དབུ་ཤོག>ཆེད་སྒྲིག
  • ཙའུ་པི་ཧྭ། ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས་ཁྲིམས་སྐྱོང་གི་སྙིང་སྟོབས་བརྟན་པོར་བསྲུངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཅུས་ཡུན་ཕེང་།   |     སྤེལ་དུས།  2021-08-03

    887595_yis_1627920000000_s.jpg

    འདི་ནི་ཙའུ་པི་ཧྭའི་འདྲ་པར་ཡིན་པ།

    (དཔྱད་གཞིའི་པར་རིས)

    ཙའུ་པི་ཧྭ། སྐྱེས་པ། རྒྱ་རིགས། 1967ལོའི་ཟླ་དང་པོར་འཁྲུངས། 1999ལོའི་ཟླ་5པར་ཏང་ལ་ཞུགས། དེ་སྔ་ཧྲང་ཧའེ་གྲོང་ཁྱེར་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པའི་འགན་འཁུར་མྱོང་། 1988ལོར་པེ་ཅིང་སློབ་ཆེན་བཅའ་ཁྲིམས་ཚན་ཁག་ནས་མཐར་ཕྱིན་རྗེས་ཧྲང་ཧའེ་ཁྲིམས་ཁང་ཁོངས་གཏོགས་སུ་བགྲང་བྱ་26ཕྱག་ལས་གནང་། “ངེས་པར་དུ་བཟང་ངན་ཤེས་མཁན་གྱི་ཁྲིམས་དཔོན་ཞིག་བྱེད་དགོས”ཞེས་པ་ནི་ཁོང་གི་ཚེ་གང་གི་བསྲུང་བྱའི་གདམས་ངག་རེད།

    2014ལོའི་ཟླ་7པར། ཧྲང་ཧའེ་ཡིས་རྒྱལ་ཡོངས་ཀྱི་སྔོན་དུ་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ། སྐབས་དེའི་ཧྲང་ཧའེ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཞུང་ལས་ཁང་གི་ཀྲུའུ་རེན་ཙའུ་པི་ཧྭ་ནི་ཧྲང་ཧའེ་ཡི་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཇུས་གཞི་འགོད་མཁན་གཙོ་བོའི་གྲས་ཤིག་ཏུ་གྱུར།

    འདྲི་གཅོད་དབང་ཆ་སྤྱོད་པའི་ལམ་སྲོལ་སྒྱུར་བཅོས་བྱེད་སྐབས། ཁྲིམས་དཔོན་གྱིས་ཁྲིམས་ལྟར་རང་ཚུགས་དང་འདྲ་མཉམ་འདྲི་གཅོད་ལ་འགན་ལེན་བྱེད་པ་དང་ཆབས་ཅིག ཁྲིམས་དཔོན་གྱིས་རང་དབང་གཅོད་འདེམས་དབང་ཆ་གང་བྱུང་དུ་སྤྱོད་པ་སྔོན་འགོག་བྱས་ཏེ“དབང་ཆ་རླུང་ཙིའི་ནང་འཇུག”ཆེད། ཙའུ་པི་ཧྭ་ཡིས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་གཞུང་ལས་ཁང་གི་ཚོགས་པའི་སྣེ་ཁྲིད་དེ་དབང་ཆ་སྤྱོད་སྐབས་མིག་མཐོང་ལག་ཟིན་ཡོད་པའི་ཇུས་འགོད་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་དཔོན་གྱི་ཁྱབ་ཚུལ་དང་མི་ཤུགས་ཐོན་ཁུངས་ཀྱི་གཏོང་ཆ་དངོས་ལ་བརྟག་ཞིབ་བྱས་ཏེ“གྱོད་གཞིའི་དབང་ཟློས་བཏགས་གྲངས”ཐོག་མར་བཏོད་ནས་ཚན་རིག་དང་མཐུན་པའི་ངང་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་དཔོན་གྱི་གྱོད་གཞི་སྒྲུབ་གཉེར་སྤུས་ཚད་དང་ཕན་འབྲས་ལ་དབྱེ་ཞིབ་བྱས་པ་རེད།

    ལས་རོགས་ཁག་གཅིག་གིས་ཙའུ་པི་ཧྭར“གཟབ་གཟབ་བྱས་ན་མ་གཏོགས་མི་གཞན་ལ་ཁ་དགྲ་བསགས་ཡོང”ཞེས་ཁ་ཏ་བྱེད་སྐབས། ཁོང་གིས“སྒྱུར་བཅོས་བྱས་ཕྱིན་ཁེ་ཕན་ལ་མ་ཐུག་པ་དང་རྩོད་གཞི་མི་ཡོང་བ་ག་ལ་སྲིད། འགན་འཁྲི་ཡོད་དུས་ངེས་པར་འགན་འཁུར་དགོས”ཞེས་གསུང་མྱོང་ཡོད།

    ཙའུ་པི་ཧྭ་དང་ཁོང་གི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཚོགས་པས་འཐབ་ས་དང་པོར་སྔ་བར་ཕྱི་གསུམ་དུ་འབད་འཐབ་བྱས་ཏེ་ཧྲང་ཧའེ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་གཞུང་ལས་ཁང་དུ་རྟག་ཏུ་གློག་བཞུའི་འོད་ཆད་མྱོང་མེད། 2014ལོའི་ཟླ་12ཚེས་10ཉིན། བློ་མཐུན་ཙའུ་པི་ཧྭ་ཕྱག་ལས་གནང་སྐབས་གློ་བུར་དུ་སྙིང་ནད་ལངས་ཏེ་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་གཞུང་དོན་དུ་གྲོངས་ཤིང་། དགུང་ལོ་47རེད།

    ཙའུ་པི་ཧྭ་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། “སྒྱུར་བཅོས་ཀྱི་གདོང་ལེན་པ”“འབད་འཐབ་པ་ཡག་ཤོས”“དུས་རབས་ཀྱི་མིག་དཔེ”“རྒྱལ་ཡོངས་ཀྱི་དཔེ་བཟང་ཁྲིམས་དཔོན”སོགས་ཀྱི་མཚན་སྙན་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།