དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་སྐོར་གྱི་རྨང་གཞིའི་ཤེས་བྱ། (5)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-05

    【ཏང་གི་མང་ཚོགས་ལམ་ཕྱོགས】

    ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་དང་། ཐམས་ཅད་མང་ཚོགས་ལ་བརྟེན་པ། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས། ཏང་གི་འདོད་ཚུལ་ཡང་དག་པ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་པ་དེ་ཡིན།

    【ཏང་གི་རྨང་གཞིའི་རང་བཞིན་འཛུགས་སྐྱོང】

    བསམ་བློ་འཛུགས་སྐྱོང་།

    【ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང】

    ཏང་གི་ཆབ་སྲིད་འཛུགས་སྐྱོང་།

    【ཏང་གི་གཞི་རྩའི་རྩ་འཛུགས་རྩ་དོན】

    དམངས་གཙོ་གཅིག་སྡུད་ལམ་ལུགས།

    【ཏང་གི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་གཞི་རྩའི་རྩ་དོན】

    1.ཏང་ཡོན་སྒེར་གྱིས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བཅས་ཞུ་དགོས།

    2.ཏང་གི་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་གིས་མངགས་པའི་འཐུས་ཚབ་ལས་ཁུངས་དང་ཏང་གི་རྩ་འཛུགས་མ་ཡིན་པའི་རྩ་འཛུགས་ཁྲོད་ཀྱི་ཏང་ཙུའུ་ཕུད། དེ་བྱིངས་ཚང་མ་འདེམས་བསྐོ་བྱས་ནས་བདམས་ཐོན་བྱེད་དགོས།

    3.ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་ས་གནས་རིམ་ཁག་འགོ་ཁྲིད་ལས་ཁུངས་ནི་ཏང་གི་ས་གནས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་དེ་དག་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་རིམ་ཁག་ཨུ་ཡོན་ལྷན་ཁང་གིས་རིམ་མཚུངས་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་དགོས་པ་མ་ཟད། ལས་ཀའི་སྙན་སེང་ཡང་ཞུ་དགོས།

    4.ཏང་གི་གོང་རིམ་རྩ་འཛུགས་ཀྱིས་དུས་རྒྱུན་དུ་འོག་རིམ་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ཉན་འཇོག་དང་། ཁོང་ཚོས་བཏོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཏང་གི་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་ལས་ཀའི་སྐོར་དགོངས་སྐོར་དང་སྙན་སེང་ཞུ་དགོས་ལ། རང་ཚུགས་དང་འགན་འཁུར་བའི་ཐོག་ནས་རང་འཁྲིའི་ཁྱབ་ཁོངས་སུ་གཏོགས་པའི་གནད་དོན་ཐག་གཅོད་ཀྱང་བྱེད་དགོས། རྩ་འཛུགས་རིམ་པ་གོང་འོག་དབར་ལ་ཕན་ཚུན་གནས་ཚུལ་ཤོད་རེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ལྟ་སྐུལ་བཅས་བྱེད་དགོས། ཏང་གི་རིམ་ཁག་རྩ་འཛུགས་ཀྱིས་གཏན་འབེབས་ལྟར་ཏང་དོན་ཡོངས་བསྒྲགས་བྱས་ཏེ། ཏང་ཡོན་ཚོས་ཏང་ནང་གི་ལས་དོན་ལ་ཆ་རྒྱུས་སྔར་ལས་ལྷག་པར་ཡོང་བ་དང་དེར་གང་མང་ཞུགས་ཐུབ་པར་བྱེད་དགོས།

    5.ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་མཉམ་སྡེབ་འགོ་ཁྲིད་དང་སྒེར་གྱི་ལས་བགོས་འགན་འཁྲི་ཟུང་འབྲེལ་བྱེད་པའི་ལམ་ལུགས་ལག་ལེན་བསྟར་དགོས། གནད་དོན་གལ་ཆེ་རིགས་ཚང་མ་མཉམ་སྡེབ་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རེ་རེ་བཞིན་གྲོས་མོལ། གྲོས་ཚོགས་ཐོག་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་དང་། ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཐུན་མོང་གི་གྲོས་ཆོད་དང་ལས་བགོས་ལྟར་རང་སོ་སོའི་འགན་འཁྲི་ཏན་ཏིག་སྒྲུབ་དགོས།

    6.ཏང་གིས་མི་སྒེར་ལ་དད་གུས་བྱེད་པའི་རིགས་མཐའ་དག་བཀག་སྡོམ་བྱེད་དགོས། ཏང་གི་འགོ་ཁྲིད་མི་སྣའི་བྱེད་སྒོ་དག་ཏང་དང་མི་དམངས་ཀྱི་ལྟ་སྐུལ་འོག་སྤེལ་རྒྱུའི་འགན་ལེན་བྱེད་དགོས་པ་དང་ཆབས་ཅིག ཏང་དང་མི་དམངས་ཀྱི་ཁེ་ཕན་མཚོན་མཁན་འགོ་ཁྲིད་པ་ཐམས་ཅད་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་དགོས།

    【ཏང་གི་སྲིད་འཛིན་བྱས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི】

    མང་ཚོགས་དང་ཁ་བྲལ་བ་དེ་རེད།

    【ཏང་གི་མདུན་དུ་ལྷག་པའི“ཉེན་ཁ་བཞི”ནི】

    བསམ་བློ་ལྷོད་གཡེང་ཤོར་བའི་ཉེན་ཁ་དང་། འཇོན་ནུས་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་བཅས་རེད།

    【ཏང་གི་མདུན་དུ་ལྷག་པའི“ཉམས་སད་བཞི”ནི】

    སྲིད་འཛིན་གྱི་ཉམས་སད་དང་། སྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།