ཉེ་དུས། ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གྲོང་ཤར་ཡན་ལག་ཁང་གིས“ཏང་དར་འོག་འཚར་ལོངས་བྱུང་། བྱིས་དུས་ཀྱི་ཕུགས་འདུན་རབ་ཏུ་འཚར”ཞེས་པའི་བརྗོད་དོན་གཙོ་བོའི་བུ་བཅོལ་ཁང་གི་སློབ་ཐོན་མཛད་སྒོ་སྐབས་གཉིས་པ་འཚོགས་ཤིང་། རྣ་བའི་བུ་གར་སྙན་པའི་བྱིས་གླུ་རེ་རེ་ལས་བུ་བཅོལ་ཁང་གི་ལོ་གསུམ་གྱི་སློབ་སྦྱོང་དང་འཚོ་བ་མཚོན་ཡོད། 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》དང《དམར་མདངས་རྒྱས་པའི་ཀྲུང་གོ》ཞེས་པའི་ལྟད་མོ་ཆེ་བའི་འཁྲབ་སྟོན་རེ་རེར་དགེ་རྒན་དང་ཁྱིམ་བདག་ཚོའི་དགའ་བསུ་ཐོབ་ཅིང་། འདི་ནི་འཁྲབ་སྟོན་བྱ་ཡུལ་ཡིན་པ།