ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད།
འབྲས་སྤུངས་དགོན། འཇམ་དཔལ་ལྷག་བསམ།
ངའི་མིང་ལ་འཇམ་དཔལ་ལྷག་བསམ་ཟེར་གྱི་ཡོད། འབྲས་སྤུངས་དགོན་པའི་མཁན་པོ་ཡིན། ད་ལྟ་འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར་གྱི་ཡོད། དེ་རིང་འདིར་བཞུགས་དབུ་ཁྲིད་རྣམ་པ་དང་ཆོས་གྲོགས་རྣམ་པར་རང་ཉིད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་པར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་སྙན་སེང་ཞུ་སྐལ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཀྱང་རེད། བཀྲ་ཤིས་ལ་དུས་བཟང་བའི་ལོ་ངོ་འདིར། ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡི་གཙོ་འཛིན། ལོ་ངོ་བརྒྱ་ཡི་ལོ་རྒྱུས་ལྡན་པའི་ཏང་ཆེན་པོའི་སྲོག་ཤིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཆེ་བར་མ་འཛེམས་པར་ཆེད་མངགས་བོད་ལ་ཆིབས་བསྒྱུར་གནང་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་དང་སྦྲགས་རྟོག་ཞིབ་ཀྱང་གནང་བ་རེད། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་གཟིགས་རྒྱང་རིང་པོས་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་གྱི་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་སྐྱོང་དང་དམིགས་བསལ་ཐུགས་ཁུར་གནང་བའང་ཡོངས་སུ་མཚོན་གྱི་ཡོད།
དེ་བས་བརྗེད་པར་དཀའ་བ་ཞིག་ནི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ང་ཚོ་འབྲས་སྤུངས་དགོན་པར་རྟོག་ཞིབ་གནང་བར་ཕེབས་བྱུང་། སྟབས་ལེགས་པ་ཞིག་ལ་རང་ཉིད་ཀྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་དང་འབྲས་སྤུངས་དགོན་པའི་དགེ་འདུན་པ་རྣམས་ཀྱི་ཚབ་ཞུས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་མདུན་དུ་བཅར་ནས་མཇལ་དར་སྒྲོན་སྐལ་བྱུང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་འབྲས་སྤུངས་དགོན་པར་རྟོག་ཞིབ་གནང་རིང་སྐུ་བཅར་ཡང་ཞུ་སྐལ་བྱུང་། འདི་ནི་འབྲས་སྤུངས་དགོན་ཕྱག་བཏབ་ནས་ལོ་ངོ་605ཡི་ཚུན་དུ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་འབྲས་སྤུངས་དགོན་པར་གཟིགས་ཞིབ་གནང་བར་ཕེབས་ཐེངས་དང་པོ་རེད། དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་འབྲས་སྤུངས་དགོན་པར་ཐུགས་ཁུར་དང་བོད་བརྒྱུད་ནང་བསྟན་ལ་གཟིགས་སྐྱོང་གནང་བ་རབ་ཏུ་མཚོན་གྱི་ཡོད། འདི་ནི་རང་ཉིད་ཀྱི་མི་ཚེ་གཅིག་རིང་དྲན་གསོ་བྱེད་འོས་པ་དང་། མི་ཚེ་གཅིག་རིང་དགའ་བ་སྐྱེ་འོས་པ། མི་ཚེ་གཅིག་རིང་སྤོབས་པ་བྱེད་འོས་པ་བཅས་ཀྱི་བཀྲ་ཤིས་དོན་ཆེན་ཞིག་ཡིན་ལ། ང་ཚོ་དགོན་པ་ཡོངས་ཀྱི་གྲྭ་དམངས་ཀྱིས་རྡོ་ལ་རི་མོ་བརྐོས་པ་ལྟར་ནམ་ཡང་བརྗེད་ཐབས་མེད་པའི་བཀྲ་ཤིས་དོན་ཆེན་ཞིག་དང་། ང་ཚོ་གྲྭ་དམངས་ཡོངས་ཀྱིས་སྤོབས་པ་དང་གཟི་བརྗིད་བྱེད་འོས་པ་ཞིག་ཏུ་འགྱུར་ངེས་ཀྱང་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་ཀྱི་ཚོགས་ཆེན་འདུ་ཁང་ལ་ཕེབས་ནས་གཟིགས་ཞིབ་ཞིབ་ཅིང་ཕྲ་བ་གནང་བའི་རྗེས། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་སྤེལ་ཚུལ་དང་འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་སྡེ་དོ་དམ་གསར་གཏོད་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་སྙན་སེང་ཞུས་པ་གཟབ་ནན་ངང་གསན་པ་མ་ཟད། ཚོགས་ཆེན་རྡོ་གཅལ་དུ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ཉེ་བའི་ལོ་ཤས་ནང་འབྲས་སྤུངས་དགོན་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ལ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་འདུག་ཅེས་གདེང་འཇོག་ཁས་ལེན་གང་ལེགས་གནང་གི་འདུག དེ་ནི་འབྲས་སྤུངས་དགོན་པའི་ལས་ཀར་གདེང་འཇོག་གང་ལེགས་གནང་བ་ཞིག་དང་། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་ཞིག་རེད་ལ། ང་ཚོའི་ལས་ཀར་བསྔགས་སྐུལ་ཆེན་པོ་དང་སྐུལ་ལྕག་ཤུགས་ཆེན་གནང་བ་ཞིག་དེ་བས་ཀྱང་རེད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་འབྲས་སྤུངས་དགོན་པ་ནས་ཞལ་གྱེས་ལ་ཉེ་བའི་མཚམས་སུ། བྱམས་དང་བརྩེ་བ་ཟབ་མོས་ཁྱེད་ཚོར་དཀའ་ངལ་ག་རེ་ཡོད་ཀྱང་། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ལ་བཤད་ན་ཆོག ཏང་དང་སྲིད་གཞུང་གིས་ཁྱེད་ཚོའི་དཀའ་ངལ་ཐག་གཅོད་བྱེད་ཀྱི་རེད་ཅེས་གསུངས་ཀྱི་འདུག སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དེ་རྣ་བའི་སྦུ་གར་ཐོས་མ་ཐག་རང་གི་སེམས་ནང་བརྗོད་མི་ཤེས་པའི་དགའ་ཚོར་དཔག་མེད་སྐྱེས་ཏེ། ཁོང་ལ་སེམས་གཏིང་ནས་དགའ་གུས་ཆེན་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་དགོན་པར་ཕེབས་སྐབས་གནང་བའི་གསུང་བཤད་འདི་ནི་ང་ཚོ་བོད་བརྒྱུད་ནང་བསྟན་མི་སྣར་གནང་བའི་སྙིང་ཉེའི་བཀའ་སློབ་གལ་ཆེན་ཞིག་དང་། ང་ཚོས་བོད་བརྒྱུད་ནང་བསྟན་ཉམས་མེད་འཛིན་སྐྱོང་ཡག་པོ་བྱེད་པའི་ལམ་སྟོན་སྒྲོན་མེ་དང་རྩ་བའི་གཞི་འཛིན་ས་ཞིག་རེད། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་རང་ཉིད་ཀྱིས་གཙོ་འཛིན་གྱི་བཀའ་སློབ་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་རྒྱུ་མ་ཟད། རྒྱ་ཆེའི་གྲྭ་དམངས་ཀྱི་སྣེ་ཁྲིད་དེ་དྲིལ་བསྒྲགས་ཡག་པོ་དང་ལག་ལེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་ལ་བརྩི་བཀུར་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ། ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་ལ་བརྟེན་ནས་མོས་སེམས་ལྔ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཕན་པ་ཡོད་པ་ལྔའི་ཚད་གཞི་ལྟར་བློ་བརྟན་འགྱུར་མེད་ངང་བོད་བརྒྱུད་ནང་བསྟན་འདི་ཉིད་རང་ས་ཅན་དང་ཀྲུང་གོ་ཅན་ལ་འགྱུར་བའི་ལམ་བུའི་ཐོག་སྐྱོད་པ་དང་། མངའ་ཁོངས་ཕྱིའི་དགྲ་ཡའི་ཁ་ཕྲལ་ཕྱོགས་གཏོགས་ཀྱི་སིམ་འཛུལ་དང་གཏོར་བཤིག་ལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་གཉིས་དང་དབྱེ་མཚམས་གསལ་པོར་འབྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐར་ཕྱིན་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ། དེ་བཞིན་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་དགོན་པའི་གྲྭ་དམངས་ཡོངས་ཀྱི་སྣེ་ཁྲིད་དེ། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་ལྷོད་མེད་བྱ་རྒྱུ་དང་། འབྲས་སྤུངས་དགོན་པའི་འཆམ་མཐུན་བརྟན་ལྷིང་གི་རྣམ་པ་གསར་དུ་གཏོད་ཕྱིར་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།
འབྲས་སྤུངས་དགོན། ངག་དབང་སྒོམ་ཆེན།
ངའི་མིང་ལ་ངག་དབང་སྒོམ་ཆེན་ཟེར་གྱི་ཡོད། འབྲས་སྤུངས་དགོན་པའི་གྲྭ་པ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི་མཚམས་འདིར། འབྲས་སྤུངས་དགོན་དུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་རྟོག་ཞིབ་གནང་བར་ཕེབས་རྒྱུ་ཡིན་པའི་གཏམ་བཟང་དེ་ཐོས་སྐབས་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ལ་སྤོབས་སེམས་ཀྱང་ཆེན་པོ་བྱུང་།
2021ལོའི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཡས་མས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཚོགས་ཆེན་འདུ་ཁང་གི་མདུན་དུ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་བསང་ཕོར་དང་གདུགས་འཁྱེར་བ་དང་། དུང་རྒྱ་གླིང་བཏང་སྟེ་རླབས་ཆེན་གྱི་གཙོ་འཛིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བསུ་བ་གཟབ་རྒྱས་ཞུས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཚོགས་ཆེན་འདུ་ཁང་དུ་ཕེབས་རྗེས། བོད་ཀྱི་ཆོས་ལུགས་ལས་དོན་དང་འབྲས་སྤུངས་དགོན་གྱི་དོ་དམ་གསར་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་ཚུལ་གསན་གནང་བ་དང་། ཚོགས་ཆེན་འདུ་ཁང་ལ་གཟིགས་སྐོར་ཕེབས་ཞོར་དུ་འབྲས་སྤུངས་དགོན་གྱིས་ལོ་དེ་དག་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་གདེང་འཇོག་གང་ལེགས་གནང་སོང་།
དམིགས་བསལ་གྱི་ལོ་ཟླ་དེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་པ་དང་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། དེའི་ཐོག་ནས་བོད་ཀྱི་ལས་དོན་ཐད་ཏང་ཀྲུང་དབྱང་གིས་དམིགས་བསལ་ཐུགས་ཁུར་གནང་བ་དང་། རླབས་ཆེན་གཙོ་འཛིན་གྱིས་བོད་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པ། བོད་བརྒྱུད་ནང་བསྟན་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་པ་དེ་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སྐུལ་ལྕག་ཆེན་པོ་གནང་བ་མ་ཟད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་སྐུལ་ལྕག་དང་བསྔགས་སྐུལ་ཆེན་པོ་གནང་བ་ཞིག་ཀྱང་རེད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཡིན་པའི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངེད་དགོན་པར་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་རྒྱུ་དང་འབྲེལ། དེ་ཉིད་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་དང་མཛུབ་ཁྲིད་བསམ་བློར་བརྩི་བ་དང་། བོད་བརྒྱུད་ནང་བསྟན་རང་ས་ཅན་དང་ཀྲུང་གོ་ཅན་གྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་ཁྲོད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།
མཇུག་ཏུ། ཏང་ཀྲུང་དབྱང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ། ལྗོངས་ཏང་ཨུད་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་དབུ་ཁྲིད་རྣམ་པས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཡིན། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་རེ་བ་ཆུད་ཟོས་སུ་གཏན་ནས་མ་བཏང་བར། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་གཉིས་དང་དབྱེ་མཚམས་གསལ་པོ་མཐའ་གཅིག་ཏུ་འབྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། རང་འགུལ་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ཏེ། འབྲས་སྤུངས་དགོན་དེ་ཉིད་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་དཔེ་སྟོན་དགོན་སྡེ་ཞིག་ཏུ་འགྱུར་བའི་འབད་བརྩོན་བྱ་རྒྱུ་ཡིན།
འབྲས་སྤུངས་དགོན། ངག་དབང་ཆོས་འཛིན།
ངའི་མིང་ལ་ངག་དབང་ཆོས་འཛིན་ཟེར་གྱི་ཡོད། འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཞིག་ཡིན། ད་ལྟ་འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་འཁུར་གྱི་ཡོད། དེ་རིང་འདིར་བཞུགས་རྣམ་པ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་བྱས་པའི་མྱོང་ཚོར་ལྷན་རྒྱས་ལ་སྙན་སེང་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གཤམ་ལ་ངས་སྔར་བྱུང་མ་མྱོང་བ་དང་། སྤོབས་སེམས་ཆེན་པོ། ཚད་མཐོའི་མཐོང་ཆེན། དམིགས་བསལ་ཐུགས་ཁུར་བཅས་ཆ་ཤས་བཞིའི་ཐོག་ནས་རང་ཉིད་ཀྱི་མྱོང་ཚོར་ཞུ་རྒྱུ་ཡིན།
གཅིག་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་ཞིང་། ཟླ་7ཚེས་22ཉིན་ནི་བཀྲ་ཤིས་དུས་བཟང་གི་ཉིན་ཞིག་རེད། ངའི་མི་ཚེ་འདིར་བརྗེད་ཐབས་བྲལ་ལ་རྡོ་ལ་རི་མོ་བརྐོས་པ་བཞིན་ངེས་རྒྱུའང་ཡིན། ཉིན་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་མཛད་བྲེལ་ཤིན་ཏུ་ཆེ་ཡང་ཆེད་མངགས་ང་ཚོ་འབྲས་སྤུངས་དགོན་དུ་ཆོས་ལུགས་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་དང་འབྲས་སྤུངས་དགོན་གྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་བཀྲ་ཤིས་པའི་བྱ་བ་ཞིག་རེད། གནས་ཚུལ་དེ་དག་ནི་བྱུང་མ་ཐག་པའི་བྱ་བ་དང་འདྲ་བར་ངའི་མིག་ལམ་དུ་ལམ་ལམ་དུ་འཆར་བས་ནམ་ཡང་བརྗེད་པར་དཀའ།
གཉིས་ནི་སྤོབས་སེམས་ཆེན་པོ་སྐྱེ་འོས་པ་ཞིག་ཡིན་ཞིང་། ང་རང་རྟེན་འབྲེལ་བཟང་པོའི་དབང་གིས་འབྲས་སྤུངས་དགོན་གྱི་དགེ་འདུན་ཡོངས་དང་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ཚབ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགོན་སྡེའི་གནས་ཚུལ་ངོ་སྤྲོད་ཞུ་སྐལ་བྱུང་། སྐབས་དེར་དངངས་འཚབ་དང་དགའ་སྤྲོ་གཉིས་ཀ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་མཇལ་འཕྲད་འཚམས་འདྲི་གནང་བ་མ་ཟད། ལོ་འདི་དག་ནང་འབྲས་སྤུངས་དགོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་གི་འདུག འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཞིག་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཞིག་ཡིན་པའི་ངས་དམིགས་བསལ་དང་རླབས་ཆེན་གྱི་དུས་སྐབས་འདི་འདྲ་ཞིག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་བར་ཕེབས་རིང་སྐུ་བཅར་དང་དགོན་པའི་གནས་ཚུལ་ངོ་སྤྲོད་ཞུ་རྒྱུ་བྱུང་བར་དགའ་ཚོར་དཔག་མེད་དང་གཟི་བརྗིད་ཆེན་པོ་བྱུང་།
གསུམ་ནི་ཚད་མཐོའི་མཐོང་ཆེན་གནང་བ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཤིན་ཏུ་ཆེ་ཡང་ཐུགས་ལ་བོད་ལྗོངས་་དང་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅངས་གནང་ནས་བོད་དུ་རྟོག་ཞིབ་གནང་རིང་ཆེད་མངགས་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། བོད་ཀྱི་ཆོས་ལུགས་ལས་དོན་སྤེལ་ཚུལ་དང་རང་དགོན་གྱིས་དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣར་འཚམས་འདྲི་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་དེ་དག་ཚང་མ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་གྱི་ཡོད།
བཞི་ནི་དམིགས་བསལ་ཐུགས་ཁུར་གནང་བ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་འདུ་ཁང་མདུན་གྱི་རྡོ་གཅལ་ནས་ང་ཚོ་གྲྭ་དམངས་ཚོར་བཀྲ་ཤིས་བདེ་ལེགས་ཞེས་ཡང་ཡང་མཚམས་འདྲི་གནང་བ་དང་། དགེ་འདུན་པ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་གཞི་རྩའི་གནས་ཚུལ་བཀའ་འདྲི་གནང་བ་དེ་ནི་ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་བྱམས་བརྩེའི་ཐུགས་ཁུར་དང་བྱམས་སྐྱོང་ཤིན་ཏུ་ཆེན་པོ་གནང་བ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་འདུན་པ་ཚོར་བཅངས་པའི་བརྩེ་སེམས་ཟབ་མོ་དང་དམིགས་བསལ་གྱི་གཟིགས་སྐྱོང་གནང་བ་ཞིག་ཀྱང་རེད། མ་ཟད་ང་ཚོའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་རེ་བ་གསར་པ་ཞིག་ཀྱང་ཡིན་ལ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣར་ལྕག་སྐུལ་ཤིན་ཏུ་ཆེན་པོ་གནང་བ་ཞིག་ཀྱང་རེད།
སྤྱི་ཁྱབ་ཧྲུའུ་ཅི་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས་ང་ལ་ཚོར་སྣང་ཟབ་མོ་མང་པོ་བྱུང་། གོམ་སྟབས་རྗེས་མར་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་དང་ལྷག་པར་དུ་འབྲས་སྤུངས་དགོན་ལ་རྟོག་ཞིབ་གནང་བར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ཁག་དང་ལྷག་པར་དུ་ཆོས་ལུགས་ལས་དོན་ཐད་བཏོན་གནང་བའི་བླང་བྱ་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་རང་ས་ཅན་དང་ཀྲུང་གོ་ཅན་གྱི་འགྲོ་ལམ་མཐའ་འཁྱོངས་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་ཡིན།
དགེ་འདུན་པ་ཞིག་དང་དགོན་པའི་འགན་ཁུར་བ་ཞིག་ཡིན་པའི་ངས་ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དེ་རྩ་བའི་ཕྱོགས་སྟོན་དང་སྒུལ་ཤུགས་གསར་པར་བརྩིས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། བཀའ་དྲིན་ཚོར་ཞིང་ཡར་བརྩོན་བྱེད་པ། རྒྱུན་རྣམ་ཅན་དུ་སྐུལ་འདེད་གཏོང་བཞིན་པའི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྣེ་ཁྲིད་དེ་ཧུར་ཐག་ཞུགས་པ། རྒྱ་ཆེའི་དགེ་འདུན་པར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་ཧུར་ཐག་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་རྒྱུ་ཡིན། རྒྱ་ཆེའི་གྲྭ་དམངས་ལ་ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ནི་མི་རིགས་ཀྱི་གནད་དོན་དང་། ཆོས་ལུགས་ཀྱི་གནད་དོན། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་མིན་པར་སྲིད་དབང་སྲུང་སྐྱོང་དང་། དར་ཆ་སྲུང་སྐྱོང་། འགྲོ་ལམ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་འཐབ་རྩོད་ནན་པོ་ཞིག་ཡིན་པ་གསལ་བཤད་བྱ་རྒྱུ་དང་། ང་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་གཞི་རྩའི་བྱེད་ཕྱོགས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་བསམ་བློའི་ཐོག་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐོག་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐོག་བསམ་སྦྱོར་གཅིག་མཐུན་བྱེད་པ། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་བྱས་ནས་འབྲས་སྤུངས་དགོན་དེ་རྒྱུན་མཐུད་དང་། ཡུན་རིང་། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཏེ་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་འབུལ་རྒྱུ་ཡིན།
འབྲས་སྤུངས་དགོན། ངག་དབང་མཚུངས་མེད།
ངའི་མིང་ལ་ངག་དབང་མཚུངས་མེད་ཟེར་གྱི་ཡོད། འབྲས་སྤུངས་དགོན་པ་ནས་ཡིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་མཛད་བྲེལ་ཤིན་ཏུ་ཆེ་ཡང་བོད་དང་འབྲས་སྤུངས་དགོན་པར་རྟོག་ཞིབ་གནང་བར་ཕེབས་པ་དེ་ནི་ང་ཚོའི་ངོས་ནས་བརྗོད་ན་གཟི་བརྗིད་ཆེན་པོ་ཞིག་དང་སྤོབས་པ་སྐྱེ་འོས་པ་ཞིག་རེད་འདུག འདས་ཟིན་པར་ཕྱིར་མིག་ལྟ་སྐབས། བོད་ཀྱི་ལོ་རྒྱུས་ཐོག་བཀྲ་ཤིས་པའི་དོན་ཆེན་དེ་འདྲ་གཏན་ནས་བྱུང་མྱོང་མེད། རང་ཉིད་ལོ་རྒྱུས་ཀྱི་དུས་སྐབས་རླབས་པོ་ཆེ་དེ་ལྟ་བུར་བདེན་དཔང་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ལ། སྤོབས་པ་དང་གཟི་བརྗིད་ཀྱང་ཆེན་པོ་བྱུང་།
2021ལོའི་ཟླ་7ཚེས་22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཡས་མས་ལ་སྤྱི་ཁྱབ་ཧྲུའུ་ཅི་འབྲས་སྤུངས་དགོན་པའི་ཚོགས་ཆེན་འདུ་ཁང་དུ་ཕེབས་ཤིང་། ཚོགས་ཆེན་རྡོ་གཅལ་དུ་ཕེབས་འབྱོར་ཟིན་མ་ཐག་རྒྱ་ཆེའི་དགེ་འདུན་པ་ཚོས་དུང་རྒྱ་གླིང་གཏོང་བ་དང་བསང་ཕོར་དང་གདུགས་སོགས་འཁྱེར་ཏེ་སྤྱན་འདྲེན་གཟབ་རྒྱས་ཐོག་ནས་རླབས་ཆེན་གྱི་གཙོ་འཛིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་ཆེན་འདུ་ཁང་ནང་ཞབས་སོར་འཁོད་ཞོར་དུ་བོད་ཀྱི་ཆོས་ལུགས་ལས་དོན་དང་འབྲས་སྤུངས་དགོན་པའི་དགོན་སྡེ་དོ་དམ་གསར་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་ཚུལ་སྙན་སེང་ཞུས་པ་གསན་རྗེས། འབྲས་སྤུངས་དགོན་གྱིས་ལོ་དེ་དག་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་སོགས་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་གདེང་འཇོག་གང་ལེགས་གནང་ཡོད། འབྲས་སྤུངས་དགོན་པར་རྟོག་ཞིབ་གནང་རིང་སྤྱི་ཁྱབ་ཧྲུའུ་ཅིས་དགེ་འདུན་པ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། དགེ་འདུན་པ་ཡོངས་ཀྱི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས“ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་དེ‘འཆམ་མཐུན’ལ་ཐུག་ཡོད། ཆོས་ལུགས་གང་ཞིག་ཡིན་རུང་དེ་གནས་སའི་སྤྱི་ཚོགས་དང་ངེས་པར་དུ་འཚམ་དགོས། འདི་ནི་འཛམ་གླིང་གི་ཆོས་ལུགས་འཕེལ་རྒྱས་དང་ཁྱབ་སྤེལ་འགྲོ་བའི་ཡོངས་ཁྱབ་ཀྱི་ཆོས་ཉིད་རེད། བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་དེས་མི་དམངས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་ཕན་པར་བྱེད་དགོས་པ་མ་ཟད། སྤྱི་ཚོགས་བརྟན་ལྷིང་ལའང་ཕན་པར་བྱེད་དགོས། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བར་བྱེད་དགོས། བོད་བརྒྱུད་ནང་བསྟན་ཡང་དག་པའི་ཁ་ཕྱོགས་བརྒྱུད་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་ཡོད།
ལམ་དེའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་འགྲོ་རྒྱུ་དང་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡག་ཏུ་འགྲོ་རྒྱུའི་ངར་ཡིད་ཆེས་ཡོད”ཅེས་ནན་གསུངས་གནང་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་དག་ལས་རང་ཉིད་ལ་སེམས་འགུལ་ཆེན་པོ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་དེ་དག་ནི་ང་ཚོར་ཁས་ལེན་དང་གཟེངས་བསྟོད་གནང་བ་ཞིག་རེད་ལ། སྐུལ་ལྕག་དང་བསྔགས་སྐུལ་ཆེན་པོ་གནང་བ་ཞིག་ཀྱང་རེད། འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཞིག་ཡིན་པའི་རང་ཉིད་ལ་གཟི་བརྗིད་དང་སྤོབས་སེམས་ཚད་མེད་སྐྱེས་ལ། ལས་འགན་ནི་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡིན་པའང་གསལ་པོ་ཤེས་བྱུང་། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དེ་སྒུལ་ཤུགས་སུ་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་ལག་ལེན་དང་དར་སྤེལ་གཏོང་བ་དང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་མཐའ་གཅིག་ཏུ་དབྱེ་མཚམས་གསལ་པོར་འབྱེད་པ། ཁ་ཕྲལ་ལ་ངོ་རྒོལ་མཐར་ཕྱིན་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་བཀའ་དྲིན་ཡིད་ལ་བཅངས་ནས། ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། འབྲས་སྤུངས་དགོན་གྱི་དགེ་འདུན་པ་ཡོངས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆབ་སྲིད་ཀྱི་གོ་རྟོགས་དང་། བསམ་བློའི་གོ་རྟོགས། བྱ་སྤྱོད་ཀྱི་གོ་རྟོགས་བཅས་མངོན་པར་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཕེལ་བའི་ངང་ནས་བསུ་བ་ཞུ་རྒྱུ་ཡིན།
དགའ་ལྡན་དགོན། ངག་དབང་ཆོས་འཕགས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མ་མཛད་བྲེལ་ལ་མ་བལྟོས་པར་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད་ལ། བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དགའ་འོས་པའི་དོན་ཆེན་ཞིག་ཀྱང་རེད། རྟོག་ཞིབ་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་བ་དང་ཆོས་ལུགས་ལས་དོན་མི་སྣར་འཚམས་འདྲི་གནང་བ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་དམིགས་བསལ་ཐུགས་ཁུར་གནང་བ་གང་ལེགས་མཚོན་གྱི་ཡོད། དེ་ལས་ང་ཚོ་རྒྱ་ཆེའི་གྲྭ་དམངས་རྣམས་ལ་སེམས་འགུལ་ཚད་མེད་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།
ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་སྤེལ་རྒྱུ་བྱུང་བར་གུས་པར་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། འདིར་དང་ཐོག་ཏང་ཨུད་དང་སྲིད་གཞུང་གིས་གུས་པར་ཡུན་རིང་གསོ་སྐྱོང་སློབ་གསོ་དང་ཐུགས་ཁུར་བྱམས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “ཚད་གཞི་བཞི”དང“ཕན་པ་ལྔ”ཡི་བླང་བྱར་ཏན་ཏིག་ངང་བརྩི་སྲུང་ཞུ་བ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ནས་དགོན་པའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ་ཡིན།
གཅིག་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞིང་། སྟོན་པས་ལོ་ངོ་2500ལྷག་གི་སྔོན་ནས་སློབ་མ་རྣམས་ལ་རྒྱལ་པོའི་བཀའ་དྲིན་གསོ་དགོས་པའི་བསླབ་བྱ་གནང་ཡོད། ད་ལྟའི་ངོས་ནས་བཤད་ན་དེ་ནི་ཏང་གི་བཀའ་དྲིན་གསོ་བ་དང་གཅིག་མཚུངས་རེད། ང་ཚོས་སྔ་ཕྱི་བར་གསུམ་དུ་ཏང་གི་བཀའ་དྲིན་སེམས་ལ་ངེས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། སྔ་ཕྱི་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བཟང་པོ་བརྩོན་ལེན་བྱ་རྒྱུ་དང་།
གཉིས་ནས་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཀྱི་སྤྱི་དམངས་ཤིག་ཡིན་པའི་ང་ཚོ་གྲྭ་བཙུན་རྣམས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། རང་འགུལ་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་གཉིས་དང་དབྱེ་མཚམས་གསལ་པོ་འབྱེད་པ། སྔ་བར་ཕྱི་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་གྱི་འགྲོ་ལམ་ཐོག་རང་འགུལ་ངང་སྐྱོད་པ་བཅས་བྱས་ནས་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན་གྱི་མིག་དཔེ་བཟང་པོ་ཞིག་ཆགས་རྒྱུར་བརྩོན་ལེན་བྱ་རྒྱུ།
གསུམ་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞིང་། ང་ཚོས་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅས་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་གཞིས་ཡོད་པ་དང་། “ཁ་འབྲལ་ཐབས་མེད་པ་གསུམ” མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་བསམ་ཤེས་ཟབ་ཏུ་གཏོང་བ། ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསྟུན་མཁས། ཕན་ཚུན་མོས་གུས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ། སྤུན་ཉེ་འཆམ་མཐུན། ལྟ་རེས་སྐྱོང་རེས་བཅས་བྱས་ནས་མི་རིགས་ཁག་གི་མཐུན་སྒྲིལ་དང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱ་རྒྱུ།
བཞི་ནས་ཧུར་བརྩོན་ཆེན་པོས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་ཡག་པོ་བྱ་རྒྱུ་ཡིན་ཞིང་། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བཟུང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་བོད་བརྒྱུད་ནང་བསྟན་ནང་བསྡུ་ལེན་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་འགྲེལ་བཤད་ཡང་དག་རྒྱག་པ། དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ་ལ་དགའ་ཞེན། ཞི་མཐུན་སྤྱི་ཚོགས་ལ་དགའ་ཞེན་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་བཅས་ཡིན།
གནས་ནང་དགོན། དཔལ་ལྡན་དཔའ་བོ།
ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་སྐབས་འདིར། ཏང་གི་སྲོག་ཤིང་དང་། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ། མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད། ངས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཡོང་རྒྱུར་སྐུལ་འདེད་གཏོང་བར་བསམ་ཚུལ་དང་མྱོང་ཚོར་དེ་བས་གཏིང་ཟབ་བྱུང་ལ། ཐོས་བསམ་སྒོམ་གསུམ་ལ་གཞོལ་རྒྱུ་དང་བསམ་སྦྱོར་གཅིག་མཐུན་གྱིས་ཞི་མཐུན་སྤྱི་ཚོགས་མཉམ་སྐྲུན་བྱ་རྒྱུར་འབད་འཐབ་དམིགས་ཚད་དང་ཁ་ཕྱོགས་དེ་བས་ཀྱང་གསལ་པོ་བྱུང་།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་དུ་གཟིགས་ཞིབ་གནང་རིང་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་མ་ཟད་ལྷན་བཞུགས་སྐུ་པར་ཡང་བསྒྲོན་ཡོད། ཚེ་འདིར་སྤྱི་ཁྱབ་ཧྲུའུ་ཅིའི་མཇལ་འཕྲད་ཐོབ་པ་དེ་ང་ཚོས་སྤོབས་པ་ཚད་མེད་ཅིག་ལ་བརྩིས་ལ་ཚེ་གང་བརྗེད་པར་ཡང་དཀའ། སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཞིག་ཡིན་པའི་ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་སེམས་ལ་བརྟན་པོ་ངེས་པ་དང་། ཏང་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རང་ཉིད་ཀྱི་ནང་ཆོས་ཀྱི་རྟོགས་པ་དང་ཆོས་ལུགས་ཀྱི་ཉམས་ལེན་ཟམ་མི་ཆད་པར་མཐོ་རུ་གཏོང་བ། དེང་རབས་ཚན་རིག་ཤེས་དཔལ་ཤེས་བྱ་དཀའ་སྤྱད་སློབ་སྦྱོང་བཅས་བྱས་ཏེ“ཚད་གཞི་བཞི”དང་མཐུན་པའི་སྤྲུལ་སྐུ་ཡག་པོ་ཞིག་ཧུར་ཐག་བྱ་རྒྱུ་སྟེ།
གཅིག་ནས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རྒྱུ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དོན་འཁྱོལ་བྱ་རྒྱུ་སོགས་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཏུ་བསྐྱོད་རྒྱུ། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ།
གཉིས་ནས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་འཆད་འགྲེལ་གྱི་ལས་དོན་ལེགས་པོ་སྤེལ་རྒྱུ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ཚད་གཞི་བཞི”དང“ཕན་པ་ལྔའི”བླང་བྱ་ལྟར་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒོམ་སྒྲུབ་ཉམས་ལེན་དང་རྟོགས་པ་མཐོ་རུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པ་དང་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་ཕན་པའི་སྒོ་ནས་འཆད་འགྲེལ་བྱེད་པ། དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ།
གསུམ་ནས་ནུས་པ་འདོན་སྤེལ་ཧུར་ཐག་བྱ་རྒྱུ་ཡིན་ཞིང་། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དགོན་སྡེའི་གྲྭ་བཙུན་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་རླབས་ཆེན་འགྲན་ཟླ་མེད་པ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་འགྲན་ཟླ་མེད་པའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། རླབས་ཆེན་ཏང་གི་བཀའ་དྲིན་དྲན་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱི་བཀའ་དྲིན་དྲན་པ། རླབས་ཆེན་མེས་རྒྱལ་གྱི་བཀའ་དྲིན་དྲན་པ། ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་ཆོས་ལུགས་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན།
སེ་ར་དགོན། བཀྲ་ཤིས་རྒྱལ་མཚན།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་ཡུན་རིང་མ་སོང་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་ཕེབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་གྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། ལོ་འདི་དག་ནང་འབྲས་སྤུངས་དགོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བཅས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་ཡོད། དེའང་ང་ཚོ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣར་སྐུལ་ལྕག་ཆེན་པོ་དང་བསྔགས་སྐུལ་ཆེན་པོ་གནང་བ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གོ་བ་གཏིང་ཟབ་བླངས་ཏེ། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་ཡོང་བར་སྐུལ་འདེད་ཀྱིས། སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།
དུས་ཡུན་རིང་པོའི་ནང་། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཚོ་བ་དང་སྒོམ་སྒྲུབ་སོགས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་གནང་བ་ལས། ང་ཚོར་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་ཟབ་མོ་གནང་བའི་མྱོང་ཚོར་གཏིང་ཟབ་བྱུང་། ཚང་མས་མཁྱེན་གསལ་ལྟར“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ”ཡིན། སྤྱི་ཚོགས་བརྟན་ལྷིང་བྱུང་ན་མི་རིགས་ཁག་གཞི་ནས་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་དང་། ཆོས་ལུགས་ཁག་གཞི་ནས་དར་རྒྱས་གོང་འཕེལ་ཡོང་ཐུབ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ངས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱ་རྒྱུ་དང་། གསུང་བཤད་ཀྱི་ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་གོ་བ་གཏིང་ཟབ་ལེན་ཐུབ་པ་བྱ་རྒྱུ། གསུང་བཤད་ཀྱི་དགོངས་དོན་གོ་བདེ་རྟོགས་སླ་བའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་འཆད་ཁྲིད་བྱས་ཏེ། ཁོང་ཚོར་ཏང་ལ་དགའ་ཞེན་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱ་རྒྱུ་ཡིན། རང་ཉིད་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། ཆོས་ཕྱོགས་ཀྱི་ཤུགས་རྐྱེན་བཟང་པོ་ཐོན་ཐུབ་པ་བྱས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་སྒྲུབ་ཆེད་རང་ཉིད་ཀྱི་ནུས་པ་གང་ཡོད་བཏོན་ནས། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་རྒྱལ་གཅེས་ལྷག་བསམ་ཐོག་ནས། ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན།
ངམ་རིང་ཆོས་སྡེ་དགོན། བློ་བཟང་བཟོད་པ།
དེ་རིང་གོ་སྐབས་བཟང་པོ་འདི་ལྟ་བུ་ཐོབ་ནས་རང་ཉིད་གཞིས་རྩེ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་མི་སྣའི་ཚབ་ཞུས་ནས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་མཚམས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་ཕེབས་ནས་ལས་དོན་ལ་གཟིགས་ཞིབ་གནང་བ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་ཡོད། དེ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བློ་ལ་ངེས་པའི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཡིན་ལ། བོད་ཀྱི་མི་དམངས་ཀྱི་བསོད་ནམས་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཧ་ཅང་ཆེ་ཡང་སྐུ་ངོ་མས་འབྲས་སྤུངས་དགོན་དུ་རྟོག་ཞིབ་གནང་བ་དེས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ཤུལ་བཞག་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་གྱི་ཡོད། ལྷག་པར་དུ་ཟླ་7ཚེས་23ཉིན་གྱི་སྔ་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་ལས་ང་ཚོའི་ཡིད་ལ་དགའ་བདེའི་ལོངས་སྤྱོད་ཀྱིས་གང་ཞིང་། ད་རེས་ཆེད་མངགས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་ཆོས་ལུགས་ལས་རིགས་འཐུས་མིར་མཇལ་འཕྲད་གནང་བ་དེ་ནི་ཅི་འདྲའི་རིན་ཐང་ཆེ་བ་ཞིག་དང་། གོ་སྐབས་བཟང་བ་ཞིག་རེད་ཨང་། སྤྱི་ཁྱབ་ཧྲུའུ་ཅིའི་བརྗིད་ཉམས་ལྡན་པའི་གཟི་མདངས་དང་། བྱམས་བརྩེ་ཆེ་བའི་ཐུགས་གཤིས། ལྷག་བསམ་དཀར་བའི་འཛུམ་མདངས། ཉམས་གྱུར་དོད་པའི་གསུང་དབྱངས་བཅས་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་དྲོ་སྐྱིད་སྦྱིན་པ་ཞིག་ཡོད། ང་ཚོས་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་ལས་ཟབ་པའི་བཀའ་དྲིན་འཇལ་བ་དང་། ཆབ་སྲིད་ཐད་གཙོ་འཛིན་གྱི་རྗེས་སུ་དམ་པོར་འབྲངས་བ་དང་། བསམ་བློའི་ཐད་གཙོ་འཛིན་ལ་གོང་བཀུར། བརྩེ་དུང་ཐད་གཙོ་འཛིན་དང་ཉེ་བཅར། བྱ་སྤྱོད་ཐད་གཙོ་འཛིན་ལ་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན། མདོར་ན་ཕྱོགས་ཁག་བཞི་ཡི་ཐད་ནས་རང་ཉིད་ཀྱི་མྱོང་བ་མདོར་ཙམ་ཞུས་ན། གཅིག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་སློབ་སྦྱོང་བྱས་ནས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་འཆང་བ་དང་། གཉིས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ། གསུམ་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནམ་ཡང་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་དུས་བསྟུན་འཕེལ་རྒྱས་ཡོང་བ་བྱེད་པ། བཞི་ནས་ཆོས་ལུགས་ལས་དོན་ཁྲོད་དུ་ཉམས་ལེན་འབད་སྒྲུབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཆོས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་ནི‘མཐུན་པ’ཡིན། ཆོས་ལུགས་གང་རུང་གི་འཚོ་གནས་དང་འཕེལ་རྒྱས་ནི་ངེས་པར་དུ་སྤྱི་ཚོགས་དང་འཚམ་དགོས། འདི་ནི་འཛམ་གླིང་ཆོས་ལུགས་འཕེལ་རྒྱས་དང་ཁྱབ་འཕེལ་ཡོང་བའི་ཡོངས་ཁྱབ་ཀྱི་ཆོས་ཉིད་ཅིག་ཡིན”ཞེས་པའི་རྣམ་བཤད་གལ་ཆེན་གྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ཁ་ཕྱོགས་དང་གཞི་འཛིན་ས་གསལ་སྟོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ལྷག་པར་དུ་འབྲས་སྤུངས་དགོན་དུ་གཟིགས་ཞིབ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། དགོན་སྡེའི་གྲྭ་བཙུན་ཚོར་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་སྲིད་ཇུས་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྔ་བར་ཕྱི་གསུམ་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་གྱི་སྲིད་ཇུས་དང་ཁྲིམས་སྲོལ་མཐའ་གཅིག་ཏུ་ལག་ལེན་བསྟར་བ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།
རྗེས་མའི་ལས་ཀའི་ཁྲོད་རང་ཉིད་ནས་མུ་མཐུད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་། “ཕན་པ་ལྔ”ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་པ་དང་། རང་རྟོགས་ཀྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ། བོད་བརྒྱུད་ནང་བསྟན་དེ་དུས་རབས་ཀྱི་གོམ་སྟབས་དང་འཚམ་ཞིང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། དུས་རབས་ཀྱི་བླང་བྱ་དང་མཐུན་པ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་ཀྱི་བྱང་ཚད་མཐོ་བའི་དགེ་འདུན་པ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ལ་གསལ་འགྲེལ་ཡང་དག་རྒྱག་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཧུར་ཐག་གཏོད་པ་བཅས་བྱས་ནས་དེ་བས་ལེགས་པའི་འཛམ་གླིང་གཏོད་ཆེད་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣