དབུ་ཤོག>ཆེད་སྒྲིག
  • མི་བཞུགས་ཆུ་གཏིང་དུ་འཛུལ་མཁན་དཔའ་བོའི་མཉམ་སྡེབ་དང་ཀྲུང་གོ་གྲུ་གཟིངས་ཚོགས་པའི་ཞིབ་འཇུག་ཁང་760པའི་གེགས་འགོག་གེགས་སེལ་དཔའ་བོའི་ཚོགས་སྤྱི།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ལིའུ་ཀྲི་ཆང་།   |     སྤེལ་དུས།  2021-08-05

    900273_yis_1628092800000_s.jpg

    ཀྲུང་གོ་གྲུ་གཟིངས་ཚོགས་པ(དེ་སྔའི་ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས)ཞིབ་འཇུག་ཁང་760པའི་གེགས་འགོག་གེགས་སེལ་དཔའ་བོའི་ཚོགས་སྤྱི། (དཔྱད་གཞིའི་པར་རིས)

    2012ལོའི་ཟླ་6པར། རང་རྒྱལ་གྱིས་ཇུས་འགོད་དང་རང་རྟེན་ཞིབ་བཟོ་བྱས་པའི་མི་བཞུགས་ཆུར་འཛུལ་ཡོ་ཆས“ཀླུ་མོ”རྟགས་ཅན་གྱིས་སྨི་7000རིམ་པའི་ཆུ་གཏིང་འཛུལ་བའི་ལས་འགན་ལེགས་པར་བསྒྲུབས་ནས་གཏིང་དུ་འཛུལ་ཚད་ཟབ་ཤོས་སུ་སྨི་7062ཟིན་ཏེ་རྒྱལ་སྤྱིའི་ཐོག་རིགས་འདྲའི་ལས་སྒྲུབ་རྣམ་པའི་མི་བཞུགས་གཏིང་འཛུལ་ཡོ་ཆས་ཀྱི་ཆུ་གཏིང་དུ་འཛུལ་ཚད་ཟབ་ཤོས་ཀྱི་ཟིན་ཐོ་བཏོད་པ་དེས་རང་རྒྱལ་གྱི་མི་བཞུགས་ཆུ་གཏིང་དུ་འཛུལ་བའི་ལག་རྩལ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་པ་མཚོན་ཡོད།

    “863”འཆར་གཞིའི་ཁྲོད་ཀྱི་ཞིབ་འཇུག་ཆེད་དོན་གལ་ཆེན་ཞིག་ཡིན་པའི་ངོས་ནས“ཀླུ་མོ”རྟགས་ཅན་གྱི་ལས་འགན་ལེགས་གྲུབ་བྱུང་བ་དེ་ཚན་རྩལ་ལས་དོན་པའི་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད། 2013ལོར་ཡེ་ཚུང་སོགས“ཀླུ་མོ”རྟགས་ཅན་གྱི་མི་བཞུགས་ཆུར་འཛུལ་ཡོ་ཆས་ཀྱི་ཆུར་འཛུལ་པར“མི་བཞུགས་ཆུ་གཏིང་དུ་འཛུལ་བའི་དཔའ་བོའི”མཚན་སྙན་ཐོབ་པ་དང་སྨི་7000རིམ་པའི་མཚོ་ཐོག་ཚོད་ལྟའི་ཚོགས་པར“མི་བཞུགས་ཆུ་གཏིང་དུ་འཛུལ་བའི་དཔའ་བོའི་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པ་རེད།

    རྒྱ་མཚོའི་བྱ་གཞག་ལ་ཟམ་མི་ཆད་པར་ཚད་བརྒལ་ཡོང་བར་སྐུལ་འདེད་གཏོང་བར་ཚན་རྩལ་ལས་དོན་པས་ནམ་ཡང་གསར་གཏོད་ཀྱི་ཡང་རྩེར་འཛེགས་དགོས་པ་མ་ཟད། གུང་ཁྲན་ཏང་ཡོན་ཚོས་དཀའ་ཉེན་འཕྲད་སྐབས་དཔའ་ངར་ཆེར་བསྐྱེད་ཀྱིས་དཀའ་བ་མདུན་དུ་བསུ་དགོས་ཀྱི་ཡོད། 2018ལོའི་ཟླ་8ཚེས་20ཉིན་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་དུ་རྒྱ་མཚོའི་རླུང་འཚུབ“ཝུན་པི་ཡ”ལྡང་ནས་ཤུགས་རྐྱེན་ཐེབས་པ་ལས་ཀྲུང་གོ་གྲུ་གཟིངས་ཚོགས་པ(དེ་སྔའི་ཀྲུང་གོའི་གྲུ་གཟིངས་ལྕི་བའི་བཟོ་ལས)ཞིབ་འཇུག་ཁང་760པར་བཞག་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟའི་ལས་སྟེགས་ཞིག་ལ་ཉེན་ཁ་ཆེན་པོ་འཕྲད་པ་རེད། ཉེན་ཁའི་ཛ་དྲག་སྐབས་སུ་ཞིབ་འཇུག་ཁང་760པའི་ཏང་ཨུད་ཀྱི་ཨུ་ཡོན་སུའོ་ཀྲང་གཞོན་པ་ཧོང་ཆུན་སོགས་བློ་མཐུན་17གྱིས་དཔའ་ངར་ཞུམ་མེད་ངང་གདོང་མཆོང་བྱས་ཏེ་རྒྱ་མཚོའི་རླུང་འཚུབ་དང་རྦ་རླབས་ཆེན་པོའི་ཁྲོད་ཚོད་ལྟའི་ལས་སྟེགས་བརྟན་པོ་ཡོང་བར་བྱས་ཤིང་། གྲུ་ཁར་ཉེན་ཁ་སེལ་བར་སྐྱོད་མཁན་ཀོའོ་ཐེན་ཧྲན་གྱིས“ལས་སྟེགས་ལ་ཉེན་ཁ་ཡོད་པ་ཤེས་དུས་ཚང་མས་རང་འགུལ་ངང་སྲོག་སྐྱོབ་གོས་གྱོན་ཏེ་འཕྲལ་མར་ཕྱིར་ཐོན་སོང”ཞེས་ཕྱིར་དྲན་བྱེད་བཞིན་བཤད།

    ལས་སྒྲུབ་བྱེད་རིང་། ཧོང་ཆུན་དང་། སུང་ཡུའེ་ཚའེ། ཅང་ཁའེ་པིང་བཅས་རྦ་རླབས་དྲག་པོས་རྒྱ་མཚོའི་ནང་འཁྱེར་ནས་དཔའ་ཉམས་ཆེན་པོས་གྲོངས་ཀྱང་། ཚོད་ལྟའི་ལས་སྟེགས་ལ་སྐྱོན་གང་ཡང་ཤོར་མེད། ཧོང་ཆུན་གྱི་བཟའ་ཟླ་ཁང་ཆུན་གྱིས“སྐབས་དེ་དུས་ཁོང་གིས་གདོང་མཆོང་བྱས་ནས་མྱུར་སྐྱོབ་བྱེད་འདོད་པ་ནི་རྒྱལ་ཁབ་ཀྱི་རྒྱུ་ནོར་ཙམ་མ་ཡིན་པར་ལོ་མང་པོར་བུ་ཕྲུག་ལྟར་བསྐྱངས་པའི་ཕུགས་འདུན་དང་བྱ་གཞག་རེད”ཅེས་བཤད།

    ཞིབ་འཇུག་ཁང་760པའི་གེགས་འགོག་གེགས་སེལ་དཔའ་བོའི་ཚོགས་སྤྱིའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་གསོན་ཉམས་དོད་པའི་འགྲེལ་བཤད་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་མིག་དཔེར་གྱུར་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།