དབུལ་པོ་སེལ་བ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་རེད།
རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས། ནུས་ཤུགས་ཡོད་རྒུ་བཏོན་པ་དང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་གཞི་ལག་ལེན་གཏིང་ཟབ་བསྟར་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཕྱོགས་བསྡུས་འཆར་འགོད་དང་། ཆེད་དོན་འཆར་འགོད། སྲིད་ཇུས་བྱ་ཐབས་བཅས་བཟོས་ནས་བཏོན་པ་དང་། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ནས། བོད་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱས་ཡོད།
—— དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམ་པོར་དམིགས་ཏེ་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753.9བསྡུ་སྒྲིལ་གྱིས་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་ཐུབ་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་ཁྲི་26.6བདེ་བླག་ངང་སྤོས་པ། དབུལ་སྐྱོར་ཐོན་ལས་རྣམ་གྲངས་3037གྱིས་མང་ཚོགས་ཁྲི་23.8ཀྱི་དབུལ་སྒྲོལ་ལ་ཐད་ཀར་སྐུལ་ཁྲིད་བྱས་པ། དབུལ་པོ་ཁྲི་11.1ལ་མ་མཐའི་འཚོ་བའི་འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ནས་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད།
—— སྦགས་བཙོག་འགོག་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པ། “མཚོན་རྟགས་རང་བཞིན་གྱི་དམག་འཐབ་5”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་ལེན་ནུས་ལྡན་བསྟར་བ་དང་། རྫས་ལུད་དང་ཞིང་སྨན་གྲོན་ཆུང་དང་ལྗང་མདོག་ཐོན་སྐྱེད་ཁྱབ་སྤེལ་ཤུགས་ཆེན་གཏོང་བ། གད་སྙིགས་རིགས་དབྱེ་ཚུར་བསྡུ་ཁྱབ་སྤེལ་ཧུར་ཐག་གཏོང་བ་བཅས་བྱས་ཡོད། གཙོ་གནད་གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུ་སྤུས་ཚང་མ་IIIཡན་གྱི་ཚད་གཞིར་སླེབས་པ་དང་། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99.4%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད་100%ཟིན་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང”ཐོབ་ཡོད།
—— ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ཕན་འབྲས་མངོན་གསལ་དོད་པ། སྤྱི་ཁོག་འདེགས་ཚད་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་། དངུལ་རྩའི་ལས་རིགས་བརྟན་པོའི་ངང་འཁོར་སྐྱོད་བྱུང་བ། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། སྲིད་གཞུང་གི་མངོན་མེད་བུ་ལོན་མི་འཕར་བར་བྱས་ཏེ། 2018ལོ་ནས་བཟུང་བསགས་པའི་བུ་ལོན་སྒོར་དུང་ཕྱུར་254.2མེད་པར་བཟོས་ནས་སྲིད་གཞུང་གི་བུ་ལོན་དང་མངོན་མེད་བུ་ལོན་གཉིས་ཀ་ཀྲུང་དབྱང་ནོར་སྲིད་ཀྱིས་ངོས་འཛིན་བྱས་པའི“ལྗང་མདོག”བདེ་འཇགས་ཀྱི་བར་མཚམས་སུ་གནས་ཡོད།
1994ལོར་ཀྲུང་དབྱང་གིས“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་བཏོན་ཅིང་། ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)17དང་དེ་བཞིན་ཁ་གཏད་བོད་སྐྱོར་ཀྲུང་དབྱང་ཁེ་ལས་16གིས་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མ་དངུལ་གཏོང་བ་དང་རྣམ་གྲངས་སྐྲུན་པ་ནས་ཐོན་ལས་སྐྱེད་སྲིང་དང་། དཔལ་འབྱོར་མཉམ་ལས། ལག་རྩལ་གྱི་རྒྱབ་སྐྱོར་བཅས་བྱས་ཡོད།
དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་གངས་ལྗོངས་ས་མཐོར་འགོ་ཚུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་རྩིས་བྱས་ན་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྤྱད་པ་དང་། རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་466བཏང་ནས་རྣམ་གྲངས་3037ལག་ལེན་བསྟར་བ་དང་། གཅིག་སྡུད་བཀོད་སྒྲིག་ས་ཚིགས་964བསྐྲུན་པར་གནས་སྤོས་མང་ཚོགས་ཁྲི་26.6ཚང་མ་སྤོས་ཡོད།
ལོ་5བསྟུད་མར་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བའི་ཚོགས་འདུ་འཚོགས་པ་དང་ཆབས་ཅིག “ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རོགས་རམ་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཟས་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་ཐུབ་ཡོད།
བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་བཏང་ཡོད། 2021ལོར་མ་དངུལ་སྒོར་དུང་ཕྱུར་160བསྡུ་སྒྲིལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་བ་དང་། དབུལ་པོ་བསྐྱར་ལོག་མི་ཐོན་པའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། དབུལ་པོ་བསྐྱར་ལོག་མི་ཐེབས་པའི་འགན་ལེན་བྱས་ནས་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཐེབས་པའི་མཐའ་ཚད་བསྲུངས་ཡོད།
དེ་དང་ཆབས་ཅིག བོད་ཀྱིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་ལོ་རྒྱུས་རང་བཞིན་གྱི་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས། རྫོང་དང་ཆུས་74ཡི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། དབུལ་སྒྲོལ་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་ནས་བོད་མི་དམངས་ཀྱི་འཚོ་བ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད།
ད་ཆ་བོད་ཀྱིས་རྣམ་པ་གསར་རྐྱང་ལ་བརྟེན་ནས་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་གསར་པ་གཏོད་བཞིན་ཡོད།