ཀྲུང་གོ་གུང་ཁྲན་ཏང་སྐོར་གྱི་རྨང་གཞིའི་ཤེས་བྱ། (4)
【“རླབས་ཆེན་བཞི”】
【གདེང་ཚོད་བཞི】
རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་སོ།
འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སོ།
【ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་འགན་ཨང་དང་པོ】
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་འཚམ་པ། རྒྱུན་མཐུད་འཚོལ་ཞིབ་དང་མུ་མཐུད་འབད་འཐབ་བཅས་བྱས་ནས། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་དེ་བས་ཆེ་བ་མངོན་པར་བྱེད་པ་དེ་ཡིན།
【ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་གཙོ་བོ】
ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་སྲུང་ཞུ་བའི་འགན་ལེན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དེ་ཡིན།
【ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་གཙོ་བོ】
ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པ་དེ་ཡིན།
【ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐའ་མའི་དམིགས་ཡུལ】
ཏང་གི་ཕུགས་བསམ་ཆེ་ཤོས་དང་མཐའ་མའི་དམིགས་ཡུལ་ནི་གུང་ཁྲན་རིང་ལུགས་མངོན་འགྱུར་བྱ་རྒྱུ་དེ་ཡིན།
【ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ】
འཕེལ་རྒྱས་ནི་རང་རེའི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་ཨང་དང་པོ་དེ་ཡིན།
【ཏང་འཛུགས་སྐྱོང་གི་གཞི་རྩའི་བླང་བྱ་ཁག་ལྔ】
དང་པོ། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་།
གཉིས་པ། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། དམ་པ་དོན་གཉེར་བཅས་མཐའ་འཁྱོངས་བྱེད་པ།
གསུམ་པ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ།
བཞི་པ། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ།
ལྔ་པ། ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་སོ།
【ཏང་གི་བསམ་བློའི་ལམ་ཕྱོགས】
ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། དངོས་ཐོག་བདེན་འཚོལ་བཅས་བྱས་ཏེ། ལག་ལེན་ཁྲོད་ནས་བདེན་དོན་ལ་ཞིབ་དཔྱད་དང་བདེན་དོན་འཕེལ་རྒྱས་གཏོང་དགོས་པ་དེ་ཡིན།
【དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས】
དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། རྩ་འཛུགས་མ་ལག་བསྐྲུན་རྒྱུ་གཙོ་གནད་ལ་འཛིན་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་གསོ་སྐྱོང་ནུས་ལྡན་བྱེད་པ། རྒྱལ་གཅེས་དང་ལེགས་སྐྱེས་འབུལ་མཁན་ཕྱོགས་ཁག་གི་ཕུལ་བྱུང་ཤེས་ལྡན་པར་གཅིག་སྡུད་བྱེད་པ། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གོང་བཀུར། སྤྱོད་ཡོན་གཉིས་ལྡན་ཁོ་ན་བསྐོ་གཞག་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་ཡོང་བར་བྱེད་དགོས་པ་དེ་ཡིན།