དགུང་སྔོན་དབྱིངས་སུ་སྤྲིན་དཀར་འཁྲིགས་པ་དང་། གནམ་གཤིས་ཚ་གྲང་སྙོམས་པ། མེ་ཏོག་རྣམ་པར་བཞད་པ། དར་ཚོན་ལྷབ་ལྷུབ་ཏུ་གཡོ་བའི་སྟོན་དུས་ཀྱི་གངས་ལྗོངས་ས་མཐོའི་གང་ས་གང་དུ་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས་ཤིང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྲོ་བ་དཔག་མེད་ངང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བཞིན་ཡོད།
གཡུ་ཐོག་ལམ་ནས་གསར་འགོད་པས་ལྗོན་ཤིང་ལ་ཚོན་ཁྲ་ཅན་གྱི་གློག་བཞུ་མང་པོ་བསྒར་བ་དང་ཚོང་ཁང་ཚང་མའི་སྒོ་འགྲམ་དུ་བཙུགས་པའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་མཐོང་བྱུང་། སྐར་ལྔའི་དར་དམར་དང་མཛེས་རྒྱན་གློག་བཞུ་ཕུད། རྡོ་སེང་གེ་ལམ་དུའང་མཛེས་རྒྱན་སྤྲས་ནས་རྣམ་པ་གསར་རྐྱང་དུ་གྱུར་པ་སྟེ། སྨི་ཁ་ཤས་སར་རེ་རེ་ཡོད་པའི་གློག་གི་ཀ་བར་དཔལ་བེའུ་བསྒྲགས་པ་ཉི་འོད་འོག་ཏུ་རྣམ་པར་བཀྲ
པར་རྒྱག་བཞིན་པའི་ལྷ་སའི་གྲོང་མི་བདེ་སྐྱིད་ཆོས་སྒྲོན་གྱིས་གསར་འགོད་པར། ད་ཆ་གྲོང་ཁྱེར་གྱི་གང་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་པས་སེམས་ལ་དྲོ་སོབ་སོབ་དང་དགའ་ལྷང་ལྷང་གི་ཚོར་སྣང་ཞིག་ཡོང་གི་འདུག དེ་དང་ཆབས་ཅིག་རང་ཉིད་ཀྱིས་ཀྱང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དཔང་པོ་བྱེད་པ་ནི་སྤོབས་པ་བྱེད་འོས་པ་ཞིག་རེད་ཅེས་བཤད་བྱུང་།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་སྤྲོ་སེམས་འཁོལ་བའི་རྣམ་པ་དེ་ལས་ཡུལ་སྐོར་བར་ཡང་དེ་ལྟར་གྱི་མྱོང་ཚོར་བྱུང་ཞིང་། ཀྲེ་ཅང་ནས་སླེབས་པའི་ཨ་ཅག་ལི་ལགས་ཀྱིས“ལམ་བར་དུ་རྟེན་འབྲེལ་སྦྱར་ཡིག་དང་སྨོན་ཚིག་མང་པོ་མཐོང་བ་མ་ཟད། ཐུན་མོང་མ་ཡིན་པའི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་དྲིལ་བསྒྲགས་བྱེད་སྟངས་མི་ཉུང་བ་ཞིག་ཀྱང་མཐོང་བ་ལས། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཆོས་རིག་གནས་དང་ཡུལ་སྲོལ་གོམས་འདྲིས་ཤེས་ཚོར་རགས་ཙམ་བྱུང་། ཉིན་འདི་དག་གི་ལྷ་སའི་དུས་ཆེན་གྱི་རྣམ་པ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་རིང་གི་རྣམ་པ་ལྟ་བུ་འདུག”ཅེས་བཤད་བྱུང་།
དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་པ་དང་དུས་མཚུངས། རང་ལྗོངས་ཀྱི་ལས་རིགས་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ནན་པོའང་བྱེད་བཞིན་ཡོད།
ཏཱ་མའེ་སྒོ་རྩིས་ཚོང་ཁང་ཧྲེན་ལི་ཚོང་ཁང་གི་འགན་འཁུར་བ་ཀྲའོ་ལགས་ཀྱིས་གསར་འགོད་པར“ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་ལས་ཁང་གི་བླང་བྱ་ལྟར། འདིར་འོང་མཁན་རྣམས་ལ་ཚ་བ་ལྟ་བ་དང་། བདེ་ཐང་ཨང་རྟགས་དང་འགྲོ་སྐྱོད་ཨང་རྟགས་བཤེར་བ། ཁ་རས་རྒྱག་མིན་ལྟ་བ་སོགས་བྱེད་ཀྱི་ཡོད”ཅེས་བཤད་བྱུང་།