དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    74 ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

    1978ལོའི་ཟླ་12ཚེས་18ནས་22ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་ཏེང་ཞའོ་ཕིང་གིས་ཀྲུང་དབྱང་གི་ལས་དོན་ཚོགས་འདུའི་ཐོག《བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་ཕྱོགས་སུ་བསྐྱོད》ཅེས་པའི་གསུང་བཤད་གལ་ཆེན་གནང་བ་རེད། ཚང་འཛོམས་གྲོས་ཚོགས་ཐོག“ཡིན་ཕྱིན་གཉིས”ཀྱི་བྱེད་ཕྱོགས་ལ་ཁས་གཏན་ནས་མ་བླངས་པར། མར་ཁེ་སིའི་རིང་ལུགས་ཀྱི་དགོངས་པའི་ལམ་ཕྱོགས་དང་། ཆབ་སྲིད་ཀྱི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས་བཅས་བསྐྱར་དུ་གཏན་འཁེལ་བྱས་པ་དང་། “གྲལ་རིམ་འཐབ་རྩོད་རྩ་འཛིན་དུ་བཟུང་རྒྱུའི”འབོད་ཚིག་ཕྱོགས་ཡོངས་ནས་སྤྱོད་མཚམས་འཇོག་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་དང་རྒྱལ་ཡོངས་མི་དམངས་ཀྱི་དོ་སྣང་བྱ་ཡུལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ཐོག་བསྒྱུར་བའི་འཐབ་ཇུས་བཀོད་ཇུས་བཏོན་ཡོད། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཀྱི་རླབས་ཆེའི་ཁ་ཕྱོགས་བསྒྱུར་མཚམས་མངོན་འགྱུར་བྱུང་ནས། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འགོ་ཚུགས་ཡོད།

    75 རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་བྱས་པ།

    1979ལོའི་ཟླ་3ཚེས་30ཉིན་ཏེང་ཞའོ་ཕིང་གིས་རིགས་པའི་གཞུང་ལུགས་ལས་དོན་གྱི་དོན་གྲོས་ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཚབ་ཞུས་ནས་འགོ་བརྗོད་དུ《རྩ་བའི་རྩ་དོན་བཞི་མཐའ་འཁྱོངས》བྱེད་དགོས་ཞེས་འཁོད་པའི་གསུང་བཤད་གནང་ཞིང་། ཁོང་གིས་ང་ཚོས་ཀྲུང་གོའི་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། ངེས་པར་དུ་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས། ངེས་པར་དུ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས། ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་མཐའ་འཁྱོངས་བཅས་བྱེད་དགོས་ཞེས་གསུངས་པ་རེད། རྩ་བའི་རྩ་དོན་བཞི་མཐའ་འཁྱོངས་བྱ་རྒྱུ་དེ་དཔལ་འབྱོར་འཛུགས་སྐྲུན་གྱིས་ལྟེ་བར་བྱེད་པ་དང་སྒྱུར་བཅོས་སྒོ་དབྱེ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ལམ་ཕྱོགས་ཀྱི་གཞི་རྩའི་ནང་དོན་གྲུབ་ཡོད།

    76 ཁྱིམ་དུད་ཀྱིས་ཐོན་སྦྲེལ་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་བཏོན་པ།

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། རང་རྒྱལ་གྱི་ཞིང་པས་ཁྱིམ་དུད་ཀྱིས་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་བྱེད་སྟངས་གཙོ་བོར་བྱས་པའི་ཐོན་སྐྱེད་དུད་ཚང་གིས་འགན་གཙང་ལེན་པ་དང་ལས་ཀ་དུད་ཚང་གིས་འགན་གཙང་ལེན་པ་སོགས་ཀྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་གསར་གཏོད་བྱས་ཡོད། 1980ལོའི་ཟླ་9པར་ཀྲུང་དབྱང་གིས《ཞིང་ལས་ཀྱི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལ་སྔར་བས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའ་ཞིག》བཀྲམ་ནས། ཐོན་སྐྱེད་རུ་ཁག་གི་འགོ་ཁྲིད་འོག་ལག་ལེན་བསྟར་བའི་ཐོན་སྐྱེད་དུད་ཚང་གིས་འགན་གཙང་ལེན་པ་དེ་སྤྱི་ཚོགས་རིང་ལུགས་ཀྱི་འཁོར་ལམ་དང་ཁ་འབྲལ་མི་སྲིད་པའི་ཚིག་ཐག་བཅད་ཡོད། 1982ལོ་ནས་1984ལོ་བར་ཀྲུང་དབྱང་གིས་ལོ་གསུམ་བསྟུད་མར“ཡིག་ཨང་དང་པོའི”རྣམ་པའི་ཐོག་ནས། ཐོན་སྐྱེད་དུད་ཚང་གིས་འགན་གཙང་ལེན་པ་དང་ལས་ཀ་དུད་ཚང་གིས་འགན་གཙང་ལེན་པའི་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་ལ་ཁས་ལེན་གང་ལེགས་བྱས་ནས“འགན་ལེན་གཉིས”ཀྱི་འགན་འཁྲིའི་ལམ་ལུགས་རྒྱལ་ཡོངས་སུ་གང་མགྱོགས་ཁྱབ་གདལ་བཏང་བ་དང་བསྟུན་ནས་མི་དམངས་ཀུང་ཧྲེའི་ལམ་ལུགས་མེད་པར་བཟོས་ཡོད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།