དབུ་ཤོག>ཆེད་སྒྲིག
  • “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ​ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-10

    སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གི“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱིས་ལག་རྩལ་པ་སྒྲིག་འཛུགས་བྱས་ཏེ། དམར་ཤང་ལམ་པ་གྲོང་ཚོའི་གྲོང་ཚོ་འགན་ལེན་ས་ཚིགས་སུ་བསྐྱོད་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱི་ཞིང་ལས་ཐོན་སྐྱེད་ཁྲོད་ཀྱི་དཀའ་གནད་བསལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱིས་ཞིང་པ་སྒྲིག་འཛུགས་བྱས་ཏེ། ཞིང་ལས་ལོ་ཏོག་འདེབས་འཛུགས་དང་ཞིང་སྨན་བེད་སྤྱོད་གཏོང་སྟངས་ཐད་ལས་ཡུལ་དངོས་སུ་གསོ་སྦྱོང་བྱས་ནས་ཞིང་པར་སྔོན་ཐོན་གྱི་ཞིང་ལས་ཚན་རྩལ་དམར་ཁྲིད་བྱས་པ་རེད། མིག་སྔའི་གནམ་གཤིས་དང་ཐོན་སྐྱེད་ཁྱད་ཆོས་ལ་གཞིགས་ནས་ཞིང་ནང་གཡོག་བྱེད་དང་། ནད་དང་གནོད་འབུ་འགོག་བཅོས། ཐོན་འབབ་མཐོ་བའི་འདེབས་འཛུགས་སོགས་འགག་རྩའི་ལག་རྩལ་གོ་བདེ་ཤེས་སླའི་ཐོག་ནས་གསལ་འགྲེལ་བྱས་པ་དང་འདེབས་འཛུགས་དུད་ཚང་གི་ལག་རྩལ་གྱི་དོགས་གནད་ལ་ལན་གསལ་པོ་བརྒྱབ་པ་མ་ཟད། གསོ་སྦྱོང་གི་ནང་དོན་ཁྱབ་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་པ་དང་། དམིགས་སའི་རང་བཞིན་དང་། དུས་ཚོད་དང་གོ་ཆོད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།