དབུ་ཤོག>ཆེད་སྒྲིག
  • “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2021-08-10

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་། བདེ་སྐྱིད། འཕེལ་རྒྱས་བཅས་དོན་གཉེར་བྱས་པའི་ལོ་རྒྱུས་ཤིག་རེད་ལ། སྦྱོང་བརྡར་བཙོ་སྦྱངས་དང་གནམ་ས་གཡོ་བའི་སྙིང་སྟོབས་ཞུན་བརྡར་བྱས་པའི་ལོ་རྒྱུས་ཤིག་དེ་བས་ཀྱང་རེད། ལོ་ངོ་70ཡི་རིང་དཔྱིད་ཀྱི་མེ་ཏོག་བཞད་པ་དང་སྟོན་གྱི་འབྲས་བུ་བཏགས་ནས་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོས་གངས་ལྗོངས་ས་མཐོར་རྒྱུན་ཆད་མེད་པར་འབད་འཐབ་བྱས་དང་བྱེད་བཞིན་ཡོད། གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བ་བཅས་ཀྱི་སྒོ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་ལ་དཀའ་ཉེན་ཇི་ཙམ་འཕྲད་རུང་ནམ་ཡང་ལྷོད་གཡེང་སྤུ་ཙམ་མི་གཏོང་བ་དང་། བོད་འཕེལ་རྒྱས་དང་ཡར་ཐོན་ལ་དཀའ་སྡུག་ཇི་ཙམ་འཕྲད་རུང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མདུན་དུ་སྐྱོད་པ། མེས་རྒྱལ་གྱི་མཐའ་མཚམས་དར་རྒྱས་དང་བརྟན་ལྷིང་ལ་བློས་གཏོང་ཆེན་པོ་ཇི་ཙམ་བྱེད་དགོས་བྱུང་རུང་སྲོག་བསྡོས་ཞབས་ཞུ་བཅས་བྱས་ཏེ། གསར་བརྗེའི་ཕུགས་བསམ་གང་ལས་ལྷག་པའི་དད་སེམས་ཀྱི་མེ་ལྕེ་རབ་ཏུ་སྤར་བ་ལས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་སོགས་རབ་དང་རིམ་པ་སྔ་རྗེས་སུ་ཆགས་ནས་བརྗིད་ཆགས་ས་མཐོར་གུང་ཁྲན་ཏང་མིའི་བསམ་པའི་མཐོ་ས་བཏོད་ཡོད།

    རླབས་ཆེན་གྱི་འཐབ་རྩོད་ལས་རླབས་ཆེན་གྱི་སྙིང་སྟོབས་བཏོད། རླབས་ཆེན་གྱི་ལག་ལེན་ལས་རླབས་ཆེན་གྱི་སྙིང་སྟོབས་ལ་ཞུན་བརྡར་བྱེད། བོད་ཀྱི་ས་གཞི་ཆེན་པོར་དར་ཁྱབ་བྱུང་བའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་སོགས་ནི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་ཆེན་བོད་དུ་གསོན་ཉམས་དོད་པོས་རྒྱུན་འཛིན་དང་དར་སྤེལ་ནུས་ལྡན་བཏང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་མ་ལག་གི་གྲུབ་ཆ་གལ་ཆེན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་དོད་པའི་སློབ་གཞི། བོད་མི་དམངས་ཡོངས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་དང་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་རེད།

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དྲིལ་བསྒྲགས་དང་དར་སྤེལ་ཤུགས་ཆེན་གཏོང་དགོས། “སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། བཟོད་བསྲན་ཁྱད་པར་ཐུབ་པ། མཐུན་སྒྲིལ་ཁྱད་པར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་བ”བཅས་ནང་དོན་གཙོ་བོར་བྱས་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནི་རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་བསྐྲད་པ་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ། མི་དམངས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་བཏོད་པ་བཅས་ཀྱི་རླབས་ཆེན་གྱི་འཐབ་རྩོད་ཁྲོད་ནས་སྐྱེད་སྲིང་བྱུང་བ་ཞིག་དང་། རང་རེའི་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་ནས་འཕེལ་རྒྱས་བྱུང་བ་ཞིག རྒྱ་ཆེའི་བོད་སྡོད་དཔུང་སྡེའི་དཔོན་དམག་དང་། ལས་བྱེད་ལས་བཟོ། མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ཀྱིས་བོད་དུ་གཞི་ཚུགས་པ་དང་། དཀའ་སྤྱད་འབད་འཐབ་བྱེད་པ། ཚེ་སྲོག་དང་ཟུངས་ཁྲག་ལ་བརྟེན་ནས་བཏོད་པ་ཞིག་བཅས་རེད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་པ་དང་། ལག་ལེན་པ། དར་སྤེལ་བ་བཅས་ཡག་པོ་བྱས་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ཡག་པོ་བྱེད་པའི་ཁྲོད་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་དགོས་པ་དང་། འབད་འབུངས་ལྷོད་མེད་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་པའི་ཁྲོད་མེས་རྒྱལ་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་མཚོན་པར་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་བྱ་སྤྱོད་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་མོ་མངོན་པར་བྱེད་དགོས།

    “ལམ་གཉིས”ཀྱི་སྙིང་སྟོབས་དྲིལ་བསྒྲགས་དང་དར་སྤེལ་ཤུགས་ཆེན་གཏོང་དགོས། “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་། གཉིས་ནས་འཆི་རྒྱུར་མི་སྐྲག་པ། སྙིང་རུས་ཆེན་པོས་འབད་འཐབ་བྱེད་པ། གནོང་འགྱོད་མེད་པར་ལམ་རྡོ་བྱེད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ། མི་རིགས་མཐུན་སྒྲིལ”བཅས་ནང་དོན་གཙོ་བོར་བྱས་པའི“ལམ་གཉིས”ཀྱི་སྙིང་སྟོབས་ལ་བརྟེན་ནས་གསར་བརྗེའི་ཕུགས་འདུན་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་ཚད་མེད་བྱེད་པའི་དད་སེམས་བརྟན་པོ་དང་། དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། འཆི་རྒྱུར་མི་སྐྲག་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་དཔའ་ཉམས། འབད་འབུངས་མདུན་སྐྱོད་དང་འགན་འཁྲི་འཁུར་ཕོད་པའི་འགན་འཁྲིའི་འདུ་ཤེས་དང་ལས་འགན་སྒྲུབ་སེམས་ཆེན་པོ། དམག་དམངས་ཉ་ཆུ་ལྟར་བརྩེ་བ་དང་ཀུན་སེམས་གཅིག་སྒྲིལ་དང་ཞུམ་མེད་བརྟན་གནས་ཀྱི་མཉམ་སྡེབ་རིང་ལུགས་ཀྱི་སྙིང་སྟོབས་བཅས་མངོན་ཡོད། དེ་ནི་བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་སྙིང་སྟོབས་ཤིག་རེད་ལ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་བསམ་པའི་ཀ་རྟེན་ཆེན་པོ་ཞིག་དེ་བས་ཀྱང་རེད། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པར་བྱེད་དགོས་ཤིང་། “རི་མཐོན་པོ་མགོ་སྒུར་དུ་འཇུག་པ་དང་ཆུ་ཆེན་པོ་ལམ་གཟུར་དུ་འཇུག་པའི”ཞུམ་མེད་ཀྱི་དཔའ་ཉམས་དང་རི་ལ་ཐུག་ན་ལམ་བཤངས་པ་དང་ཆུ་ལ་ཐུག་ན་ཟམ་པ་འཛུགས་པའི་སྙིང་སྟོབས་ཀྱི་ཐོག་ནས། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ཉེན་ཡོད་ཚད་ཁྱད་བསད་དང་མདུན་སྐྱོད་ལམ་བུའི་ཐོག་གི་འགལ་རྐྱེན་ཡོད་ཚད་བསལ་ཏེ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་རྐྱང་ཞིག་ཧུར་ཐག་རྩོམ་དགོས།

    ལོ་རྒྱུས་ཆབ་རྒྱུན་བར་མེད་མདུན་དུ་རྒྱུག སྙིང་སྟོབས་མི་ཉམས་མི་རབས་རྒྱུན་འཛིན་བྱུང་། ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་དང་རླབས་ཆེའི་སྙིང་སྟོབས་ཀྱི་འབོད་སྐུལ་དང་ལྕག་སྐུལ་འོག གངས་ལྗོངས་ས་མཐོར་འབད་འཐབ་བྱེད་བཞིན་པའི་གུང་ཁྲན་ཏང་མིས་སྤྱིར་བཏང་གི་མིར་ལྡན་དགོས་པ་དང་སྤྱིར་བཏང་གི་མིར་ལོངས་སྤྱོད་ཡོང་བ་རྣམས་བློས་བཏང་སྟེ། མི་རབས་གཅིག་གི་རྒྱུན་མི་རབས་རྗེས་མས་བསྐྱངས་ཤིང་། སྔོན་འགྱེལ་རྗེས་མཐུད་དང་། འགན་འཁྲི་གཙང་སྒྲུབ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ལ་བརྟེན་ནས་མིའི་རིགས་འཕེལ་རྒྱས་ཀྱི་ས་མཐོའི་ངོ་མཚར་བྱས་རྗེས་རྒྱུན་ཆད་མེད་པར་བཏོད་དེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དཔག་ཏུ་མེད་པའི་དྲོ་སྐྱིད་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དཔག་ཏུ་མེད་པའི་ཁྱད་འཕགས། ཀྲུང་གོ་གུང་ཁྲན་ཏང་ནི་མཁས་མཛངས་ལྡན་ལ་རླབས་ཆེན་ཞིག་ཡིན་པ་བཅས་གང་ལེགས་ཚོར་དུ་བཅུག་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ཤིང་། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནུས་ཤུགས་ཡོད་རྒུས་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན། གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།