དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-08

    77 དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་པ།

    1979ལོའི་ཟླ་བདུན་པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲེན་ཀྲེན་དང་ཀྲུའུ་ཧའེ་རུ་ཕྱིར་གཏོང་དམིགས་བསལ་ཁུལ་ཚོད་ལྟ་བྱས་ནས་བཙུགས་ཤིང་ཉམས་མྱོང་བསགས་རྗེས་ཧྲན་ཐོའུ་དང་ཞ་མོན་དུ་ཡང་དམིགས་བསལ་ཁུལ་འཛུགས་རྩིས་བྱས་པ་དང་། 1980ལོའི་ཟླ་ལྔ་པར། ཕྱིར་གཏོང་དམིགས་བསལ་ཁུལ་གྱི་མིང་དེ་དཔལ་འབྱོར་དམིགས་བསལ་ཁུལ་ཞེས་པར་གཏན་འཁེལ་བྱས་པ། 1988ལོའི་ཟླ་བཞི་པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བདུན་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཧའེ་ནན་གླིང་ཕྲན་དེ་ཧའེ་ནན་དཔལ་འབྱོར་དམིགས་བསལ་ཁུལ་དུ་ཆོག་མཆན་གནང་བ། 1990ལོའི་ཟླ་བཞི་པར་ཀྲུང་གུང་ཀྲུང་དབྱང་གིས་ཕུའུ་ཏུང་གསར་སྤེལ་ལ་དངོས་སུ་ཆོག་མཆན་གནང་རྗེས་ཕུའུ་ཏུང་དུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་བ་རེད།

    78 《རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་གནད་དོན་འགའ་ཤས་སྐོར་གྱི་གྲོས་ཆོད》

    1981ལོའི་ཟླ་དྲུག་པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 《གྲོས་ཆོད》དེའི་ནང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ཏང་གི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱས་ནས། “རིག་གནས་གསར་བརྗེ་ཆེ་མོ”དང“འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་འོག་མུ་མཐུད་གསར་བརྗེ་བྱེད་པའི”རིགས་པའི་གཞུང་ལུགས་རྦད་དེ་ཁས་མ་བླངས་པ་དང་ཆབས་ཅིག་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་ཁྲོད་ཀྱི་མའོ་ཙེ་ཏུང་གི་ལོ་རྒྱུས་ཀྱི་གནས་བབ་ལ་དངོས་ཐོག་བདེན་འཚོལ་གྱིས་གདེང་འཇོག་ཀྱང་གནང་བ་རེད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།