ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས“གནས་རྒྱུད་ཁྱོན”གསུམ་སྤྱི་འདོམས་ལ་དམིཌ་པ་དང“ཐོས་བསམ་སྤྱོད”གསུམ་ཟུང་འབྲེལ་བྱས་ཏེ། གཏན་འབེབས་བྱ་སྤྱོད་དང་རང་འདེམས་བྱ་སྤྱོད་ཟུང་འབྲེལ་དམ་ཟབ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔུང་ཁག་སློབ་གསོ་བཅོས་སྒྲིག་ཟུང་འབྲེལ་གཏིང་ཟབ་བྱས་ནས་ཆབ་སྲིད་སློབ་གསོ་དང་། དྲན་སྐུལ་སློབ་གསོ། དཔའ་བོ་དཔེ་བཟང་གི་སློབ་གསོ་བཅས་ཡག་པོ་སྤེལ་བ་དང་། “གསར་བརྗེའི”སྣེ་ཁྲིད་འབུར་དུ་ཐོན་པ། “ཞབས་ཞུའི”བྱ་ཐབས་དམ་འཛིན་ཏན་ཏིག་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།
རྣམ་པ་ཟབ་གཏོང་དང་བསྡུར་འགྲན་མཉམ་སྦྱོང་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་བསམ་བློ་རིགས་གཞུང་གི་རྩ་བ་བརྟན་དུ་བཏང་ཞིང་། དཔུང་ཁག་སློབ་གསོ་བཅོས་སྒྲིག་གི་སློབ་སྦྱོང་སློབ་གསོའི་དུས་མཚམས་ཀྱི་ལས་འགན་དང་ཟུང་འབྲེལ་བྱས་ཏེ“མཚན་མོའི་སློབ་གྲྭ”བཙུགས་ཏེ“མཚན་སྒྲོན”འདུ་འགོད་ལ་སྐུལ་འདེད་བཏང་བ། ཅུས་ཡོངས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་རེ་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་མཚན་མོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་ཀྱི་ཡོད། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། རྫོང་དཔོན། ཏང་གི་སློབ་གྲྭའི་དགེ་རྒན། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བཅས་གདན་དྲངས་ནས་ཏང་གི་སློབ་ཚན་ཁྲིད་པ་དང་། ཅུས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་ཆེད་དོན་ཟུར་ཁྲིད་བྱེད་པ། སྡེ་ཚན་གྱི་འགན་འཁུར་བ་སྒྲིག་འཛུགས་ཀྱིས་ནང་ཁུལ་དུ་སྙིང་གཏམ་ཤོད་རེས་དང་། མི་དམངས(ལས་རོགས)ཉེན་རྟོག་པ་རེ་རེ་དང་མྱོང་ཚོར་དང་ཐོབ་སྣང་གླེང་རེས་བྱེད་ཀྱི་ཡོད།
ཐོག་མའི་བསམ་འདུན་རྟོགས་པ་དང་རྣམ་པ་གསར་གཏོད་ཀྱིས་སློབ་སྦྱོང་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་ནས་གསར་བརྗེའི་སྙིང་སྟོབས་ཀྱི་སྟོབས་ཤུགས་འཕེལ་བ་བྱས་ཤིང་། སྤོ་བོ་རྫོང་གི་ཕུན་སུམ་ཚོགས་པའི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱད་དེ“གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་ལྷག་བསམ་རྣམ་དག་ངང་ཉེན་རྟོག་པའི་བླ་སྲོག་བརྟན་དུ་གཏོང་བའི”བརྗོད་དོན་གཙོ་བོའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཡོད། སྔ་རྗེས་སུ་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་དང་། བོད་དམག་ཁུལ་ཁང་གི་རྐང་དམག་སློབ་གྲྭའི་གནའ་ཤུལ། བོད་ལྗོངས་སྤོ་བོ་ཡན་ལག་ལས་དོན་ཨུ་ལྷན་ལས་སྒྲུབ་ཁང་གི་གནའ་ཤུལ། སྤོ་བོའི་སློབ་ཆུང་དང་པོ་སྟེ་རྦ་ཁ་སློབ་ཆུང་གི་གནའ་ཤུལ། ཀྲུང་གུང་སྤོ་བོ་ཡན་ལག་ལས་དོན་ཨུ་ལྷན་ཆུ་མདོ་རྫོང་ལས་དོན་ཨུ་ལྷན་གྱི་གནའ་ཤུལ་སོགས་གསར་བརྗེའི་གནའ་ཤུལ་20ལྷག་ཙམ་དུ་བསྐྱོད་དེ་གསར་བརྗེའི་སློབ་གསོ་སྤེལ་བ་དང་ས་ཆ་དངོས་སུ“བསམ་བློ་ཆབ་སྲིད་སློབ་ཚན”ཐེངས་30ལྷག་ཙམ་འཚོགས་པ་དང་། གསར་བརྗེའི་གློག་བརྙན་དང་རྩ་ཆེའི་ལོ་རྒྱུས་ཐོ་བཀོད་བརྙན་ཐུང་ཐེངས་10ལྷག་ཙམ་བལྟས་པ། གསར་བརྗེའི་སློབ་གསོར་བརྟེན་ནས་གཟི་བརྗིད་ལྡན་པའི་ལོ་རྒྱུས་བསྐྱར་དྲན་བྱེད་པ་དང་དཔའ་བོའི་མཛད་རྗེས་སློབ་སྦྱོང་བྱས་པས་རྒྱ་ཆེའི་མི་དམངས(ལས་རོགས)ཉེན་རྟོག་པས་གསོན་ཉམས་དོད་པོའི་ཏང་གི་ལོ་རྒྱུས་གཏམ་རྒྱུད་ལས་ཕུགས་བསམ་གཏོད་པ་དང་། སྟོབས་ཤུགས་ལེན་པ། སྙིང་སྟོབས་འཕེལ་བ་བཅས་བྱུང་བ་མ་ཟད། ཕུགས་བསམ་དང་དད་སེམས་ཟམ་མི་ཆད་པར་བརྟན་དུ་སོང་བ་དང་བསམ་བློའི་དམིགས་ཡུལ་བརྟན་སྲུང་ཐུབ་ཡོད།
ཞབས་ཞུར་ཤུགས་སྣོན་དང་དངོས་ཕན་ཐོབ་པའི་སློབ་སྦྱོང་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་དམངས་ཆེད་དམངས་གཅེས་ཀྱི་དམིགས་ཡུལ་ལག་ལེན་བསྟར་ཞིང་། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་དངོས་ཀྱི་བྱེད་སྒོ་ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དང་དོན་ལ་བབས་ས་གལ་ཆེན་ལ་བརྩིས་ཡོད། བརྟག་ཞིབ་གཏིང་ཟབ་བྱས་ནས་སྔ་རྗེས་སུ་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་3འཚོཌ་པ་དང་། དྲིལ་བསྒྲགས་ཐེངས་47བྱས་པ། སྡེ་ཁུལ་དུ་འདྲི་རྟོགས་བྱེད་སྒོ་ཐེངས་6སྤེལ་བ། བསམ་འཆར་དང་གྲོས་འགོ་ཁག་37བསྡུ་ལེན་བྱས་ནས《སྤོ་བོ་རྫོང་སྤྱི་བདེ་ཅུས་ཀྱིས་དམངས་ལ་བྱ་བ་དངོས་བསྒྲུབས་པའི“དོན་ཆེན་བཅུའི”ཐོ་གཞུང》བཟོས་ཏེ་དམངས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཐག་གཅོད་བྱས་ཡོད། དེའི་ནང་དམངས་ཕན་བྱ་ཐབས་ཁག་11བཏོན་པ་དང་། དམངས་ཆེད་བྱ་བ་དངོས་སྒྲུབ་པའི་གནད་དོན་121དོན་འཁྱོལ་བྱས་པ། མང་ཚོགས་ཀྱི་དཀའ་གནད་24ཐག་གཅོད་བྱས་ཡོད་པ་རེད།