དབུ་ཤོག>ཆེད་སྒྲིག
  • རྟེན་འབྲེལ་ཆེ་མོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2021-08-18

    微信图片_20210818161039.jpg

    ཚེས་17ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་དང་བྱེད་སྒོ་གཉེར་བ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། 

    ཡོངས་བསྒྲགས་ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཁོངས་མི་ཀྲའོ་ཧུའེ་ཉན་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་རླབས་ཆེན་གྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་ཡིན་པས། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གནས་བབ་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོག་རིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་དུ་འབྲེལ་ཡོད་རྟེན་འབྲེལ་གྱི་བྱེད་སྒོར་ཞུགས་རྒྱུ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་གོས་འཁྲུད་འཕྲུལ་འཁོར་དང་ལས་བྱེད་ལས་བཟོར་སྨན་བཅོས་བདེ་ཐང་ཁུག་མ་སོགས་དྲན་རྟེན་དངོས་པོ་སྤྲོད་རྒྱུ་ཡིན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད།

    རང་སྐྱོང་ལྗོངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་། རྟེན་འབྲེལ་ཚོགས་ཆེན། རིག་རྩལ་འཁྲབ་སྟོན། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་མ་ཟད། མང་ཚོགས་དེའི་ནང་ཞུགས་རྒྱུར་སྒྲིག་འཛུགས་ཧུར་ཐག་བྱས་ནས། ཏང་གི་འགོ་ཁྲིད་འོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གང་ལེགས་མངོན་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

    ཀྲའོ་ཧུའེ་ཉན་གྱིས་ཉིན་ཤས་བསྟུད་མར་རྟེན་འབྲེལ་ཆེ་མོའི་གྲ་སྒྲིག་ལས་དོན་ཁག“དགའ་སྟོན་གཟབ་རྒྱས་དང་། གཞི་ཁྱོན་འོས་འཚམ། དངོས་སྒྲུབ་བབ་ཆགས། བདེ་འཇགས་འགན་ལེན”བཅས་ཀྱི་ལས་དོན་གྱི་རྩ་དོན་གཞིར་བཟུང་འགོ་འཛུགས་ས་མཐོ་བ་དང་། ཆུ་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། གྲ་སྒྲིག་བྱེད་རིང་། སྨྱན་སྦྱོར་བརྒྱུད་དྲིལ་བསྒྲགས་ལས་དོན་སྤེལ་བ་དང་། བཞུགས་མོལ་ཚོགས་འདུ་འཚོག་པ། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཆར་འགོད་རྩོམ་སྒྲིག་བྱེད་པ། གཟིགས་པ་དང་འཚམས་འདྲི་བྱེད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྟེན་འབྲེལ་ཆེ་མོར་ཧུར་ཐག་ཞུགས་པ་དང་རང་འགུལ་ངང་རྟེན་འབྲེལ་ཆེ་མོར་ལེགས་སྐྱེས་འབུལ་བའི་སྤྲོ་སེམས་སྐུལ་སློང་གང་ལེགས་བྱས་པ་མ་ཟད། རྒྱ་ཁྱབ་ངང་ཞུགས་པ་དང་དགའ་སྟོན་གཟབ་རྒྱས་ཀྱི་དུས་ཆེན་གྱི་རྣམ་པ་ནུས་ཤུགས་ཡོད་རྒུས་མངོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྟེན་འབྲེལ་བྱེད་སྒོ་སྤེལ་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱས་ཏེ། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མ་དངུལ་གྲོན་ཆུང་བྱས་པ་ཚང་མ་དམངས་འཚོའི་ཁྱབ་ཁོངས་སུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱ་རྒྱུ་རེད། 

    གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སྔར་བཞིན་ཛ་དྲག་ཆེ་བའི་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ཁ་གཏད་གཅོག་པ་དང་རྟེན་འབྲེལ་བྱེད་སྒོ་ཁག་བདེ་འཇགས་དང་བདེ་བླག་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཇུས་གཞི་རབ་དང་རིམ་པ་བཟོས་ནས་རྟེན་འབྲེལ་ཆེ་མོའི་བྱེད་སྒོར་ཞུགས་མཁན་ཚང་མར་བདེ་ཐང་གི་ཉེན་ཁ་གྲལ་བཤེར་དང་། ཉིང་སྐྱུར་བརྟག་དཔྱད། བཀག་སྡོམ་དོ་དམ། སྤྱི་ཚོགས་འབྲེལ་བའི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་སོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤྱད་པ་རེད། རྟེན་འབྲེལ་མཛད་སྒོའི་རིང་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་རྨང་གཞིའི་ཐོག་རྟེན་འབྲེལ་དང་འཚམས་འདྲིའི་བྱེད་སྒོ་ཁག་ནང་ཞུགས་ཏེ། མི་རིགས་ཁག་གི་མང་ཚོགས་དང་ལྷན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།