དབུ་ཤོག>ཆེད་སྒྲིག
  • ཆུ་ཤུར་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞི་རིམ་སྒྲོག་འགྲེལ་བར་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-08-04

    གཞི་རིམ་གྱི་རྐང་འཛིན་སྒྲོག་འགྲེལ་བའི་སྒྲོག་འགྲེལ་ཆུ་ཚད་མཐོ་རུ་བཏང་བ་དང་སྒྲོག་འགྲེལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་དུས་རབས་གསར་པའི་གོམ་སྟབས་ཀྱི་རྗེས་སུ་སྙེག་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཞི་རིམ་གྱི་སྒྲོག་འགྲེལ་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། རྫོང་དེའི་གཞི་རིམ་རྐང་འཛིན་སྒྲོག་འགྲེལ་བ་40དང་དེ་བཞིན་ཤང(གྲོང་རྡལ)གི་དྲིལ་བསྒྲགས་ཨུ་ཡོན་6གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

    གསོ་སྦྱོང་བྱེད་རིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཅིག་ལྕོགས་བཀྲ་ཤིས་སྟོབས་རྒྱལ་དང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་ཆབ་སྲིད་དང་བཟོ་ལས་ཚན་ཁག་གི་ཁོའོ་ཀྲང་གཞོན་པ་ཉི་མ་བསྟན་འཛིན་གྱིས་སྔ་རྗེས་སུ་གསོ་སྦྱོང་ལ་ཞུགས་མཁན་ལ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་དང་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་འཆད་ཁྲིད་བྱས་པ་རེད།

    གསོ་སྦྱོང་མཇུག་འགྲིལ་རྗེས། ཆུ་ཤུར་རྫོང་གིས་ད་དུང་ད་ཐེངས་ཀྱི་གསོ་སྦྱོང་ལ་ཞུགས་མཁན་རྣམས་སྒྲིག་འཛུགས་བྱས་ཏེ་སྙེ་མོ་རྫོང་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་དུར་མཆོད་དང་དེ་བཞིན་ལྟ་སྐོར་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།