དབུ་ཤོག>ཆེད་སྒྲིག
  • རི་གཟར་གྲོག་རོང་དུ་གནས་པའི་དེང་རབས་གྲོང་གསར་གྱི་རྣམ་པ་གསར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤུའེ་ཝུན་ཤན་དང་ཁྲེན་ཧྲང་ཚའེ།   |     སྤེལ་དུས།  2021-08-01

    854885_yis_1627747200000_s.jpg

     འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡིན་པ།

    854879_yis_1627747200000_s.jpg

     འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གྱི་གྲོང་མི་གཡང་སྐྱིད་ཀྱིས་ཁྱིམ་གསར་པའི་ནང་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    854883_yis_1627747200000_s.jpg

     འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གྱི་གཞུང་ལམ་ཐོག་རླངས་འཁོར་སྐྱོད་བཞིན་པ།

    854881_yis_1627747200000_s.jpg

     འདི་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གྱི་ཇ་རྟའི་ཐང་ཆེན་ཡིན་པ།

    “དེ་སྔོན་ས་དང་ཤིང་ལས་གྲུབ་པའི་ཁང་པ་ཡིན་པ་དང་འགྲིམ་འགྲུལ་ཡང་ཡག་པོ་མེད་པའི་ཁར་རྒྱུན་དུ་ཆུ་དང་གློག་ཀྱང་ཆད་ཀྱི་ཡོད་པས་འཚོ་བ་ཧ་ཅང་སྟབས་བདེ་པོ་མེད”ལོ་56ལ་སླེབས་པའི་གཡང་སྐྱིད་ཀྱིས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དུ་ཚེ་གང་འཚོ་བ་བསྐྱལ་ནས་བསྡད་པས་གྲོང་ཁྱེར་གྱི་འགྱུར་ལྡོག་གླེང་སྐབས་ཁོང་གིས་མྱོང་ཚོར་ཟབ་མོས“ད་ཆ་ང་ཚོ་ཚང་མ་ཐོག་བརྩེགས་ཅན་གྱི་ཁང་པའི་ནང་སྤོས་པ་དང་། སྒོ་རྩར་སྒོ་རྩིས་ཚོང་ཁང་དང་སྨན་ཁང་ཡོད་ལ་ད་དུང་མི་རྣམས་འཆམ་འཆམ་བྱེད་སའི་རྐང་ཐང་ཐང་ཆེན་ཞིག་ཀྱང་ཡོད”ཅེས་བརྗོད།

    བོད་ལྗོངས་ཆབ་མདོ་ནི་གངས་ལྗོངས་ས་མཐོའི་ཤར་རྒྱུད་དུ་གནས་པ་དང་། ཤར་སི་ཁྲོན་དཀར་མཛེས་དང་། ལྷོ་ཡུན་ནན་བདེ་ཆེན། བྱང་མཚོ་སྔོན་ཡུལ་ཤུལ་བཅས་དང་འབྲེལ་ཡོད་པས“བོད་ཤར་རྒྱུད་ཀྱི་མུ་ཏིག”དང“བོད་ཀྱི་ཤར་སྒོ”ཞེས་འབོད་ཀྱི་ཡོད། གནའ་སྔ་མོ་ནས་བཟུང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ནི་བོད་ཤར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་ཡིན་པ་དང་ཇ་རྟའི་གནའ་ལམ་ཐོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཚོང་པ་རྣམས་འདིར་འདུས་ཏེ་ངལ་གསོས་རྗེས་ལམ་ལ་ཆས་ཀྱི་ཡོད།

    འོན་ཀྱང་རི་ཁུག་དང་གྲོག་རོང་དུ་གནས་པས་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཁར་ལུགས་མཐུན་གྱི་འཆར་འགོད་མེད་པ་སོགས་ཀྱིས་རྐྱེན་པས་དུས་ཡུན་རིང་པོའི་ནང་ཆབ་མདོའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པ་དང་གྲོང་ཁྱེར་གྱི་ནུས་པ་ཡང་འཐུས་སྒོ་ཚང་པོ་མེད།

    “འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་པས་ཁ་རུབ་ཆུས་ཀྱི་འཕེལ་རྒྱས་འགྱངས་མི་རུང་ལ་འཕེལ་རྒྱས་སྒུག་ནས་བསྡད་ན་དེ་བས་མི་འགྲིག” 2012ལོར་བོད་རང་སྐྱོང་ལྗོངས་ཀྱིས་ཆབ་མདོའི་ལས་དོན་ཚོགས་འདུ་འཚོགས་ནས་རྣམ་གྲངས་དང་མ་དངུལ་སོགས་ཐད་གཟིགས་སྐྱོང་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་གྱི་རེས་སྐོར་གསར་པའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ཀྱི་ལས་གྲྭ་སྤེལ་འགོ་ཚུགས་ཡོད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཧོ་དབྱིང་ཀྲང་གིས། ཁྲེང་ཀོན་གྲོང་རྡལ་རི་དང་ཆུ་བོས་སྐོར་བ་དང་སྤྱོད་གོ་ཆོད་པའི་ཐང་ཞིང་མང་པོ་མེད་པའི་དབང་གིས་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ལས་གྲྭའི་ཐད་དང་ཐོག་ལག་བསྟར་བྱེད་དགོས་པ་ནི་མང་ཚོགས་སྐུལ་སློང་བྱས་ནས་བཤིག་སྤོ་དང་ས་ཁོད་སྙོམས་རྒྱུ་དེ་རེད་ཅེས་ངོ་སྤྲོད་བྱས།

    དེང་རབས་གྲོང་ཁྱེར་གྱི་ངེས་གནས་གཞིར་བཟུང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ཏེ་རྒྱལ་ནང་གི་འཆར་འགོད་ཚན་པ་མང་པོ་ཞིག་ལ་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་། མི་འབོར་གྱི་གཞི་ཁྱོན། ནུས་པའི་རྒྱབ་ལྗོངས་ཀྱི་ཁྱད་ཆོས་བཅས་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བྱ་རྒྱུའི་མངགས་བཅོལ་བྱས་ཡོད།

    “མིག་སྔར་ཚོང་ལས་ལྟེ་གནས་ཡིན་པའི་བོད་ལྗོངས་ཆབ་མདོ་ཐང་དང་། སྲིད་འཛིན་ལྟེ་གནས་ཡིན་པའི་ཡུན་ནན་ཐང་། རིག་གནས་ལུས་རྩལ་ཁུལ་ཡིན་པའི་སྟག་རྩྭ་ཐང་། ཟོག་འགྲེམས་ལྟེ་གནས་ཡིན་པའི་སི་ཁྲོན་ཐང་བཅས་ཀྱི་ནུས་པའི་ངེས་གནས་སྔར་བས་ཁ་གསལ་དུ་ཕྱིན་ཡོད” ཧོ་དབྱིང་ཀྲང་གིས། ཁྲེང་ཀོན་གྲོང་རྡལ་སྐྲུན་པའི་བརྒྱུད་རིམ་ནང་གྲོང་ཁུལ་རྙིང་པར་སྒྱུར་བཀོད་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ད་དུང་རི་ལྡེབས་ཀྱི་གྲོང་མིའི་གནས་སྤོའི་ལས་དོན་སྤེལ་འགོ་ཚུགས་ཡོད་ཅེས་ངོ་སྤྲོད་བྱས།

    མིག་སྔའི་བར་མང་ཚོགས་དུད་ཚང་3100ལྷག་ཙམ་སྒྱུར་བཀོད་དང་གནས་སྤོ་བྱས་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་31ཡོད་པའི་འགྲོ་ལམ་27གསར་དུ་བསྐྲུན་པ། སྤྱི་གླིང་དང་ཐང་ཆེན་4གསར་དུ་བསྐྲུན་པ། གྲོང་ཁྱེར་གྱི་སྤང་ལྗོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11གསར་དུ་བསྣན་པ་བཅས་རེད།

    གཡང་སྐྱིད་ཁྱིམ་ལ་ཆི་ཁྲེ་ཁྲོམ་གཞུང་དུ་ཡོད་པའི་ཅང་ཀ་ཁུལ་ཆུང་དུ་རིན་པ་མི་དགོས་པར་རྒྱ་ཁྱོན་ལ་སྨི་ངོས་གྲུ་196.81ཟིན་པའི་ཁང་མིག་ལྔ་ཅན་གྱི་ཁང་པ་ཞིག་རག་ཡོད་ལ་ད་དུང་བཤིག་སྤོའི་ཁ་གསབ་དངུལ་སྒོར་ཁྲི་13ཀྱང་རག་ཡོད། “ད་ཆ་ཆུ་སྤྱོད་གློག་སྤྱོད་སྟབས་བདེ་འདུག་ལ་ཁུལ་ཆུང་གི་ཁོར་ཡུག་ཀྱང་གཙང་མ་འདུག”ཅེས་ཁོང་གིས་བཤད།

    ཆུ་བོ་སྒྲོལ་བའི་ཟམ་ཆེན་དེ་གྲོང་ཁུལ་གྱི་གཞུང་ལམ་དང་འཕྲེད་གཞུང་སྣོལ་མར་གནས་པ་མ་ཟད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་བོད་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་གྱི་ས་འོག་ཕུག་ལམ་དང་པོ་དེ་བཟོས་ཡོད།

    “ཕུག་ལམ་དེའི་སྤྱིའི་རིང་ཚད་ལ་སྨི་515དང་ཞེང་ཚད་ལ་སྨི་30ལྷག་ཙམ་ཡོད། ཕུག་ལམ་གྱི་སྟེང་ནི་རྐང་ཐང་ཁྲོམ་གཞུང་དང་ཚོང་ལས་ཐང་ཆེན་ཡིན་པ་དང་། ཕུག་ལམ་ནང་ཕྱོགས་གཉིས་ཀར་བསྐྱོད་ཆོག་པའི་འཁོར་ལམ་བཞི་ལྡན་གྱི་མ་ལམ་ཡོད་པས་དེའི་འཛུགས་སྐྲུན་གྱིས་ཆབ་མདོའི་ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་བཏང་ཡོད”ཅེས་ཧོ་དབྱིང་ཀྲང་གིས་བཤད།

    ལོ་27ལ་སླེབས་པའི་སི་ཁྲོན་གཡག་རྔ་བ་ཀའོ་ཡོན་གྱིས་ཅུས་ཧྲེང་ལམ་དུ་གྲང་ཚལ་ཚོང་ཁང་ཞིག་བཙུགས་པས་ཚོང་ཧ་ཅང་ཡག་པོ་འདུག ཁྲེང་ཀོན་གྲོང་རྡལ་དུ་ཟ་ཁང་བཙུགས་ནས་ལོ་8ཙམ་སོང་བས་གྲོང་ཁྱེར་དེའི་འགྱུར་ལྡོག་ཁོང་གིས་མིག་མཐོང་ལག་ཟིན་བྱུང་ཡོད“འདིར་དེ་སྔ་ལས་གཙང་ལ་མཛེས་སུའང་ཕྱིན་པས་མི་འབོར་འདུས་ཚད་ཀྱང་ཇེ་ཆེར་ཕྱིན་སོང་། ད་ཆ་ཆ་སྙོམས་ཉིན་རེར་ཚོང་གཉེར་ཡོང་འབབ་སྒོར་800ཙམ་ཟིན་གྱི་འདུག་པས་ཚོང་ཧ་ཅང་ཡག་པོ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

    བྲག་ཆུ་དང་ངོམ་ཆུའི་ངོགས་སུ་སྡོད་ཁང་དང་། ཚོང་ལས། སྤྲོ་གསེང་། རོལ་རྩེད་སོགས་ཀྱིས་ཁེངས་པ་དང་། རི་བོའི་འདབས་དང་ཆུ་བོའི་ངོགས་སུ་ཆགས་པའི་ཁྲེང་ཀོན་གྲོང་རྡལ་གྱི་རང་རང་གི་ཁྱད་ཆོས་ལྡན་པའི་སྐྲུན་དངོས་དག་ནམ་མཁའི་སྐར་ཚོགས་བཞིན་ཁ་ཐོར་དུ་གནས་ནས་རིམ་པ་ཁ་གསལ་བ་དང་ནུས་པ་ཆ་ཚང་བས་རི་ཆུ་དང་ཞིང་སྡེའི་གྲོང་ཁྱེར་ཞིག་མིག་ལམ་དུ་མངོན་འོང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།