
འདི་ནི་མཚོ་དམག་གྲུ་འབབ་མཁའ་སྐྱོད་དམག་དཔུང་སྡེ་ཞིག་གི་དེ་སྔའི་རིམ་པ་དང་པོའི་འཕུར་སྐྱོད་པ་ཀྲང་ཁྲའོ་ཡིན་པ། (དཔྱད་གཞིའི་པར་རིས)
ཀྲང་ཁྲའོ་ནི་1986ལོའི་ཟླ་8པར་ཧུའུ་ནན་གཡོད་དབྱང་དུ་འཁྲུངས་པ་དང་། 2004ལོའི་ཟླ་9པར་དམག་དཔུང་ལ་ཞུགས། 2009ལོའི་ཟླ་5པར་ཏང་ལ་ཞུགས། སྐུ་འཚོ་བཞུགས་སྐབས་མཚོ་དམག་གྲུ་འབབ་མཁའ་སྐྱོད་དམག་དཔུང་སྡེ་ཞིག་གི་ཡིང་རིམ་པ་རྒན་པའི་རུ་འབྲིང་དཔོན་གྱི་འགན་འཁུར་མྱོང་བ་དང་། མཚོ་དམག་གི་ཧྲའོ་ཤའོ་དམག་དཔོན་གོ་རྟགས་ལྡན་པ་དང་རིམ་པ་དང་པོའི་འཕུར་སྐྱོད་པ་རེད།
2003ལོའི་ཟླ་9པར། མཁའ་དམག་གིས་ཀྲང་ཁྲའོ་འགྲིམ་སའི་གཡོད་དབྱང་སློབ་འབྲིང་བདུན་པར་འཕུར་སྐྱོད་པ་བསྡུ་བར་ཡོང་སྐབས་ཀྲང་ཁྲའོ་ཡིས་མིང་ཐོ་བཀོད། 2004ལོའི་ཟླ་9པར། ཀྲང་ཁྲའོ་རིམ་པ་བཞིན་དཔྱད་ཞིབ་འདེམས་སྒྲུག་གི་ཚད་གཞི་ལོན་ཏེ་ལོ་དེར་སློབ་གྲྭ་ཡོངས་ནས་འཕུར་སྐྱོད་པ་འབའ་ཞིག་ཏུ་གྱུར།
2009ལོར། སློབ་གྲྭའི་གསོ་སྐྱོང་ལོ་4དང་མཚོ་དམག་མཁའ་སྐྱོད་དམག་གི་སྦྱོང་བརྡར་རྟེན་གཞི་ཞིག་ཏུ་སྦྱོང་བརྡར་ལོ་1བྱས་རྗེས། ཀྲང་ཁྲའོ་ཡིས་སློབ་གྲྭར་དགེ་རྒན་བྱས་ནས་སྡོད་པའི་གོ་སྐབས་བློས་བཏང་སྟེ་རང་འགུལ་ངང“མཚོ་མཁའི་སྲུང་དམག”ཝང་ཝུའེ་སྐུ་འཚོ་བཞུགས་སྐབས་ཀྱི་མཚོ་དམག་མཁའ་སྐྱོད་དམག་ཐོན་ཤོག་དེར་ཞུགས་རྒྱུའི་རེ་འདུན་ཞུས།
2015ལོའི་ཟླ་3པར། ཞིབ་དཔྱད་མང་པོ་བྱས་པ་བརྒྱུད། ཀྲང་ཁྲའོ་བསམ་འདུན་ལྟར་གྲུ་འབབ་གནམ་གྲུའི་དཔུང་སྡེར་ཞུགས།
གྲུ་འབབ་གནམ་གྲུའི་དཔུང་སྡེར་ཞུགས་རྗེས། ཀྲང་ཁྲའོ་ཡིས་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་དཀའ་སྤྱད་སྦྱོང་བརྡར་བྱས། 2016ལོའི་ཟླ་4ཚེས་27ཉིན། མཚོ་ཐོག་ཏུ་དམའ་མཐོངས་འཕུར་སྐྱོད་ཐེངས་གཉིས་བསྟུད་མར་ལེགས་སྒྲུབ་བྱས་རྗེས་ཀྲང་ཁྲའོ་ཡིས་ཅན་15རྟགས་ཅན་གྱི་གྲུ་འབབ་འཐབ་འཛིང་གནམ་གྲུ་བཏང་ནས་དེ་ཉིན་གྱི་འཕུར་སྐྱོད་ལས་འགན་མཇུག་ཤོས་དེ་སྒྲུབ། ཁོང་གིས་ཧ་ཅང་བྱང་ཆུབ་པའི་རྩལ་ལ་བརྟེན་ནས་གནམ་གྲུའི་འཁོར་ལོ་སར་ཚུགས་གྲབས་བྱེད་སྐབས་གནམ་གྲུར་གློ་བུར་དུ་སྐྱོན་ཤོར་བའི་བརྡ་བཏང་ཞིང་། དེ་ནི་ཅན་15རྟགས་ཅན་གྲུ་འབབ་འཐབ་འཛིང་གནམ་གྲུའི་རིམ་པ་མཐོ་ཤོས་ཀྱི་སྐྱོན་དེ་རེད། ཉེན་ཁའི་མཚམས་སུ། ཁོང་གིས་འཕྲལ་ཐག་ཆོད་པོས་དམག་འཐབ་གནམ་གྲུ་སྐྱོབ་རྩིས་བྱས་པ་དང་ནུས་ཤུགས་ཡོད་རྒུས་ཁ་བཀག་ཀྱང་གདུགས་མཆོངས་ཀྱི་གོ་སྐབས་ཡག་ཤོས་ཤོར། འཕར་ཤུགས་ཀྱིས་མཆོངས་པའི་མཐོ་ཚད་དམའ་དྲགས་པ་དང་གདུགས་ཁ་འདྲོང་ཕྱོགས་ཡག་པོ་མེད་པར་བརྟེན། ཀྲང་ཁྲའོ་གདུགས་མཆོངས་བྱས་ཀྱང་བར་སྣང་ནས་ཟགས་ཏེ་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་དཔའ་ངར་ཆེན་པོས་གྲོངས་ཤིང་། གྲོངས་དུས་ལོ་29རེད།
2006ལོའི་ཟླ་11པར། ཀྲུང་དབྱང་དམག་ཨུད་ཀྱིས་བློ་མཐུན་ཀྲང་ཁྲའོ་ལ“མཚོ་མཁའི་ཕུགས་འདུན་གྲུབ་མཁན་དམག་ཧྲག་གི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ་དང་། 2018ལོའི་ཟླ་6པར། ཀྲང་ཁྲའོ་ཀྲུང་གུང་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”ལ་བདམས་པ། 2018ལོའི་ཟླ་9པར། ཀྲུང་དབྱང་དམག་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཀྲང་ཁྲའོ་དམག་ཡོངས་ཀྱི་སྐུ་པར་འགེལ་བའི་དཔའ་བོ་དཔེ་བཟང་ལ་བདམས་པ། 2019ལོའི་ཟླ་9པར། ཀྲང་ཁྲའོ་ལ“མི་དམངས་ཀྱི་དཔའ་བོའི”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་རྗེས་སྤྲོད་བྱས་པ་རེད།