ང་ཕོད་གྲོང་ཚོ་རྒྱལ་ལམ་318ཀྱི་ཉེ་འགྲམ་དང་ཀོང་པོ་རྒྱ་མདའ་རྫོང་གྲོང་ནས་ཤར་ཕྱོགས་སུ་སྤྱི་ལེ་5ཡི་སར་གནས་ཡོད། ཉེ་བའི་ལོ་ཤས་རིང་། ང་ཕོད་གྲོང་ཚོས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ནས“ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོ་འཛུགས་པ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་ཕྱུག་པོ་ཆགས་པ་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་ཏེ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་སྔོན་ལ་ལག་ལེན་བསྟར་བ་དང་། ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་གནས་བབ་གལ་ཆེན་འབུར་དུ་ཐོན་པ་བྱས་ཤིང་། ཐབས་ལམ་མང་པོའི་ཐོག་ནས་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་བྱས་པ་རེད།
ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ།
སྔར་ནས་ད་བར། ང་ཕོད་གྲོང་ཚོས་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་ལོ་རྒྱུས་ལམ་བུའི་ཐོག གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་རྒྱུར་ཐོག་མཐའ་བར་གསུམ་དུ་གཞོལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་དྲིན་ལ་བསྟོད་གླུ་ཕུལ་བ་རེད།
2000ལོའི་གོང་དུ། ང་ཕོད་གྲོང་ཚོ་དང་ང་ཕོད་གཞིས་ཀ་ཚེས་བཅུའི་རི་རྐེད་ཀྱི་ཤུལ་རྙིང་དུ་གྱུར་ནས་རི་ཉིལ་བ་དང་ཆུ་རུད་ཀྱི་ཉེན་ཁའི་གནས་སུ་གྱར་བ་མ་ཟད། རྒྱལ་ལམ་318དང་བར་ཐག་ཅུང་རིང་བས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད། གྲོང་ཚོ་ཧྲིལ་པོ་སྤོ་བའི་སྲིད་ཇུས་ལག་ལེན་བསྟར་རྗེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཞོགས་འདེགས་འོག ང་ཕོད་གྲོང་ཚོའི་ཏང་ཀྲི་པུས“ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོ་འཛུགས་པ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་ཕྱུག་པོ་ཆགས་པ་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་གཏོད་བྱས་པ་དང་། “ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་བྱེད་པའི”འདུ་ཤེས་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏང་དང་སྲིད་གཞུང་གིས་གསར་གཏོད་བྱས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་བཟང་པོ་བློ་ལ་བརྟན་པོར་ངེས་ཡོད་པ་རེད། གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ལ་དམིགས་པ་དང་། རང་ངོས་ཀྱི་རང་རྟེན་ནུས་པ་ཆེ་རུ་གཏོང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། “ང་ཕོད་འཁྲུངས་ཡུལ”གྱི་ཡུལ་སྐོར་སྤུས་རྟགས་ཡག་པོ་བཏོད་དེ་ང་ཕོད་གཞིས་ཀར་ལྟ་སྐོར་བྱེད་པ་བརྒྱུད། ཁྱིམ་ཚང་མགྲོན་ཁང་རྩེ་གྲ་དང་བོད་ཟས་སོགས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པས“ང་ཕོད་འཁྲུངས་ཡུལ”གྱི་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།
གྲོང་ཚོའི་རྣམ་གྲངས་འཕེལ་རྒྱས་གཏོང་རོཌ་བྱས་པ།
“ཕྱུག་པོ་ཆགས་པར་འགག་རྩ་ནི་རྣམ་གྲངས་ལ་ཐུག་ཡོད”གྲོང་ཚོའི་ནང་གི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ནི་ང་ཕོད་གྲོང་ཚོས་རང་འཁྲིའི་ཐོན་ལས་ཀྱི་རང་རྟེན་ནུས་པ་ཆེ་རུ་གཏོང་བ་དང་གྲོང་ཚོ་ཧྲིལ་པོ་བདེ་བླག་ངང་དབུལ་སྒྲོལ་ཡོང་བ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད།
ང་ཕོད་གྲོང་ཚོས་དེ་སྔ་རྣམ་གྲངས་ནང་འདྲེན་ལ་སྣང་ཆེན་བྱས་ཏེ་གྲོང་ཚོའི་ནང་གི་མང་ཚོགས་ལས་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། རྒྱལ་ལམ་318དང་རྫོང་གྲོང་ཚོང་ཁུལ་དང་བར་ཐག་ཉེ་བའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྔ་རྗེས་སུ་སྤོས་དང་བོད་བཟོའི་ཤིང་རྒྱུའི་ཐོན་རྫས་ལས་སྣོན་སོགས་སྤྱི་དབང་མིན་པའི་ཁེ་ལས་ནང་འདྲེན་བྱས་ཀྱང་དོན་དངོས་ཐོག་གྲོང་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་དང་གྲོང་ཚོའི་མཉམ་སྡེབ་ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད། ཕྱིས་སུ་ང་ཕོད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ས་ཞིང་བརྒྱུད་བཤུག་བྱེད་ཐབས་སྤྱད་དེ་ཁེ་ལས་ནང་འདྲེན་བྱས་ནས་ས་སྤྱོད་དཀའ་ངལ་སེལ་བ་དང་ཞིང་དལ་དུས་སུ་གྲོང་ཚོའི་མང་ཚོགས་ཚོར་ལས་ཞུགས་གསར་པ་བཏོད་དེ་གྲོང་ཚོའི་ཡུལ་སྐོར་རྣམ་གྲངས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱས་པ་རེད།
ང་ཕོད་གྲོང་ཚོའི་བུད་མེད་ཚོ་ལག་ཤེས་ཡག་པས་བུད་མེད་མང་ཚོགས་38ཀྱིས་ང་ཕོད་བུད་མེད་ལག་ཤེས་བཟོ་རྩལ་ལས་སྣོན་མཉམ་ལས་ཁང་རང་མོས་ངང་བཙུགས་ཏེ། ང་ཕོད་འཁྲབ་སྟོན་ཁང་དང་བོད་ཟས་ཁང་ལ་ཞུགས་མེད་པའི་བུད་མེད་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་སྤྱད་དེ་བོད་བཟོའི་འཐག་བསླས་བྱེད་ཀྱི་ཡོད། མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་ཐོན་རྫས་སྣ་ཁ་མང་བ་དང་། སྤུས་ཀ་ལེཌ་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་པའི་ནང་ཀམ་པ་ལི་དང་། ཁ་གདན། དྲི་ཞིམ་ཁུག་མ་སོགས་ས་ཁུལ་དང་གྲོང་ཁྱེར་གཞན་དག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ལོ་རེར་དུད་ཚང་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཡོང་གི་ཡོད། གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་ང་ཕོད་གྲོང་ཚོའི་བུད་མེད་ཚོས“མཛངས་མའི”ལེའུ་གསར་པ་ཞིག་བརྩམས་པ་རེད།
ཐོན་ལས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ།
ང་ཕོད་གྲོང་ཚོ་ནི་བློ་མཐུན་ང་ཕོད་ངག་དབང་འཇིགས་མེད་ཀྱི་ཕ་ཡུལ་ཡིན་པ་དང་། ང་ཕོད་གྲོང་ཚོས་ལོ་རྒྱུས་དེར་སྔོག་འདོན་གཏིང་ཟབ་བྱས་ནས“ང་ཕོད་འཁྲུངས་ཡུལ”གྱི་ཡུལ་སྐོར་ལྟ་སྐོར་བྱེད་ས་བཟོས་ཤིང་། མི་སྣ་གྲགས་ཅན་གྱི་མཛད་རྗེས་བརྒྱུད་སྤེལ་དང་གནའ་ཤུལ་གྱི་རྣམ་པར་སྲུང་སྐྱོང་བྱས་པ་བརྒྱུད། ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་མ་ཟད། ད་དུང་ཁྱིམ་ཚང་མགྲོན་ཁང་རྩེ་གྲ་དང་། དམངས་སྲོལ་འཁྲབ་སྟོན། ཁྱད་ལྡན་བོད་ཟས་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྣམ་གྲངས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་བྱས་པ་རེད།
2012ལོ་ནས་བཟུང་། ཧྥུའུ་ཅན་ཆོན་ཀྲོའུ་བོད་སྐྱོར་ལས་དོན་ཚོགས་ཆུང་གི་གཞོགས་འདེགས་འོག་གྲོང་ཚོ་ཡོངས་ཀྱིས“ང་ཕོད་འཁྲུངས་ཡུལ”ཡུལ་སྐོར་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ཤིང་། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་150བཏང་ནས་ང་ཕོད་དམངས་སྲོལ་འཁྲབ་སྟོན་ཁང་དང་། བོད་ཟས་ཁང་། སྤྲོ་གསེང་གླིང་། ཧྥུའུ་ཅན་མགྲོན་ཁང་སོགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་དང་དེ་བཞིན་རླངས་འཁོར་འཇོག་ས་དང་སྤྱི་པའི་གསང་སྤྱོད་སོགས་ཞོར་གཏོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་2800ཟིན་ཡོད་པ་རེད། རྣམ་གྲངས་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་ལ་ཡོང་འབབ་སྒོར་ཁྲི་70བྱུང་བ་དེ་དུད་ཚང་38ཀྱི་མི་216ལ་ཁྱབ་ནས་ལོ་ལྟར་དུད་ཚང་རེར་ཁེ་སྤོགས་སྒོར་7000རག་གི་ཡོད། 2016ལོར་གྲོང་ཚོ་ཏང་ཀྲི་པུའི་དྲིལ་བསྒྲགས་ཨུ་ཡོན་བུད་མེད་ཀྲུའུ་རེན་བདེ་ཆེན་དབང་མོ་དང་སྒྲིག་བཤེར་ཨུ་ཡོན་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཨ་པོས་སྔོན་ལ་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་དེ་རྗེས་མང་ཚོགས་དུད་ཚང་17གྱི་སྣེ་ཁྲིད་དེ་མཉམ་དུ་གཉེར་བས་དུད་ཚང་རེར་ལོར་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད། 2017ལོར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཚད་ལྡན་གྱི་འཛུགས་སྐྲུན་ལ་བརྟེན་ནས་ང་ཕོད་གྲོང་ཚོར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་གཞུང་ལས་ཐོག་ཁང་གསར་པ་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་180བཏང་བ་དང་རྒྱ་ཁྱོན་སྨི་ངོས་གྲུ་600ཟིན་གྱི་ཡོད། ཀོང་ཏུང་གི་ཀྲུང་ཧྲན་བོད་སྐྱོར་ལས་དོན་ཚོགས་ཆུང་གི་རོགས་རམ་དང་རྒྱབ་སྐྱོར་འོག ང་ཕོད་རིག་གནས་བཤམས་སྟོན་ཁང་བསྐྲུན་ཏེ་གྲོང་ཚོའི་ཡུལ་སྐོར་རིག་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད། ཀོང་པོ་རྒྱ་མདའ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་རོགས་རམ་འོག་གྲོང་ཚོའི་བི་ཤུ་ར་བ་རྙིང་པར་སྒྱུར་བཀོད་རིམ་སྤོར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་30ཙམ་བཏང་བ་དང་ས་ཁྱོན་སྨི་ངོས་གྲུ་600ཙམ་ཡོད་པའི“ཐོག་མེད་ར་བ”དེ“ཉི་འོད་ཤེལ་ཁང”དུ་བསྒྱུར་ནས་ཡུལ་སྐོར་ཞབས་ཞུའི་ཉམས་ལེན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།