སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་ལ་བབས་ས་ཞིག་ཡིན་པས། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་གྱི་གྲུབ་འབྲས་དེ་རང་སྣང་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་རྒྱུ་ནི་གནས་ལུགས་གསལ་རྟོགས་དང་། དད་སེམས་འཕེལ་བ། སྤྱོད་བཟང་གོང་བཀུར་བཅས་ཀྱི་དོན་ལ་བབས་ས་ཞིག་ཡིན་པ་རྒྱས་བཤད་གཏིང་ཟབ་གནང་ཡོད་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་ལག་ལེན་གྱི་ཚད་གཞི་ཞིག་ཀྱང་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར། ཏང་གཤིས་ལ་ཞུན་བརྡར་བྱེད་པའི་ཐད་ལག་ལེན་ནན་པོ་བསྟར་བ་དང་། མི་དམངས་ལ་ཞབས་འདེཌ་ཞུ་བའི་ཐད་ལག་ལེན་ནན་པོ་བསྟར་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ནན་པོ་བསྟར་བ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། འགན་འཁྲི་འཁུར་བ་དང་དངོས་སྒྲུབ་རྒྱལ་དར་གྱི་རྣམ་པའི་ཐོག་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་དགོས།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་བར་ཏང་གཤིས་ལ་ཞུན་བརྡར་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་ཐད་སེམས་ནུས་ཡོད་རྒུ་འདོན་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་དེ“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་རྒྱུན་སྲིང་ལྷོད་མེད་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི“བདུན་གཅིག”གསུང་བཤད་གལ་ཆེན་དང་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་བཅས་བྱེད་དགོས།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་བར་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཐད་སེམས་ནུས་ཡོད་རྒུ་འདོན་དགོས། “སྲུང་སྐྱོང་གཉིས”མཐའ་འཁྱོངས་བྱེད་པ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་སྒྲིག་ལམ་ལ་བརྩིས་ནས་དུས་རྟག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་ཁ་ཕྱོགས་ཁ་ཕྱོགས་སུ་བྱེད་པ་དང་། ཏང་གི་དར་ཆ་དར་ཆར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་གང་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱས་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་བར་ཏང་གི་དམིགས་ཡུལ་ལག་བསྟར་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་སེམས་ནུས་ཡོད་རྒུ་འདོན་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་དབུས་སུ་བཞག་ནས་ཐོག་མའི་བསམ་འདུན་དང་འོས་འགན་མི་འགྱུར་བ་དང་། མི་དམངས་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། སྣེ་ཁྲིད་པ་ཡག་པོ་བཅས་བྱེད་པ། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་དམངས་འཚོའི་གནད་དོན་ལ་དམིགས་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་བར་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་ལ་སེམས་ནུས་ཡོད་རྒུ་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅིའི“ས་མཐོར་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”ཅེས་པའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་གོ་རྟོགས་དེ་བས་མཐོ་བ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་ལ་ཞུན་བརྡར། དཀའ་སྤྱད་འབད་འཐབ། རང་སྟོབས་རང་སྤེལ། ས་མཐོར་གཞི་ཚུགས་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་དུས་རབས་གསར་པའི་ནང་དོན་སྣོན་དགོས།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་བསྟར་བར་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐད་སེམས་ནུས་ཡོད་རྒུ་འདོན་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་དང“བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། སྐབས་བརྗེའི་གྲུབ་འབྲས་བརྟན་དུ་བཏང་ནས་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་འདེམས་སྤྱོད་ལ་ཤུགས་སྣོན་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལས་བྱེད་པའི་དཔུང་ཁག་སྔར་བས་དྲག་འདེམས་ཧྲག་སྒྲིག གྲུབ་ཆ་ཟམ་མི་ཆད་པར་བཟང་སྒྲིག་བཅས་བྱས་ཏེ་ཁྱོན་ཡོངས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་མཁན་བཅས་སུ་སྐྲུན་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བར་ཤུགས་སྣོན་བརྒྱབ་སྟེ་སྐོར་གཟིགས་ཀྱི་སྤུ་གྲིའི་ཟིལ་གནོན་ནུས་པ་འདོན་སྤེལ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ། “སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་ཡོ་བསྲང་དང་བཅོས་སྒྲིག་བཅས་བྱས་ནས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་སྐྲུན་དགོས།