ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྷོ་ཁ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་སེལ་བ། རྣམ་གྲངས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་རྩ་བ་བརྟན་དུ་བཏང་སྟེ་བླ་སྲོག་སྐྲུན་པ་དང་གྲུ་གཡོར་ཤུགས་ཀྱིས་བསྒུལ་ནས་མདུན་སྐྱོད་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པར་བསྒྱུར་ནས། ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་བ་དེ་དེང་རབས་ཁེ་ལས་ཀྱི་ལམ་ལུགས་གང་མགྱོགས་བཟོ་བ་དང་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྟོབས་ཆེར་དང་ལེགས་སུ་གཏོང་བའི“ཁ་ཕྱོགས་སྒྱུར་བྱེད”དང“གནོན་རྡོར”རིམ་བཞིན་འགྱུར་བར་བྱས་པ་རེད།
ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་གཞུང་ཁོངས་ཁེ་ལས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་ལས་འགན་ཨང་དང་པོ་དེ་ཡིན་ལ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ལ་གྲུབ་འབྲས་ཐོབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཀྱང་རེད། ལྷོ་ཁ་གྲོང་ཁྱེར་དུ་ད་ཆ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་5དང་ཏང་ཡོན་296ཡོད་པ་དང་གཞི་རིམ་ཏང་རྩ་འཛུགས་25ཡོད་ཅིང་། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་ཡོད། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འཐབ་འཛིང་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། དངོས་གཉེར་ཁེ་དར་རྒྱུན་འཁྱོངས་བྱས་པ་དེ་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་འགན་སྲུང་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ནུས་ལྡན་དུ་གྱུར་ཡོད།
འདི་ལོ་ཚུན་དུ་རྩ་བ་སྔར་བས་བརྟན་དུ་བཏང་ནས་ཏང་འཛུགས་སྐྱོང་གི་འགན་འཁྲི་གཞི་རིམ་དུ་དོན་འཁྱོལ་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ་རིགས་ཁག་གི་སློབ་སྦྱོང་ཐེངས་500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཆེད་དོན་བགྲོ་གླེང་ཐེངས་30ལྷག་ཙམ་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་ཚད་ལེན་ཚོད་ལྟ་ཐེངས་7བྱས་པ། ཆེད་དོན་སློབ་གསོའི་པར་གཞི་དང་སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་50ལྷག་ཙམ་བྱས་པ། རྨང་གཞིའི་ཤེས་བྱའི་ཀློག་དེབ་དང་ཤེས་བྱའི་ལག་དེབ་སྣ་ཚོགས་800ལྷག་ཙམ་སྤྲད་པས། ཁེ་ལས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་ཕྱིན་ནས་ཏང་འཛུགས་སྐྱོང་གི་ལས་དོན་དེ་ཁེ་ལས་འཕེལ་རྒྱས་གཏོང་བའི“གསར་བརྗེའི་སྣེ་ཁྲིད”ལ་གྱུར་ཡོད།
ཏང་ནན་པོས་སྐྱོང་བ་དང་སྒྲིག་ལམ་སྲུང་བ།
ཏང་ནན་པོས་སྐྱོང་བའི་ལས་དོན་ལ་ཚར་དུས་མེད། ལྷོ་ཁ་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་ནན་པོ་སྐྱོང་བ་དེ་མདུན་གྲལ་དུ་བཞག་ནས་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ལམ་སྲུང་བ་དང་སྒྲིག་ཁྲིམས་ལ་སྣང་ཆེན་དང་། ཁེ་ལས་ཀྱི་ཏང་གིཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པར་དམ་པོར་དམིགས་པ། ཞན་ཆ་སེལ་བ་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཏང་གི་དར་ཆ་གཞི་རིམ་གྱི་གཡུལ་ས་ཚང་མར་ལྷབ་ལྷུབ་ཏུ་གཡོ་བར་བྱས་པ་རེད།
“ང་ཚོས་ཅུས་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་30ལྷག་ཙམ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ནས་མི་ལ་དོ་དམ་དང་ལམ་ལུགས་ལ་བརྟེན་ནས་ལས་དོན་ལ་དོ་དམ་བྱེད་པའི་ནན་བཤད་བྱེད་ཀྱི་ཡོད། ཁེ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་འགག་རྩའི་གནད་དོན་འཕྲད་སྐབས་ཁེ་ལས་ཁག་གིས‘གལ་ཆེན་གསུམ་དང་འབོར་ཆེན་གཅིག’གི་ཐབས་ཇུས་ལམ་ལུགས་དང་། ཏང་ཨུད་ཀྱི་ལས་ཀའི་གྲོས་རིམ་ལམ་སྲོལ། ཏུང་ཧྲི་ལྷན་ཚོགས་ཀྱི་ལས་ཀའི་གྲོས་རིམ་ལམ་སྲོལ་སོགས་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱས་ཏེ་སྒྲིག་སྲོལ་ལྟར་ཐབས་ཇུས་འགོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་པ། སྒྲིག་སྲོལ་ལྟར་བྱ་བ་སྒྲུབ་པ་བཅས་བྱས་ནས་ཁེ་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཧུང་ཅིའུ་ཡིས་བཤད།
ལྷོ་ཁ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)ཀྱིས་སྤྱོད་ཚུལ་ལ་དམ་འཛིན་ནན་པོ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲིད་གཙང་གི“འགན་འཁྲིའི་སྦྲེལ་ཐག”ཡག་པོ་འཆིང་བ་དང་། བསམ་བློའི“སྤྱིའི་གློག་སྒོ”ཡག་པོ་རྒྱག་པ། “ཆུ་ཚོད་བརྒྱད་ཕུད་པའི”ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ལས་ཁུངས་ཀྱི་ལས་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་ཁེ་ལས་ཀྱི་འགན་འཁུར་བ་ཕྱིར་སྐྱོད་སྐབས་ཆོག་མཆན་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ། གཞུང་ཁོངས་ཁེ་ལས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བཅས་བྱས་ནས“གྲོགས་ཚོམ”དང“སྤྱི་ཚོགས་འབྲེལ་བའི་ཚོམ”སྔར་བས་གཙང་དུ་བཏང་ཡོད།
མི་འདེམས་པ་དང་སྤྱོད་པ་ནི་གཞུང་ཁོངས་ཁེ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན)དང་དེ་བཞིན་ཁེ་ལས་ཁག་གིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་ཏུང་ཧྲི་ལྷན་ཚོགས་ནས་ཁྲིམས་ལྟར་གཉེར་སྐྱོང་དོ་དམ་པ་འདེམས་པ་དང་གཉེར་སྐྱོང་དོ་དམ་པས་ཁྲིམས་ལྟར་མི་སྤྱོད་དབང་ཆ་སྤྱོད་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་མི་འདེམས་པ་དང་སྤྱོད་པའི་སྟོན་ཕྱོགས་གསལ་པོ་བཟོས་ནས་ལས་དོན་སྒྲུབ་ཐུབ་མཁན་ལ་གོ་སྐབས་ཡོད་པ་དང་ལས་སྟེགས་ཡོད་པ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་ན་སྒྲིག་གཞིའི་ནང་གི་ལས་བྱེད་པ་6གནས་བསྒྱུར་བསྐོ་གཞག་བྱས་པ་དང་། ཁེ་ལས་ནང་ཁུལ་ནས་མི་15གནས་སྤར་བསྐོ་སྤྱོད་བྱས་ཏེ་གཞུང་ཁོངས་ཁེ་ལས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་སྔར་བས་ཆ་ཚང་དང་སྟོབས་ཆེར་བཏང་ནས“སྟོབས་གསར་དམག”འཕེལ་རྒྱས་བཏང་བ་རེད།
སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ།
ལྷོ་ཁ་གྲོང་ཁྱེར་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱིས་ཞབས་འདེགས་རྣམ་པའི་གཞུང་ཁོངས་ཁེ་ལས་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་དོན་ལ་བབས་ས་ཡང་དག་ངང་འཚོལ་བ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་སྒྲིག་འཛུགས་ཧུར་ཐག “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དང་ཟུང་འབྲེལ་གང་ལེགས། ཁོངས་གཏོགས་ཁྱབ་ཁོངས་སུ“བརྟག་ཞིབ་ཆེ་མོའི”བྱེད་སྒོ་གཏིང་ཟབ་སྤེལ་བ། ཁེ་ལས་ཀྱིས་སྒྲུབ་དགོས་པ་དང་སྒྲུབ་ཐུབ་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཁེ་ལས་དང་མང་ཚོགས་དབར་ཉ་ཆུ་ལྟ་བུའི་བརྩེ་དུང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།
ལྷོ་ཁ་ཡར་འབྲོག་གཡུ་མཚོ་ཀུང་སིའི་ཏང་ཨུད་ཀྱིས་མ་དངུལ་སྒོར་ཁྲི་15.8བཏང་ནས་སྣ་དཀར་རྩེ་རྫོང་རོང་ཕུ་ཤང་ལ་འདྲུད་འཐེན་འཕྲུལ་འཁོར་དང་། སོན་འདེབས་འཕྲུལ་འཁོར་སོགས་ཉོས་ཏེ་མང་ཚོགས་ལ་དཔྱིད་རྨོད་དཔྱིད་འདེབས་བྱེད་རོགས་བྱས་པ་རེད། ལྷོ་ཁ་གྲོང་ཁྱེར་མ་འཇོག་ཀུང་སིའི་ཏང་ཨུད་ཀྱིས་ཁོངས་གཏོགས་ཀུང་སིར་ནད་གཞི་ལྕི་པོ་ཕོག་པའི་དཀའ་ངལ་ཡོད་པའི་ཏང་ཡོན་ལ་ཞལ་འདེབས་སྒོར་ཁྲི་3.6ལྷག་ཙམ་བརྒྱབ་ནས་ཁོང་ཚོ་དཀའ་གནད་ལས་སྒྲོལ་རོགས་བྱས་པ་རེད། ལྷོ་ཁ་ཡུལ་སྐོར་མ་འཇོག་ཀུང་སིའི་ཏང་ཨུད་ཀྱིས་མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་མ་ཟད། རང་འགུལ་ངང་ཀུང་སིའི་གྲོང་སྡོད་ས་ཚིགས་དང་འབྲེལ་བ་བྱས་ཏེ་མ་དངུལ་སྒོར་ཁྲི་5.25བཏང་ནས་གཟན་རྩྭ་ཏུན་15ཉོས་ཏེ་མང་ཚོགས་ལ་དགུན་དཔྱིད་གཉིས་སུ་གཟན་རྩྭ་དཀོན་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།