དབུ་ཤོག>ཆེད་སྒྲིག
  • དཔལ་འབར་རྫོང་ལ“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”4000ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-13

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ཏེ། དཔལ་འབར་རྫོང་གི་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས(དཔལ་འབར་རྫོང་དཔལ་འབར་གྲོང་རྡལ་སྤུ་བཀྲ་གྲོང་ཚོ་དང་ཕུ་ཡུལ་གྲོང་ཚོ་གཉིས་པར་བཅའ་སྡོད)མངགས་སྡོད་ཚན་པ་དང་མཉམ་དུ་དཔལ་འབར་རྫོང་གི་བོད་བྱ་གསོ་ཚགས་རྟེན་གཞིར་ཉིན་45གསོས་པའི་བྱ་མོའི་རྒྱུད་པ་གསར་པ་ཡིན་པའི“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”4000ལྷག་ཙམ་ཞལ་འདེབས་བརྒྱབ་པ་རེད།

    “གངས་ལྗོངས་ཀྱི་བྱ་དེ་དཀར་པོ”ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་འབྲོག་ལས་སྨན་བཅོས་ཞིབ་འཇུག་སུའོ་ཡིས་ལོ་62ཡི་རིང་། གསོ་ཚགས་ཀྱི་ལས་འགན་ཁུར་ཞིང་། དེར་འབྲོག་ལས་ཚན་རྩལ་ལས་དོན་མི་རབས་འགའི་དཀའ་སྤྱད་རྔུལ་ཆུ་གཅིག་ཏུ་འདུས་པ་དང་རང་ལྗོངས་ཀྱིས་གསོ་ཚགས་བྱས་པའི་བྱ་མོའི་རྒྱུད་པ་གསར་པ་ཞིག་རེད། ད་ཐེངས་ཞལ་འདེབས་བརྒྱབ་པ་ནི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས་དཔལ་འབར་རྫོང་གི་འབྲོག་ལས་གསོ་ཚགས་ཀྱི་མིག་སྔའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་མདུན་ལམ་དང་ཟུང་འབྲེལ་གང་ལེགས་བྱས་པ་ཞིག་རེད། དེའི་དམིཌ་ཡུལ་ནི་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ཏེ། ཕྱུག་འགྱུར་གྱི“རང་རྟེན”ནུས་པ་ཆེ་རུ་གཏོང་བ་དང་། དཔལ་འབར་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ་དཔལ་འབར་རྫོང་ལ་འབྲོག་ལས་ཀྱི་སྤུས་རྟཌ་གཏོད་ཆེད་ལམ་བུ་གསར་པ་ཞིག་གཏོད་རྒྱུ་དེ་རེད།

    བྱ་དེ་རྩིས་ལེན་མཁན་གསོ་ཚགས་རྟེན་གཞིའི་འགན་འཁུར་བས། སླད་ཕྱིན་ད་ཐེངས་སྤྲད་པའི“གངས་ལྗོངས་ཀྱི་བྱ་དེ་དཀར་པོ”དེ་དག་ཡག་པོ་གསོས་ཏེ། བོད་ཤར་གྱི་གྲོང་གསེབ་དར་རྒྱས་ཀྱི་སྐད་གྲགས་ཆེ་བའི་མིང་བྱང་ཞིག་ཏུ་གཏོད་པར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།