དབུ་ཤོག>ཆེད་སྒྲིག
  • བུད་མེད་དང་བྱིས་པའི་བདེ་ཐང་སྲུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-04

    “ཧ་ཅང་སྟབས་བདེ་པོ་འདུག དེ་སྔོན་ཚ་བོ་ཁྲིད་ནས་རིམས་འགོག་སྨན་ཁབ་རྒྱག་པར་འགྲོ་རིམ་བཞིན་བང་ཡུན་རིང་པོ་སྒྲིག་དགོས་པ་མ་ཟད། ད་དུང་ཁབ་གཟེད་པར་ཉིན་གང་འགོར་གྱི་འདུག ད་ཆ་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས་ཕྲུ་གུར་རིམས་འགོག་སྨན་ཁབ་རྒྱག་གི་ཡོད་པས་ཐོ་འགོད་པ་ནས་རིམས་འགོག་སྨན་ཁབ་རྒྱག་པ་དང་དེ་ནས་ལྟ་ཞིབ་མཇུག་འགྲིལ་བའི་བར་ཆུ་ཚོད་གཅིག་ལས་འགོར་གྱི་མི་འདུག ད་ཆ་སྒོ་འགྲམ་དུ་སྨན་ཁང་ཆེན་པོ་འདི་འདྲ་ཡོད་པས་ཕྲུ་གུར་ནད་ལྟ་བ་དང་རིམས་འགོག་སྨན་ཁབ་གཟེད་པར་ཧ་ཅང་སྟབས་བདེ་པོ་འདུག དེ་དང་ཆབས་ཅིག་ང་ཚོའི་འཚོ་བའང་སྟབས་བདེ་རུ་ཕྱིན་འདུག”ཅེས་སྣེའུ་ཁུལ་གསར་ཧའེ་ལེའང་དུས་རབས་གྲོང་གསར་དུ་སྡོད་མཁན་རྒན་ཡོལ་ཞུས་པའི་རྒན་མོ་ཆོས་སྒྲོན་གིས་དེ་ལྟར་བརྗོད།

    ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་ཡོད་པའི་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་ནི་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་གཞུང་བཙུགས་ཀྱི་བུད་མེད་དང་བྱིས་པའི་ཆེད་ཚན་སྨན་ཁང་ཞིག་རེད། སྨན་ཁང་གི་སྒྲིག་ཆས་སྔོན་ཐོན་ཡིན་པའི་ཁར་ཚན་ཁག་ཕུན་སུམ་ཚོགས་པ་དང་། ཁོར་ཡུག་སྐྱིད་སྣང་དོད་པ། བྱེད་ནུས་འཐུས་སྒོ་ཚང་བས་མ་བུ་བདེ་སྲུང་དང་། བྱིས་པའི་སྨན་བཅོས། བུད་མེདཀྱི་ནད་དང་བུ་བཙའ་སྨན་བཅོས་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་གྱི་བུད་མེད་དང་བྱིས་པའི་སྨན་བཅོས་དང་བདེ་སྲུང་ལྟེ་གནས་ཤིག་རེད། 2020ལོའི་ཟླ་10ཚེས་1ཉིན། ཚོད་ལྟའི་གཉེར་སྐྱོང་བྱས་ཚུན། སྨན་ཁང་དེས“བདེ་སྲུང་ལྟེ་བར་འཛིན་པ་དང་སྐྱེ་འཕེལ་བདེ་ཐང་འགན་སྲུང་བྱ་རྒྱུ་དམིགས་སུ་འཛིན་ནས་བདེ་སྲུང་དང་ནད་ཐོག་སྨན་བཅོས་ཟུང་འབྲེལ་བྱས་ཏེ་ཚོགས་སྤྱི་དང་གཞི་རིམ་ལ་ཁ་ཕྱོགས་པ་དང་སྔོན་འགོག་གཙོ་བོར་བྱེད་པའི”མ་བུའི་འཕྲོད་བསྟེན་ལས་དོན་གྱི་བྱེད་ཕྱོགས་ལྟར་ཚོད་ལྟའི་འཁོར་རྒྱུག་བྱེད་རིང་སྨན་བཅོས་བདེ་སྲུང་དང་རིམས་འགོག་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་དོན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད་ལ། ཞིང་ཆེན་དང་པུའུ་མཉམ་སྐྲུན་དང་དེ་བཞིན་ལྗོངས་ནང་ཁུལ་གྱི་ཐོན་ཁུངས་བསྡུ་སྒྲིལ་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

    རིམས་འགོག་སྨན་ཁབ་རྒྱག་སའི་སྒོ་བསྟེན་ལས་དོན་མི་སྣ་བློ་བཟང་སྙན་གྲགས་ཀྱིས་ངོ་སྤྲོད་བྱས་དོན། 2021ལོའི་ཟླ་2པ་ནས་བཟུང་། སྨན་ཁང་གི་སྔོན་འགོག་ཁབ་རྒྱག་སྒོ་བསྟེན་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད། 2021ལོའི་ཟླ་7ཚེས་13ཉིན་ནས་བཟུང་། སྒོ་བསྟེན་སྨན་ཁང་གིས་རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་དང་རིམས་འགོག་མིན་པའི་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་རྒྱག་གི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས་འདི་ལོའི་ཟླ་1ཚེས་7ཉིན་ནས་དངོས་སུ་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་པ་དང་། ཟླ་3ཚེས་27ཉིན་ནས་བཟུང་། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། དངོས་ཡོད་ཀྱི་དགོས་མཁོ་གཞིར་བཟུང་། ཐོ་འགོད་ལས་སྟེགས་10དང་། རིམས་འགོག་སྨན་ཁབ་རྒྱག་ས་10 ལྟ་ཞིབ་ཁང་3 མྱུར་སྐྱོབ་ཁང་2བཙུགས་ཏེ་སྨན་དོན་མི་སྣ་60ལྷག་ཙམ་བཀོད་སྒྲིག་བྱས་ཡོད། མིག་སྔའི་བར། སྨན་ཁང་དེས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྐང་ཁྲི་8ལྷག་ཙམ་བརྒྱབ་པ་དང་མི་མང་ཤོས་ཀྱི་སྐབས་སུ་ཉིན་རེར་སྨན་ཁབ་རྐང་2200ལྷག་ཙམ་བརྒྱབ་ཀྱི་ཡོད་པ་རེད།

    རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤུན་ཟླའི་སྨན་ཁང་གི་སྔོན་ཐོན་ཉམས་མྱོང་དང་། སྒྲིག་སྲོལ། དེ་བཞིན་ལམ་ལུགས་སོགས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བརྒྱུད། རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས་སྨན་བཅོས་བདེ་ཐང་གི་སྒྲིག་སྲོལ་ལམ་ལུགས་ཁག་བཟོས་ཏེ་སྨན་ཁང་གི་སྨན་བཅོས་བདེ་འཇགས་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྨན་བཅོས་བདེ་འཇགས་ཐད“མི་ཐོན་པ་གསུམ”འགན་ལེན་བྱས་ཡོད། སྒོ་བསྟེན་སྨན་ཁང་གི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ནད་ཐོག་སྨན་བཅོས་སྨན་པའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ། རིགས་གཅིག་མཁས་ཅན་གདན་དྲངས་པ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྨན་དོན་མི་སྣ་ཡོངས་ལ་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་མི་འཕྲོད་པ་དང་། ཐག་གཅོད་བྱེད་སྟངས་དང་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་བཀོལ་སྤྱོད་བྱེད་སྟངས་སོགས་གསོ་སྦྱོང་བྱས་ཏེ་མྱུར་སྐྱོབ་བྱ་ཐབས་དང་བརྒྱུད་རིམ་ཚད་ལྡན་དུ་བཏང་ཡོད། སྨན་ཁང་ཡོངས་ཀྱི་ནད་ཐོག་སྨན་བཅོས་ཀྱི་སྨན་པར་ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱར་དཔྱད་ཞིབ་དང་CPRསོགས་གཞི་རྩའི་རྩལ་ནུས་བཀོལ་སྤྱོད་ཀྱི་གསོ་སྦྱོང་བྱས་པས་སྨན་དོན་མི་སྣའི་ནད་པ་མྱུར་སྐྱོབ་ཀྱི་འཕྲལ་སྡོམ་འཇོན་ཐང་ཆེ་རུ་བཏང་ཡོད། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དང་། ལྷ་ས་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་བཅས་ཀྱི་སྦྲིད་སྨན་དང་། བུད་མེད་ཀྱི་ནད་དང་བུ་བཙའི་ཚན་ཁག བྱིས་པའི་ཚན་ཁག་སོགས་སུ་སྔ་རྗེས་སུ་སྨན་པ་14སློབ་སྦྱོང་བྱེད་པར་མངགས་ཡོད། ནད་སྐྱོང་པུའུ་རུ་ནད་སྐྱོང་སྤུས་ཚད་ཚོད་འཛིན་ཚོགས་ཆུང་6བཙུགས་ནས་སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་བཟོས་པ་མ་ཟད། ཟླ་རེར་སྤུས་ཚད་ཚོད་འཛིན་གྱི་བརྡ་ཁྱབ་བཏང་བ་དང་དབྱེ་ཞིབ་བྱེད་ཀྱི་ཡོད། མིག་སྔར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཆོག་པའི་ཐོབ་ཐང་ཡོད་པའི་སྨན་དོན་མི་སྣ་41ཡོད། འགོས་ནད་ཚན་ཁག་གིས་ནང་ངོས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཚན་ཁག་གི་ལས་དོན་མི་སྣའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་སྤུས་འབོར་གཉིས་ལྡན་ངང་ལས་དོན་དང་ལས་འགན་ཁག་ལེགས་སྒྲུབ་བྱས་པ་དང་། གཞན་ཡང་སྨན་བཅོས་འགན་བཅོལ་དང་། གློག་པར། སྨན་རྫས་སོགས་ཚན་ཁག་གིས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།