སྒེར་གྱི་སྨན་བཅོས་ཁང་ཉུང་ཤས་ལས་མེད། མིག་སྔར་འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་འདེགས་དང་། མ་བུ་བདེ་སྲུང་། ནད་གཞི་སྔོན་འགོག་དང་ཚོད་འཛིན། བོད་ལུགས་གསོ་རིག་སོགས་ཀྱི་ཞབས་འདེགས་མ་ལག་བཙུགས་ཡོད་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1642ཡོད་པ་ལས། ཀ་པ་རིམ་པ་གསུམ་པའི་སྨན་ཁང་11ཡོད། མི་སྟོང་རེར་ནད་ཁྲི་4.9དང་འཕྲོད་བསྟེན་ལག་རྩལ་མི་སྣ་5.89 ཡོད་པ། སྨན་བཅོས་འཕྲོད་བསྟེན་དྲ་བ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་ནས། ཤང་དང་གྲོང་ཚོ་ཚང་མར་འཕྲོད་བསྟེན་ཁང་ཡོད།

    ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཞུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ལས་ཞུགས“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ཨང་དང་པོར་བཞག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ལས་ཞུགས་བརྟན་པོ་དང་ལས་ཞུགས་རྒྱ་སྐྱེད་ཀྱི་སྲིད་ཇུས་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དང་། ཁེ་ལས། ལྗོངས་ཕྱི་བཅས་སུ་ལས་ཞུགས་བྱེད་པར་ཁྲིད་སྟོན་བྱས་ཏེ། ལས་ཞུགས་ཀྱི་གཞི་རྩའི་རྒྱ་ཁྱོན་བརྟན་སྲུང་གིས་ལས་ཞུགས་ལས་དོན་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་འཐོབ་པར་སྐུལ་འདེད་བཏང་བ་རེད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པས། མི་95%ཡིག་རྨོངས་ཡིན་པ་དང་། དེང་རབས་ཚན་རྩལ་ཐད་དེ་བས་གླེང་ཐབས་བྲལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར། 1951ལོ་ནས་2020ལོའི་བར། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱིས་སློབ་གསོའི་གྲོན་དངུལ་སྒོར་དུང་ཕྱུར་2239.65བཏང་ནས་བོད་དུ་དེང་རབས་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བར་བརྟེན་མིག་སྔར་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་3195ཡོད་པ་དང་། རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་འཕེལ་རྒྱས་བྱུང་སྟེ་འོས་འགན་སློབ་གསོ་བརྟན་དུ་འགྲོ་ཚད་95.03%ཟིན་ཡོད། དེ་དང་ཆབས་ཅིག་སྲིད་གཞུང་དང་། སྤྱི་ཚོགས། ཁེ་ལས་བཅས་ཐབས་ལམ་མང་པོ་ནས་ལས་ཞུགས་གནད་དོན་ཐག་གཅོད་མཐའ་འཁྱོངས་བྱས་པས། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་5བསྟུད་མར་95%ཡན་ཟིན་ཞིང་། 2020ལོར་99%ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།