དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་ཡིག་རིས་མཉམ་འབྲེལ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-04

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་ཆེད། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཨན་ཧུའེ་ཞིང་ཆེན་ལིང་པེས་རྫོང་སྲིད་གྲོས་དང་མཉམ་དུ་ལྷོ་ཁ་གྲོང་ཁྱེར་ཚན་རྩལ་རིག་གནས་ལྟེ་གནས་སུ“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད”ཅེས་པའི་ཡིག་རིས་མཉམ་འབྲེལ་འགྲེམས་སྟོན་གཉེར་ནས། རྒྱ་བོད་རིག་གནས་སྒྱུ་རྩལ་སྤེལ་རེས་ལ་སྐུལ་འདེད་བཏང་བ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་ཡང་བརྩམས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡིག་རིས་མཉམ་འབྲེལ་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པའི་བརྩམས་ཆོས་རྩེ་གྲ་100དེ་དག་ནི་ཡིག་གཟུགས་དང་རི་མོ་མཁས་ཅན་ཚོས་མང་ཚོགས་ཁྲོད་བསྐྱོད་དེ། ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ཕྱག་རྟགས་སུ་འབུལ་བར་དམིགས་ཏེ་གསར་རྩོམ་ཞིབ་ཚགས་བྱས་པ་ཤ་སྟག་རེད། བརྩམས་ཆོས་དེ་དག་ནང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་རི་མོ་དང་ཚ་ཚ་འུར་འུར་གྱི་ལག་ལེན་མཚོན་པ་མ་ཟད། རླབས་ཆེན་གྱི་ཏང་དང་མེས་རྒྱལ་དང་། མཛེས་སྡུག་ལྡན་པའི་དུས་རབས། བདེ་སྐྱིད་ལྡན་པའི་འཚོ་བ་བཅས་ལ་བསྟོད་གླུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།