དབུ་ཤོག>ཆེད་སྒྲིག
  • བྱམས་བརྩེའི་ཐུགས་ཁུར་ཟབ་མོས། དམངས་ཀྱི་སེམས་པ་དྲོས་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-19

    843782_yis_1627056000000_s.jpg

    ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་21ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གྲོང་མི་ཚོར་ཕྱག་གཡུག་གཡུག་གནང་ནས་འཚམས་འདྲི་གནང་བཞིན་པ། 

    དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་དང་།

    དེ་ནི་ཏང་གི་ལོ་ངོ་བརྒྱའི་རྟེན་འབྲེལ་མཛད་སྒོ་སྒྲུབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ས་གནས་སུ་རྟོག་ཞིབ་གནང་ཐེངས་དང་པོ།

    དེ་ནི་ལོ་10སོང་རྗེས་སླར་ཡང་ཕེབས་པ་ཞིག

    དེ་ནི་ལོ་23མཆོང་སྐྱོད་བྱུང་རྗེས་ཀྱི་ཐུགས་ཁུར་ཞིག

    དེ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་རྟོག་ཞིབ་ཅིག་བཅས་རེད།

    ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་བསྣམས་ནས་གངས་ལྗོངས་ས་མཐོར་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མཚོན་ཡོད།

    ཐུགས་ཁུར་དེས་ང་ཚོར་དྲོ་སྐྱིད་ལྡབ་བརྒྱ་ཚོར་བྱུང་ལ་ཏང་གི་བཀའ་དྲིན་ང་ཚོས་ནམ་ཡང་བརྗེད་མི་སྲིད།

    མངགས་བཅོལ་ཟབ་མོ་རྣ་བར་འཇགས། ཐུགས་ཁུར་ཟབ་མོས་མི་སེམས་དྲོས། མངགས་བཅོལ་དེ་ནི་བོད་ཀྱི་ལས་དོན་གྱི་རྩ་བ་དང་བླ་སྲོག་ཡིན་པ་དང་། ཐུགས་ཁུར་དེ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པའི་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཤིག་ཡིན།

    “ང་ཚོའི་མི་རིགས་56ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཡིན་པས། ཕྱར་བ་གྲུ་འདེགས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་དགོས”

    ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཕེབས་ནས་ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་དོ་དམ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་རེད།

    “ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་རྒྱུ་བྱུང་བ་ནི་ངའི་མི་ཚེའི་ནང་གི་བཀྲ་ཤིས་པའི་བྱ་བ་ཞིག་ཡིན”སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ཉན་སྐབས་ཀྱི་གནས་ཚུལ་ལ་དྲན་གསོ་བྱེད་སྐབས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་ཝང་ཡུང་ཕུའུ་ལ་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅིས་མི་རིགས་56ནི་སེ་འབྲུའི་རྡོག་པོ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་གོང་བུ་ཡིན”ཞེས་གསུངས་ཤིང་། “སྤྱི་ཁྱབ་ཧྲུའུ་ཅིས་ཐང་ཆེན་དུ་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྐབས་ཝང་ཡུང་ཕུའུ་དང་ཁོང་གི་ལས་རོགས་ཚོ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནས་སྨི་20ཙམ་ཆོད་པའི་ཕྱི་རོལ་དུ་ལས་འགན་སྒྲུབ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་བཀའ་མོལ་ཚང་མ་ཁོང་གིས་ནན་ཏན་ངང་ཉན་པ་དང་། ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཞི་བས་བཅིངས་འགྲོལ་བཏང་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩི་བ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་དེ་བརྗོད་དོན་གཙོ་བོར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་མི་རིགས་ཁག་དབར་གྱི་འཆམ་མཐུན་རོགས་རེས་དང་། འཆམ་མཐུན་མཉམ་གནས། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་སོང་ཡོད།

    བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་འབུམ་རམས་པའི་སློབ་དཔོན་བྱང་ངོས་པ་ཚེ་གཡང་གིས་གསར་འགོད་པར་རང་ཉིད་ཆུང་བྱིས་པའི་དུས་ནས་ད་བར་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་ཟབ་མོའི་ཁྲོད་འཚར་ལོངས་བྱུང་བ་ཞིག་ཡིན་ཞེས་བརྗོད་པ་དང་། ཁོང་གིས“མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་མུ་མཐུད་ཡང་དག་པའི་ཆབ་སྲིད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་ཁྲིད་དང་ཚན་ཞིབ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།

    “མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས” 

    ཟླ་7ཚེས་21ཉིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་མགྲོན་པོ་གལ་ཆེན་ཞིག་ཕེབས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་གྲོང་ཚོའི་རྡོ་གཅལ་ལམ་བརྒྱུད་ནས་ངའི་ཁྱིམ་གྱི་སྒོ་འགྲམ་དུ་ཕེབས་སྐབས་ང་ཚོ་ནང་མི་ཚང་མ་དགའ་ཚོར་ཆེན་པོ་བྱུང་ནས་མིག་ཆུ་ཡང་ཤོར་བྱུང”ཟླ་བ་རྒྱལ་མཚན་གྱིས་ད་ལྟའང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རང་ཁྱིམ་དུ་ཕེབས་པའི་དགའ་སྤྲོའི་རྣམ་པ་ཡིད་ལ་གསལ་པོར་དྲན་གྱི་ཡོད།

    ཟླ་བ་རྒྱལ་མཚན་ཁྱིམ་ལ་ན་ནིང་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་བགོ་འགྲེམས། ས་ཞིང་ནང་བཤུག འདེབས་འཛུགས་གསོ་ཚགས་བཅས་ལ་བརྟེན་ནས་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད། “འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། ངས་མུ་མཐུད་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་ཀྱི་ཡིན”ཞེས་ཟླ་བ་རྒྱལ་མཚན་གྱིས་བརྗོད།

    “ང་ཚོས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་མགྱོགས་མྱུར་གསར་སྤེལ་བྱེད་པའི་གོ་སྐབས་དམ་འཛིན་ནན་ཏན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཐུན་སྒྲིལ་ལམ་བུ་དེ་བས་རིང་བ་དང་བདེ་སྐྱིད་ལམ་བུ་དེ་བས་ཡངས་སུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་ཀྱི་ཡིན”ཞེས་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐེན་ཀོང་ཧྭ་ཡིས་བརྗོད།

    “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་འདོགས་པའི་བྱ་བ་ཞིག་རེད” 

    བོད་དུ་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི“སྐྱེ་ཁམས”ལ་དེ་བས་དོ་ཁུར་ཧ་ཅང་ཆེན་པོ་གནང་བ་དང་།

    ཉང་ཆུའི་ཟམ་ཆེན་དུ“རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་དགོས”ཞེས་བཏོན་གནང་བ།

    ཉིང་ཁྲི་གྲོང་ཁྱེར་འཆར་འགོད་ཁང་དུ“གྲོང་ཁྱེར་གསར་སྤེལ་གྱི་དབྱེ་མཚམས་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་དགོས”ཞེས་བླང་བྱ་བཏོན་གནང་བ།

    ཀ་ལ་གྲོང་ཚོར“ལྗང་མདོག་དངུལ་ཁང”གི་ཅ་དངོས་བརྗེ་ལེན་ཚོང་ཁང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ།

    ཀོང་པོའི་སྤྱི་གླིང་དུ་སྤྱི་གླིང་གི་སྔོ་འགྱུར་དང་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ།

    ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལས་དོན་བཀོད་སྒྲིག་གནང་སྐབས“ལྗང་མདོག་ཨར་སྐྲུན”མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་བཅས་རེད།

    རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་ནོར་རྒྱས་ཀྱིས“ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་ཁུར་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་བརྗོད།

    “མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་གཞིས་ཆགས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་དང་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས” 

    “སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཁྱེད་ཚོ་ཉིང་ཁྲིར་སྡོད་འདོད་ཡོད་དམ་ཞེས་བཀའ་འདྲི་གནང་བྱུང་། ང་ཚོས་བློ་ཐག་ཆོད་པོས‘སྡོད་འདོད་ཡོད’ཅེས་ལན་བཏབ་པ་ཡིན”ཟླ་7ཚེས་21ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོའི་སྤྱི་གླིང་དུ“95ནང་སྐྱེས”ཀྱི་སློབ་ཆེན་ཐོན་པའི་སློབ་མ་ཀྲོའུ་ཁྲང་ཤུས་ལ་སྤྱི་ཁྱབ་ཧྲུའུ་ཅི་མཇལ་བ་རེད། མི་དམངས་ཀྱི་དགེ་རྒན་ཞིག་ཏུ་འགྱུར་ཉེར་ཡོད་པའི་ཁོང་ལ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ལས་ལྕག་སྐུལ་ཆེན་པོ་ཐེབས་ཡོད། ཁོང་གིས“ངས་ཉིང་ཁྲིར་གཞིས་ཆགས་པ་དང་བོད་དུ་གཞི་ཚུགས་ནས་ས་གནས་དེ་གའི་སློབ་གསོའི་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དང་སྐུལ་ལྕག་ཆེན་པོ་བསྣམས་ནས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་འཕྲལ་མ་ཉིད་དུ་ཡུལ་མི་སྤུན་ཟླ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་དང་མཇལ་འཕྲད་བྱུང་བའི་གནས་ཚུལ་ཡོངས་རྫོགས་མཉམ་སྤྱོད་བྱས་ཤིང་། ཡུལ་སྨད་ཤང་གི་འབྲོག་པ་ཨོ་རྒྱན་ཆོས་སྒྲོན་གྱིས་གནས་ཚུལ་མཉམ་སྤྱོད་བྱས་པ་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་ང་ཚོ་ཡུལ་སྨད་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་ཚང་མའི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་མཐའ་མཚམས་སྔར་བས་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་གྱི་ཡིན”ཞེས་བརྗོད།

    བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ཏང་ཨུད་ཧྲུའུ་ཅི་མཱ་ཙི་ཧྥང་གིས་ཉིན་དེ་དག་རིང་སྤྱི་ཁྱབ་ཧྲུའུ་ཅིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཁོང་གིས“གནས་སྤོས་ཡུལ་མི་དོ་དམ་གྱི་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ལས་གནས་བརྟན་སྲུང་དང་། མཐའ་སྲུང་གི་ལས་འགན་ལྕི་པོ་འཁུར་ཕོད་པ། དཀའ་ངལ་ལ་མི་སྐྲག་པ། འགྲན་སློང་ལ་མི་སྐྲག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁ་ཕྲལ་ལ་ངོ་རྒོལ་དང་། བདེ་འཇགས་འགན་ལེན། མཐའ་མཚམས་སྲུང་བ། བརྟན་ལྷིང་འགན་ལེན་བཅས་ཀྱི་ལས་དོན་ཁག་ནང་ཞུགས་ཏེ། མཐའ་སྲུང་བའི་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་གསར་པའི་མཐའ་སྲུང་བའི་ཉམས་འགྱུར་བཏོད་ནས་མཐའ་སྲུང་གི་ལྕགས་རི་རིང་པོའི་རྨང་རྡོ་བརྟན་པོ་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།