དབུ་ཤོག>ཆེད་སྒྲིག
  • ལོ་བཅུའི་རྗེས་བསམ་དོན་འགྲུབ་སོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-17

    ལོ་བཅུའི་གོང་གི་དགུན་དུས་སུ་གསར་འགོད་པས་གཡུ་མཆོག་ཤང་དུ་བསྐྱོད་དེ་བཅིངས་འགྲོལ་དམག་གིས་དེ་ག་ནས་བོད་དུ་བསྐྱོད་པའི་གཏམ་རྒྱུད་འདྲི་རྩད་བྱེད་འདོད་བྱུང་། འོན་ཀྱང་ལམ་ཡག་པོ་མེད་པའི་ཁར་ཁ་བས་འགགས་པས་ས་ཆ་དངོས་སུ་བཅར་འདྲིར་འགྲོ་ཐབས་བྲལ་སོང་། མཐར་ཁ་པར་ཐོག་ནས་འབྲེལ་གཏུག་བྱས་ཏེ་བཅར་འདྲི་བྱེད་དགོས་བྱུང་བས་བློ་ཕམ་ཆེན་པོ་བྱུང་། ལོ་བཅུ་སོང་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་དང་བསྟུན་ནས་གསར་འགོད་པ་སླར་ཡང་དེ་གར་བསྐྱོད་པ་ཡིན། སྣུམ་ནག་ལམ་འདིང་བཞིན་ཡོད་པས་ཁྲ་བོ་ལ་བསྐོར་ནས་གཡུ་མཆོག་ཤང་དུ་བསྐྱོད། གཡུ་མཆོག་ཤང་སྙན་རོང་རྫོང་གི་མངའ་ཁོངས་སུ་གཏོགས་ཀྱི་ཡོད་ནའང་མཚོ་སྔོན་གྱི་ས་མཚམས་སུ་གནས་པས། ཡོངས་བསྒྲགས་ངང་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་ས་བཀྲར་ལྟ་སྐབས་གཡུ་མཆོག་ཤང་གི་གནས་ཡུལ་མཐོང་རྒྱུ་མེད། དེར་བརྟེན་ཤང་དེ་ནི“ས་བཀྲར་འཁོད་མེད་པའི་ཤང”ཞིག་རེད། འོན་ཀྱང་འདི་གར་བཅིངས་འགྲོལ་དམག་གིས་གདང་ལ་སྒྲོལ་བའི་ལོ་རྒྱུས་ཀྱི་བྱས་རྗེས་ངོ་མཚར་ཅན་བཞག་པ་དང་དཔའ་བོ་འཐབ་འཛིང་པ་ཚོའི་དགའ་སྐྱོ་གཉིས་ལྡན་གྱི་བོད་སྐྱོད་གཏམ་རྒྱུད་ཀྱང་བརྩམས་ཡོད་པས“དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གི་བོད་སྐྱོད་ཤང་དང་པོ”ཞེས་འབོད།

    བཅར་འདྲི་ཉིན་གཉིས་བྱེད་རིང་། གསར་འགོད་པས་བཅིངས་འགྲོལ་དམག་གི་རྗེས་ཤུལ་འདེད་དེ་དངོས་སུ་མཐོང་ཐོས་མྱོང་མཁན་གྱི་སྐད་ཆ་ཉན་སྐབས། ད་ཆའི་འབྲོག་པའི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་བ་ཚོར་བྱུང་ལ་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང་། དེང་གི་ཆར་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་གང་ནས་བྱུང་བ་ཚོར་བྱུང་ལ། སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཀྱང་ཚོར་བྱུང་། འདི་ནི་འབྱུང་འགྱུར་ལ་ཕྱོགས་པའི་ལམ་བུ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་ནམ་ཡང་གནས་སྲིད་ལ། བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཡང་རེ་བས་ཁེངས་པ་ཞིག་ཡོང་སྲིད། ད་ཆའི་རི་གྲོང་གི་འཕོ་འགྱུར་ནི་སྔོན་གཤེགས་དཔའ་བོར་བཅངས་པའི་རྗེས་དྲན་ཡག་ཤོག་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།